November ༡༢, ༢༠༡༤

རྩོམ་ཡིག སྙན་ངག -0 Minutes

དེ་རིང་གི་གུང་གསེང་།

འབའ་སྲས། སྔ་མིན་འཕྱི་མིན་མལ་ལས་ལངས།། ནངས་ཇ་དྲོས་ཇ་མཉམ་དུ་བྱས།། དཀར་ཡོལ་སྡེར་མ་འགའ་རེ་བཀྲུས།། ཆུང་མར་རོགས་རམ་ཉུང་ཙམ་ཐུབ།། ཕ་ཁྱིམ་ནང་ལ་མིག་རེ་ཅེར།། མདའ་རྫོང་ནང་དུ་གཏམ་རེ་བཤད།། ཞི་མོ་ཚོ་ལ་ཁ་རེ་རྩེས།། ལག་ཡོང་མེད་ཀྱང་སེམས་པ་རེད།། སྐད་འཕྲིན་རྒྱབ་ཏུ་ཐེངས་རེ་བལྟས།། གྲོགས་ཀྱིས་གྲོགས་ལ་བསྟོད་ཅིང་བསྔགས།། ངོ་དེབ་དྲ་ཚིགས་འགའ་རེར་བསྙེགས།། ང་བཟང་ཁྱོད་ངན་གཤག་རེས་བྱེད།། བུ་ཕྲུག་ཚོ་ལ་སེམས་པ་གླན།། སྙིང་གི་དམར་ཆུང་འདི་ན་ལྡིང་།། ཆུང་མར་མིག་གི་ཟུར་གྱིས་བལྟས།། མཛེས་སྡུག་ངོ་མ་འདི་ན་བཞད།། ཕྱི་རོལ་འཇིག་རྟེན་ཆེ་བ་ཡང་།། ང་ལ་བདེ་སྐྱིད་མེད་པ་མཐོང་།། རང་གི་ཁྱིམ་ཚང་ཆེས་ཆུང་ཡང་།། དགའ་སྤྲོའི་མཛོད་ཁང་ཡིན་པ་ཤེས།། ཆུང་མ་དགའ་བཞིན་ཁྲོམ་དུ་ཆས།། བུ་ཕྲུག་སྤྲོ་བཞིན་རྩེ་རུ་སོང་།། ཕ་རྒན་སྐྱིད་བཞིན་ཁྱིམ་དུ་གནས།། ཞོར་ནས་སྐད་ཆ་འདི་ཙམ་ཐལ།། ༡༡/༡༡/༡༤ ཕྱི་དྲོར་གློ་བུར་དུ། ངེད་དྲ་ཚིགས།...
དེ་ལས་མང་པ།
བསྒྱུར་རྩོམ། རྒྱ་བསྒྱུར། -0 Minutes

དངོས་ནས། ཡུལ་ལ་ལོག་འདོད།

གཞས་ཚིག ཐིང་ཁྲོད།  དབྱངས། ཐིང་ཁྲོད། ཨ་མ་ལགས། ཡང་ལོ་གཅིག་རིང་ང་ཡུལ་ལ་ལོག་ཐུབ་མ་བྱུང་། ཁྱེད་དྲན་པའི་མཚན་མོར། སེམས་གཏམ་ཞིག་ཡང་ཡང་བཤད་འདོད། ཨ་ཕ་ལགས། ད་ལྟ་ཁྱེད་བདེ་བར་གཞུགས་ལགས་སམ། སྔོན་ཆད་ངས་ཁྱེད་རང་སྡུག་ལ་སྦྱར་མྱོང་། ཨ་ཕ་ལགས། ད་ནས་ཁྱེད་ཀྱིས་ཆང་རག་མ་བཞེས་རོགས། ཐ་མག་ཀྱང་གཅོད་པར་འཚལ། ཁྱེད་གཉིས་ལ་བསྐུར་བའི་དངུལ་སྒོར། ལོངས་སྤྱོད་མི་གཟོད་པ་མི་དགོས། ད་ལྟ། བུ་ངའི་ཡོད་ཚད་ཧ་ཅང་ཕུན་སུམ་ཚོགས། ད་ནས། ང་ལ་སེམས་ཁྲལ་མ་གནང་དང་། ང་ཡིས་གཞི་ནས། སེམས་གཏིང་གི་ཁོ་མོ་རྙེད་ཡོད། མྱུར་ནས་མྱུར་མོར་། ཁོ་མོ་ཡུལ་ལ་འཁྲིད་ཡོང་ཆོག དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་ནས། ཨ་མས་བཟོས་བའི་ཟ་མ། ཟ་རྒྱུ་བྱུང་ན་སྙམ། ཅི་འདྲའི་ཞིམ་མངར་ལྡན་པའི་ཕྱིར་དྲན་ཞིག དངོས་ནས་ཡུལ་ལ་ལོག་སྟེ། ཕ་མ་དང་ལྷན་འཛོམས་བྱུང་འདོད། ག་ལེར་བཞུད་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱི་ཉིན་མཚན་ལགས། ཕ་མའི་དབུ་སྐྲའང་དཀར་པོར་གྱུར་སོང་།...
དེ་ལས་མང་པ།