November ༡༨, ༢༠༡༤

གསར་འགྱུར། -0 Minutes

བོད་དུ་ལོ་ཁྲི་སྔ་རྗེས་སུ་མིའི་རིགས་ཡོད་པ་གསར་རྙེད།

ལོ་ངོ་ཁྲི་ཡི་སྔ་རྗེས་སུ་མཚོ་སྔོན་པོ་གཤོང་ས་རུ་མིའི་རིགས་འགུལ་སྐྱོད་བྱས་པ་གསར་རྙེད་བྱུང་། ༢༠༡༤ ལོའི་རྒྱལ་ཁབ་རིག་དངོས་ཅུའུ་ཆོག་མཆན་ཐོབ་པའི་མཚོ་བོད་མཐོ་སྒང་གི་གནའ་རྫས་སྔོག་འདོན་གྱི་ལས་གཞི་དེ་ལན་གྲུ་སློབ་ཆེན་གྱིས་གཙོ་སྒྲུབ་མཛད་དེ་ཉེ་ཆར་མཇུག་སྒྲིལ་ཡོད། སྔོག་འདོན་གྱི་ལས་དེ་ནི་མཚོ་སྔོན་པོའི་ལྷོ་འགྲམ་གྱི་གནས ༡༥༡ ནས་བྱས་པ་ཡིན་ལ། དེ་ལས་ལོ་ངོ་ཁྲི་ཡི་སྔ་རྗེས་དང་ལོ་ངོ ༨༥༠༠ སྔ་རྗེས་སུ་གནའ་བོའི་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་པ་གསར་རྙེད་བྱུང་། ལོ་ངོ་ཁྲི ༡.༥ སྔ་རྗེས་སུ་མཚོ་སྔོན་པོ་གཤོང་ས་རུ་མིའི་རིགས་ཀྱི་འགུལ་སྐྱོད་བྱུང་བ། གནའ་རྫས་རྟོག་དཔྱོད་པའི་ཞིབ་འཇུག་གི་འབྲས་བུར་གཞིགས་ན། ད་ནས་ལོ་ངོ་ཁྲི་གཉིས་ཀྱི་སྔ་རྗེས་ཏེ་ཆེས་འཁྱག་པའི་དར་གྱི་དུས་སྐབས་སུ་མཚོ་བོད་མཐོ་སྒང་གི་ལྟེ་བར་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་དེ། དེའི་ཡིད་རྟོན་རུང་བའི་བདེན་དཔང་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་གི་མཚམས་ཏེ་མཚོ་སྔོན་པོ་གཤོང་ས་ནས་ཐོན་པ་ཡིན། ད་ནས་ཡར་བརྩིས་པའི་ལོ་ཁྲི ༡.༥ ཡི་སྔ་གཞུག་གི་རྔོན་རྒྱག་པའི་གནའ་མིས་མཚོ་སྔོན་པོ་གཤོང་ས་རུ་དུས་ཚིགས་ལྟར་གྱི་འཚོ་བ་རོལ་མྱོང་ལ། ལོ་ངོ ༨༠༠༠ གྱི་ཡར་སྔོན་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཇེ་དྲག་དུ་སོང་ལ། དེ་ནི་མཚོ་ངོས་ལས་མཐོ་ཚད་སྨི ༤༠༠༠ ཡན་གྱི་མཚོ་སྔོན་པོ་གཤོང་སའི་ལྟེ་བར་བྱུང་བ་ཡིན། རིག་དངོས་བརྟག་དཔྱད་ཀྱི་མཇུག་འབྲས་ལྟར་ན། རྡོ་ཆས་གསར་བའི་སྐབས་སུ་གཞི་རྒྱ་ཆེ་བའི་མི་ཚོགས་མཚོ་བོད་མཐོ་སྒང་དུ་གཏན་སྡོད་བྱས་པ་ནི་ཡང་ཧྲོའི་དུས་མཇུག(仰韶晚期)གམ་དེ་ལས་ཅུང་ཟད་འཕྱི་བ་ཡིན་སྲིད་ལ། ད་ལྟའི་མི་ཚོགས་ཀྱི་རྒྱུད་འདེད་རིག་པའི་ཞིབ་འཇུག་ལྟར་ན་ཡང་ད་ནས་ཡར་བརྩིས་པའི་ལོ་ངོ་ཁྲི་གཉིས་ཀྱི་ཡར་སྔོན་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་སྲིད་ལ། གཞི་རྒྱ་ཆེ་བའི་མི་ཚོགས་མཚོ་བོད་མཐོ་སྒང་དུ་ཁྱབ་པ་ནི་ད་ནས་ཡར་བརྩིས་པའི་ལོ་ངོ་དྲུག་སྟོང་གི་རྗེས་སུ་བྱུང་བ་རེད། གཞི་རྒྱུའི་ཞིབ་འཇུག་གི་ཐབས་ལམ་ལ་གནད་དོན་མང་པོ་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་རྡོ་ཆས་གསར་རྙེད་ཀྱི་གནས་ནི་ས་ངོས་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་རྐྱེན། ལོ་ཚིགས་ཐག་གཅོད་དཀའ་བར་མ་ཟད་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ལོ་རྒྱུས་ཐད་ལ་ལྟ་བ་མི་མཐུན་པ་མང་བས། གནའ་རྫས་སྔོག་འདོན་བྱས་ན་ད་གཟོད་མིའི་རིགས་མཚོ་བོད་མཐོ་སྒང་ནས་ཇི་ལྟར་རིམ་གྱིས་དར་བ་རྟོགས་ཐུབ། ཐེངས་འདིའི་སྔོག་འདོན་ཁྲོད་དུ་གནས་འདིར་མིའི་རིགས་འགུལ་སྐྱོད་ཀྱི་དུས་རིམ་གཉིས་གསར་རྙེད་བྱུང་། ལན་གྲུ་སློབ་ཆེན་ནུབ་ཕྱོགས་ཁོར་ཡུག་དང་གནམ་གཤིས་འཕོ་འགྱུར་ཞིབ་འཇུག་གླིང་གི་ཁོར་ཡུག་དང་གནའ་རྫས་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་...
དེ་ལས་མང་པ།
བསྒྱུར་རྩོམ། རྒྱ་བསྒྱུར། -1 Minute

