དང་པོ། ཤེས་རབ་ནི་ཡོད་ཚད་ལས་གལ་ཆེ་ཤོས་དེ་ཡིན།  

   ཡ་ཧུ་དཱ་པ་རིགས་ཀྱི་ཁྱིམ་ཚང་གིས་བྱིས་པ་རྣམས་ལ་ཆུང་དུས་ནས་དྲི་བ་འདི་འདྲ་ཞིག་འདོན་པ་ཡིན་ཏེ།གལ་ཏེ་ཉིན་ཞིག་ལ་ཁྱོད་ཀྱི་ཁང་པ་མེར་འབར་བ་ཡིན་ན། ཉེན་གཡོལ་སྐབས་སུ་ཁྱོད་ཀྱིས་དངོས་པོ་གང་ཞིག་ཁྱེར་སྲིད།བྱིས་པས་སྒོར་མོ་དང་རིན་པོ་ཆེ་ཡིན་ཞེས་ལན་བཏབ་ཚེ། ཨ་མའི་རྒྱུན་དུ་བྱིས་པར་འདི་ལྟར་སློབ་གསོ་གཏོང་བ་ཡིན་ཏེ། ཁྱོད་ཀྱིས་ཁྱེར་འོས་པ་ནི་སྒོར་མོ་དང་རིན་པོ་ཆེ་མིན་པར་ཤེས་རབ་ཡིན་ཏེ། ཤེས་རབ་ནི་སུས་ཀྱང་འཕྲོག་ཐབས་མེད་ལ། མི་ཇི་སྲིད་བར་དུ་འཚོ་བ་ཡིན་ན་ཤེས་རབ་དེ་ཙམ་དུ་ང་ཚོ་དང་ལྷན་དུ་གནས་པ་ཡིན།    


གཉིས་པ། ཁྱོད་རང་མི་ཇི་ལྟ་བུ་ཞིག་དང་འགྲོགས་ན་དེ་ལྟ་བུ་ཞིག་ཏུ་འགྱུར་བ་ཡིན།  

   ཀྲུང་གོའི་མི་དང་འདྲ་བར་ཡ་ཧུ་དཱ་པ་རིགས་ཀྱི་ཕ་མས་བྱིས་པར་སློབ་གྲྭ་འདེམ་རྒྱུ་ནི་གཙིག་ཆེན་ཏུ་འཛིན་པ་ཡིན་ཏེ། ཁོ་ཚོ་རྒྱུ་ནོར་ལ་ཕངས་སེམས་མེད་པར་བྱིས་གཉོར་ཁང་ནས་བཟུང་བྱིས་པར་ཁོར་ཡུག་དང་སློབ་གསོའི་ཁ་དབུགས་ལེགས་པའི་སློབ་གྲྭར་བསྐྱལ་བ་ཡིན་ཏེ། རྒྱུ་མཚན་ནི་སློབ་གྲོགས་ནི་མི་ཚེའི་གྲོགས་པོ་དང་ལས་གྲོགས། ཐ་ན་ཚེ་གཅིག་གི་བཟའ་ཟླར་འགྱུར་སྲིད་པས་སོ།    


གསུམ་པ། རང་ཉིད་ནི་གཞན་དང་མི་མཚུངས་བ་ཞིག་ཡིན།  

   བྱིས་པའི་རང་བཀུར་གྱི་ནུས་པ་བསྐྱེད་སྲིང་བྱ་བ་དང་། རང་ཉིད་ནི་གཞན་དང་མི་མཚུངས་པའི་མི་འཇོན་ཐང་ཅན་ཞིག་ཡིན་པ་ངོས་ཟིན་ཚེ། བྱིས་པས་ད་གཟོད་འཇིག་རྟེན་གྱི་དོན་དག་ཡག་པོ་དག་ལ་རེ་སྙེག་བྱེད་སྲིད་ལ། ཕ་མ་དང་དགེ་རྒན་གྱི་བསམ་འཆར་ལ་ཉན་ངེས། ཡ་ཧུ་དཱ་པ་རིགས་ཀྱི་བྱིས་པ་ཐམས་ཅད་ཀྱིས་རང་ཉིད་ནི་སྐྱེ་ཁུངས་དང་། དཔལ་འབྱོར་གྱི་ཆ་རྐྱེན་གང་ལའང་རག་མ་ལས་པར་གཞན་དང་མི་མཚུངས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་ལ། ལོ་གསུམ་ནས་བཟུང་སྟེ་རང་ཉིད་ཀྱིས་ནར་སོན་ཚེ་ཅི་ཞིག་བསྒྲུབ་དགོས་པ་ཤེས་ཡོད།    


