འབྲོང་རྭ།

དམར་ཆུང་སྙིང་གི་དྲན་གདུང་།།

སེམས་དང་བསམ་པའི་ངོས་ལ།།

མི་འགྱུར་ཡི་གེ་བྲིས་ཡོད།།

ཡེ་ཡེ་ཡེ   ཆུང་འདྲིས་ ཆུང་འདྲིས་རྩེད་གྲོགས།

 

རྒྱ་མཚོའི་ཕ་རོལ་ཞིག་ནས།།

གླུ་ཆུང་ངག་ལ་འགུགས་བཞིན།།

སྙིང་གཏམ་རུམ་ལ་བཅུགས་ཡོད།།

ཡེ་ཡེ་ཡེ   ཆུང་འདྲིས་  ཆུང་འདྲིས་རྩེད་གྲོགས།

 

ལོ་ཟླ་རིམ་གྱིས་འདས་སོང་།།

རྒྱང་བཞུད་ས་མཐའ་འདི་ནས།།

སེམས་འཕྲིན་ཁྱེད་ལ་བསྐུར་ཡོད།།

ཡེ་ཡེ་ཡེ   ཆུང་འདྲིས་  ཆུང་འདྲིས་རྩེད་གྲོགས།

༢༠༡༤། ༠༨། ༢༨།

གསར་རྩོམ་གཞས་ཚིག་དག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད་པས་ཆོག་མཆན་མ་ཞུས་པར་གང་བྱུང་དུ་རྐུ་ཁྱེར་དང་བརྒྱུད་འགོད་བྱ་མི་ཆོག

དཔྱད་མཆན་སྤེལ།

%d