བོད་དོན་གྱི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད།

བོད་དོན་གྱི་འགག་རྩའི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད། ཐང་ཏང་ཧུང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར། (Tibet question)རྒྱ་འགྱུར་ལ “བོད་ཀྱི་གནད་དོན “རེད།   འདི་ནི་ཐོན་གྲངས་ཧ་ཅང་མང་བའི་ཐ་སྙད་ཅིག་རེད།  ཐོག་མའི་བདག་དབང་གནད་དོན་ནས་བོད་ཀྱི་འགྲོ་མིའི་ཐོབ་ཐང་དང༌།   ཆོས་ལུགས་དད་མོས་རང་དབང༌། མི་རིགས་གཉའ་གནོན། གཏེར་དངོས་བཙན་འཕྲོག  འཁོར་ཡུག་རྩ་གཏོར་སོགས་གནད་དོན་མང་པོ་ཚུད་པའི་བར་རྒྱ་སྐྱེད་སོང་སྟེ་རྒྱལ་སྤྱིའི་གླེང་གཞི་ཞིག་ཏུ་གྱུར་ཡོད། མ་གཞི་ད་ཆ་རྙོག་འཛིང་ཅན་དང་སྣེ་མང་ཅན་ཞིག་ཏུ་འགྱུར་བ་སོང་མོད།  དོན་གྱི་མདོ་རྩར་གཏུགས་ན།  བོད་ཀྱི་གནད་དོན་ནི་བོད་( ཐུ་བྷོད་དེ།  བོད་ཀྱི་མདོ་དབུས་ཁམས་གསུམ )  དང་རྒྱ་ནག་བར་གྱི་གནད་དོན་རེད།  ཆུ་མགོ་དེད་ན། ཡོད་ཚད་བདག་དབང་གནད་དོན་ནས་བྱུང་བ་ཁོ་ན་རེད།   འདི་ནི་བོད་ཀྱི་གནད་དོན་གྱི་གནད་འགག་ཐུག་ས་དེ་རེད། གནད་འགག་ཐུག་ས་འདི་ལ་རྩ་བའི་ལྟ་སྟངས་གཉིས་ཡོད་དེ། དེ་ནི་བོད་མི་དང་རྒྱ་མིའི་ངོས་ཀྱི་ལྟ་སྟངས་གཉིས་རེད།  དང་པོ།  བོད་དོན་གནད་འགག་ཐུག་ས། ༡༩༦༠ ལོར་རྒྱལ་ཚོགས་གྲོས་འདྲིའི་ལས་ཁུངས “ རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཨུ་ཡོན་ལྷན་ཚོགས “ ནས <<བོད(Tibet)དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ >>...
དེ་ལས་མང་པ།
ལོ་རྒྱུས། -0 Minutes