བཞི་བ། སློབ་སྦྱོང་ནི་བསྐྱར་ཟློས་ཀྱི་རང་བཞིན་ཡིན།  

   ཡ་ཧུ་དཱ་པ་མིས་སློབ་སྦྱོང་ལབསྐྱར་ཟློསཞེས་བརྗོད་ཀྱིན་ཡོད་དེ། འདོན་པ་དང་། ཀློག་པ། ཉན་པ་བཅས་ནི་ཐེངས་མང་པོར་བསྐྱར་སྦྱོང་བྱས་ན་ད་གཟོད་སེམས་ལ་བརྟན་པོར་འཛིན་ཐུབ། སློབ་སྦྱོང་ལ་རྒྱུན་ཆགས་ཀྱིས་བརྩོན་པ་བྱེད་པ་ནི་ཡ་ཧུ་དཱ་པ་བྱིས་པ་སོ་སོའི་དགོས་ངེས་ཀྱི་ནུས་རྩལ་ཡིན་ལ། དེ་ནི་ལྷན་སྐྱེས་མ་ཡིན་པར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་རྗེས་སུ་གྲུབ་པའོ།    


ལྔ་བ། ཕམ་ཁ་བྱུང་བའི་རྒྱུ་རྐྱེན་ངེས་པར་དུ་བཙལ་དགོས།  

   ཝེན་ཉིན་གྱི་བུ་མོས་སྦྱང་འབྲས་ལ་སྐར ༩༨ བླངས་པ་དང་། ཀྲུང་གོའི་སློབ་གསོ་དང་འདྲ་བར་ཁོང་གིས་སྐར་གཉིས་པོ་དེ་གང་ནས་བཅག་པ་ཡིན་ཞེས་དྲིས་པ་རེད། ཁོང་གིས་བཤད་རྒྱུར།ཨ་རིའི་བྱིས་པར་མཚོན་ན་སྐར་འབྲས་དེ་ཙམ་བླངས་པ་ཡིན་ན་ཧ་ཅང་ལེགས་ཤོས་ཀྱི་གྲས་ཡིན་མོད། ཨ་རིར་འཚོ་སྡོད་བྱེད་པའི་ཡ་ཧུ་དཱ་པ་བྱིས་པས་སྐར་འབྲས་དེ་ཙམ་བླངས་ན་སྡུག་དམོད་མི་བྱེད་མོད། སྐར་མ་དེ་གཉིས་ཅིའི་ཕྱིར་ཤོར་བའི་རྒྱུ་རྐྱེན་བཙལ་རྒྱུ་ནི་ངེས་པར་བསྒྲུབ་དགོས་པའི་དོན་དག་ཅིག་ཡིནཟེར།    


དྲུག་པ། དྲི་བ་འདོན་པ་ནི་ཆེས་བཟང་བའི་གོམས་སྲོལ་ཡིན། 

   ཡིའུ་ཐེ་མིའི་ཁྱིམ་ཚང་གི་སློབ་གསོ་རུ། བྱིས་པར་ཆེས་ཐོག་མ་ནས་རིན་ཐང་གི་ལྟ་བ་མི་འདྲ་བས་རྒོལ་བ་ནི་བྱིས་པར་དོགས་སློང་གི་བསམ་བློ་བསྐྱེད་སྲིང་བྱ་ཆེད་ཡིན། དོགས་སློང་ནི་སློབ་སྦྱོང་དང་ལེགས་བཅོས་བརྒྱུད་ནས་སློབ་པ་ཡིན། རྒྱུ་མཚན་ནི་དོགས་སློང་བྱེད་པའི་གོམས་སྲོལ་འདིས་ཚེ་གང་ལ་ཕན་གདགས་ཐུབ་པ་ཡིན་ཏེ། དཔེར་ན། ཁོ་ཚོ་ནར་སོན་རྗེས་ཚོང་བར་ཆགས་པ་ཡིན་ན། ཁོ་ཚོས་རྒྱུན་པརའདི་ནི་ཆེས་ལེགས་པའི་ཚོང་རྫས་ཡིན་ནམ། ཇེ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་དམཞེས་པ་ལྟ་བུའི་དྲི་བ་འདོན་པ་ཡིན། ཕུལ་བྱུང་དུ་བྱུང་བ་ནི་མེད་ལ། ནམ་ཡང་ཡར་རྒྱས་སུ་གཏོང་རྒྱུ་ནི་ཡོད་ཅེས་པའི་སྤོབས་པ་བསྐྱེད་ན་ཕམ་ཁས་སླ་མོར་རྒོལ་མི་ཐུབ་བོ།  