མདོ་སྨད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་རྒྱལ་པོའི་སྐོར།

    མདོ་སྨད་ཙོང་ཁའི་ཡུལ་དུ། བོད་ཀྱི་རྒྱལ་རྒྱུད་ཙོང་ཁའི་རྒྱལ་བོ་ཟེར་བའི་རྒྱལ་པོ་སྟོབས་ལྡན་ཞིག་བྱུང་ནས། ད་ལྟའི་ཟི་ལིང་མཁར་དུ་རྒྱལ་ས་བཟུང་སྟེ་མཐའ་མཚམས་བརྟན་པོར་སྲུང་། འདི་པ་བོད་ཀྱི་རྒྱལ་རྒྱུད་ཡིན་པ། སུང་གི་ལོ་རྒྱུས་སོགས་རྒྱའི་ཡིག་དེབ་རྣམས་གཅིག་མཐུན་ཡིན་ཞིང་། མཚན་ལའང་ཇོ་སྲས་སམ་རྒྱལ་སྲས་ཞེས་ཟེར། འདིའི་རྒྱུད་པ་ནི་བོད་ཀྱི་རྒྱལ་རྒྱུད་ཅིག་ཡིན་ཟེར་བ་ལས། བྱུང་ཚུལ་ལ་རྒྱའི་དེབ་ཐེར་ལ་ལར་ཤིན་ཅང་ནས་བོད་ཀྱི་རྒྱལ་པོའི་རྒྱུད་པའི་སྲས་ཤིག་སྤྱན་དྲངས་པ་ཡིན་ཟེར་བ་དང་། ཡང་འགའ་ཞིག་གིས་ཡར་ལུང་ཇོ་བོའི་རྒྱུད་པ་ཞིག་ཡིན་ཟེར་བའང་སྣང་མོད། ཕྱི་མ་འདི་ནི་རྒྱལ་རབས་གསལ་བའི་མེ་ལོང་ལས། ཡུམ་བརྟན་གྱི་རྒྱུད་པ་ཡར་ལུང་དུ་ཆགས་པ་ཡར་ལུང་ཇོ་བོར་གྲགས་པ་རྣམས་ཀྱི་རྒྱུད་རབས་བཤད་པའི་སྐབས་སུ། “ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན། འདིའི་བརྒྱུད་རླུང་ཤོད། འཕན་ཡུལ། མདོ་ཁམས་ན་མང་ངོ”ཞེས་གསུངས་པ་ཙམ་ལ་བརྟེན་པར་སྣང་། སྔ་མ་ནི་ཤིན་ཅང་ཟེར་མོད། སྟོད་མངའ་རིས་དང་ཤིན་ཅང་ཁད་ཉེ་ཞིང་། ཤིན་ཅང་ཡང་བར་སྐབས་ཤིག་ཏུ་བོད་ཀྱི་ཆབ་འོག་ཏུ་གཏོགས་པས། མངའ་རིས་དང་ཤིན་ཅང་ཁྱད་མ་ཕྱེ་བར་འདྲ་སྟེ། རྒྱལ་སྲས་འདི་ནི་སྟོད་མངའ་རིས་ཕྱོགས་ནས་འོངས་པ་ཡིན་ཏེ། གླང་དར་གྱི་སྲས་རྩོད་མེད་གནམ་ལྡེ་འོད་སྲུང་གི་སྲས་མངའ་མདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས། ཁྲི་བཀྲ་ཤིས་བརྩེགས་པ་ལ་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ། འབྲིང་པོ་འོད་ལྡེ་ལ་སྲས་ཕ་བ་ལྡེ། ཁྲི་ལྡེ། ཁྲི་ཆུང་། ཉག་པ་བཞི་ཡོད་པའི་གཉིས་པ་ཁྲི་ལྡེ་ནི་མདོ་ཁམས་སུ་བྱོན་པ་དེ་ཡིན་པར་གསལ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས“གཉིས་པ་མདོ་སྨད་ཙོང་ཁར་ཡོད་ཅིང”ཞེས་དང་། དེབ་ཐེར་དམར་པོ་གསར་མ་ལས“སྲས་གཉིས་པ་ཁྲི་ལྡེའི་རྒྱུད་ནི། ཤར་ཙོང་ཁ་སོགས་མདོ་སྨད་དུ་ཆད་དེ།...
དེ་ལས་མང་པ།