 བདུན་པ། ནམ་ཡང་ཁོར་ཡུག་གསར་བ་དང་བསྟུན་པའི་གྲྭ་སྒྲིག་དགོས།  

   ཡ་ཧུ་དཱ་པ་མིས་བྱིས་པ་ཁོར་ཡུག་གསར་བར་བསྟུན་རྒྱུ་གཙིག་ཆེན་ཏུ་འཛིན་པ་ཡིན་པས་ན། བྱིས་པ་ཁོར་ཡུག་གསར་བ་དང་རྒྱལ་ཁབ་གཞན་གང་དུ་སོང་ནའང་། ཁོ་ཚོ་ནི་གཞན་དང་བསྡུར་ན་ཡར་བསྐྱེད་ཀྱི་སེམས་དང་སློབ་སྦྱོང་གི་ནུས་པ་ལྡན།   


  བརྒྱད་པ། བརྩོན་པ་བསྐྱེད་ན་གྲུབ་འབྲས་འབྱུང་བ་ཡིན། 

   རྒྱུ་ནོར་དང་གྲུབ་འབྲས་ནི་ཡ་ཧུ་དཱ་པ་རིགས་ཀྱིས་གཡོལ་བར་བྱེད་པའི་གླེང་གཞི་མིན་ཏེ། སྐྱེས་བུ་དམ་པ་རྒྱུ་ནོར་ལ་དགའ་ཡང་དེ་ལ་རྩ་དོན་ཡོད་ཞེས་པར་ཡིད་ཆེས་ཡོད། ཡ་ཧུ་དཱ་པ་རིགས་ནི་འཛམ་གླིང་སྟེང་གི་ཆེས་སྤྱང་གྲུང་ལྡན་པའི་ཚོང་བ་ཡིན་ལ། རྒྱུ་ནོར་བཙལ་རྒྱུ་ནི་ཡིའུ་ཐེའི་མི་སོ་སོའི་ངེས་པར་སློབ་དགོས་པའི་ཐབས་རྩལ་ཞིག་ཡིན། དེའི་རྐྱེན་གྱིས་ཡ་ཧུ་དཱ་པ་བྱིས་པར་ཆུང་དུས་ནས་བཟུང་བརྩོན་པ་བསྐྱེད་ན་འབྲས་བུ་ཡོད་ཅེས་པའི་ལྟ་བ་རྒྱུད་དུ་གྲུབ་པར་བྱས་ཡོད། དཔེར་ན། བྱིས་པས་ཕ་མར་ཁྱིམ་ལས་ལས་རོགས་བྱས་ནའང་འོས་འཚམ་གྱི་གླ་ཆ་རག་ཐུབ། འོན་ཀྱང་རང་ཉིད་ཁང་བར་གཙང་སྦྲ་བྱེད་པའམ་གོན་པ་བཀྲུ་བ་ལ་གླ་ཆ་མེད་པ་ནི་སྨོས་མ་དགོས། ན་ཚོད་ཆེར་བསྐྱེད་པ་དང་སྦྲགས། ཁོ་ཚོའི་ལས་རིགས་མི་འདྲ་བ་སོ་སོར་དེ་དང་མཐུན་པའི་གླ་ཆ་རག་གིན་ཡོད། དེ་དང་འདྲ་བར་རྒྱུགས་འབྲས་སྔོན་མ་ལས་ལེགས་པར་བླངས་ན་ཡང་། ཆུང་བབྱིས་པ་ལེགས་པོ་རེདཟེར་བའི་ཤོག་བྱང་དང་། ཆེ་བ་གྱ་ནོམ་པའི་དགོང་ཟས་དང་ལེགས་སྐྱེས་སོགས་རག་གི་ཡོད་དོ།   

   ཁ་བྱང་ཕྱི་མོ། ཡ་ཧུ་དཱ་པ་རིགས་ནི་ཅིའི་ཕྱིར་འགྲན་ཟླ་དང་བྲལ་བ་ཞིག་ཡིན།

(རྩོམ་འགན་པ། ལྷ་དབང

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading