ལོ་ངོ་ཁྲི་ཡི་སྔ་རྗེས་སུ་མཚོ་སྔོན་པོ་གཤོང་ས་རུ་མིའི་རིགས་འགུལ་སྐྱོད་བྱས་པ་གསར་རྙེད་བྱུང་།

༢༠༡༤ ལོའི་རྒྱལ་ཁབ་རིག་དངོས་ཅུའུ་ཆོག་མཆན་ཐོབ་པའི་མཚོ་བོད་མཐོ་སྒང་གི་གནའ་རྫས་སྔོག་འདོན་གྱི་ལས་གཞི་དེ་ལན་གྲུ་སློབ་ཆེན་གྱིས་གཙོ་སྒྲུབ་མཛད་དེ་ཉེ་ཆར་མཇུག་སྒྲིལ་ཡོད། སྔོག་འདོན་གྱི་ལས་དེ་ནི་མཚོ་སྔོན་པོའི་ལྷོ་འགྲམ་གྱི་གནས ༡༥༡ ནས་བྱས་པ་ཡིན་ལ། དེ་ལས་ལོ་ངོ་ཁྲི་ཡི་སྔ་རྗེས་དང་ལོ་ངོ ༨༥༠༠ སྔ་རྗེས་སུ་གནའ་བོའི་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་པ་གསར་རྙེད་བྱུང་།


ལོ་ངོ་ཁྲི ༡.༥ སྔ་རྗེས་སུ་མཚོ་སྔོན་པོ་གཤོང་ས་རུ་མིའི་རིགས་ཀྱི་འགུལ་སྐྱོད་བྱུང་བ།

གནའ་རྫས་རྟོག་དཔྱོད་པའི་ཞིབ་འཇུག་གི་འབྲས་བུར་གཞིགས་ན། ད་ནས་ལོ་ངོ་ཁྲི་གཉིས་ཀྱི་སྔ་རྗེས་ཏེ་ཆེས་འཁྱག་པའི་དར་གྱི་དུས་སྐབས་སུ་མཚོ་བོད་མཐོ་སྒང་གི་ལྟེ་བར་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་དེ། དེའི་ཡིད་རྟོན་རུང་བའི་བདེན་དཔང་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་གི་མཚམས་ཏེ་མཚོ་སྔོན་པོ་གཤོང་ས་ནས་ཐོན་པ་ཡིན། ད་ནས་ཡར་བརྩིས་པའི་ལོ་ཁྲི ༡.༥ ཡི་སྔ་གཞུག་གི་རྔོན་རྒྱག་པའི་གནའ་མིས་མཚོ་སྔོན་པོ་གཤོང་ས་རུ་དུས་ཚིགས་ལྟར་གྱི་འཚོ་བ་རོལ་མྱོང་ལ། ལོ་ངོ ༨༠༠༠ གྱི་ཡར་སྔོན་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཇེ་དྲག་དུ་སོང་ལ། དེ་ནི་མཚོ་ངོས་ལས་མཐོ་ཚད་སྨི ༤༠༠༠ ཡན་གྱི་མཚོ་སྔོན་པོ་གཤོང་སའི་ལྟེ་བར་བྱུང་བ་ཡིན།

རིག་དངོས་བརྟག་དཔྱད་ཀྱི་མཇུག་འབྲས་ལྟར་ན། རྡོ་ཆས་གསར་བའི་སྐབས་སུ་གཞི་རྒྱ་ཆེ་བའི་མི་ཚོགས་མཚོ་བོད་མཐོ་སྒང་དུ་གཏན་སྡོད་བྱས་པ་ནི་ཡང་ཧྲོའི་དུས་མཇུག(仰韶晚期)གམ་དེ་ལས་ཅུང་ཟད་འཕྱི་བ་ཡིན་སྲིད་ལ། ད་ལྟའི་མི་ཚོགས་ཀྱི་རྒྱུད་འདེད་རིག་པའི་ཞིབ་འཇུག་ལྟར་ན་ཡང་ད་ནས་ཡར་བརྩིས་པའི་ལོ་ངོ་ཁྲི་གཉིས་ཀྱི་ཡར་སྔོན་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་སྲིད་ལ། གཞི་རྒྱ་ཆེ་བའི་མི་ཚོགས་མཚོ་བོད་མཐོ་སྒང་དུ་ཁྱབ་པ་ནི་ད་ནས་ཡར་བརྩིས་པའི་ལོ་ངོ་དྲུག་སྟོང་གི་རྗེས་སུ་བྱུང་བ་རེད། གཞི་རྒྱུའི་ཞིབ་འཇུག་གི་ཐབས་ལམ་ལ་གནད་དོན་མང་པོ་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་རྡོ་ཆས་གསར་རྙེད་ཀྱི་གནས་ནི་ས་ངོས་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་རྐྱེན། ལོ་ཚིགས་ཐག་གཅོད་དཀའ་བར་མ་ཟད་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ལོ་རྒྱུས་ཐད་ལ་ལྟ་བ་མི་མཐུན་པ་མང་བས། གནའ་རྫས་སྔོག་འདོན་བྱས་ན་ད་གཟོད་མིའི་རིགས་མཚོ་བོད་མཐོ་སྒང་ནས་ཇི་ལྟར་རིམ་གྱིས་དར་བ་རྟོགས་ཐུབ།

ཐེངས་འདིའི་སྔོག་འདོན་ཁྲོད་དུ་གནས་འདིར་མིའི་རིགས་འགུལ་སྐྱོད་ཀྱི་དུས་རིམ་གཉིས་གསར་རྙེད་བྱུང་། ལན་གྲུ་སློབ་ཆེན་ནུབ་ཕྱོགས་ཁོར་ཡུག་དང་གནམ་གཤིས་འཕོ་འགྱུར་ཞིབ་འཇུག་གླིང་གི་ཁོར་ཡུག་དང་གནའ་རྫས་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་

གནའ་རྫས་དང་རིག་དངོས་ཞིབ་འཇུག་ཁང་གཉི་ཀས་མཚོ་བོད་མཐོ་སྒང་ལོ་རྒྱུས་སྔོན་གྱི་མིའི་རིགས་ཀྱི་འགུལ་སྐྱོད་ལོ་རྒྱུས་ལ་ཤེས་རྟོགས་བྱ་ཆེད། མཚོ་སྔོན་ཞིང་ཆེན་ནས་གནའ་རྫས་བརྟག་དཔྱད་དང་སྔོག་འདོན། ཁོར་ཡུག་འཕོ་འགྱུར་གྱི་ཞིབ་འཇུག་གི་ལས་མང་པོ་བགྱིས།

ད་ལོའི་ཟླ་༩ བའི་ཚེས ༢༨ ནས་ཟླ ༡༡ པའི ༡༤ ཉིན་བར། ལན་གྲུ་སློབ་ཆེན་ནུབ་ཕྱོགས་ཁོར་ཡུག་དང་གནམ་གཤིས་འཕོ་འགྱུར་ཞིབ་འཇུག་གླིང་གི་ཁོར་ཡུག་དང་གནའ་རྫས་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་གནའ་རྫས་དང་རིག་དངོས་ཞིབ་འཇུག་ཁང་གཉི་ཀས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་མཚོ་སྔོན་པོའི་ལྷོ་འགྲམ་གྱི་གནས་བརྒྱ་དང་ང་གཅིག་ནས་ཟླ་གཅིག་གི་རིང་ལ་གནའ་རྫས་སྔོག་འདོན་བྱས།

ཐེངས་འདིའི་སྔོག་འདོན་ཁྲོད་དུ་གནས་འདིར་མིའི་རིགས་འགུལ་སྐྱོད་ཀྱི་དུས་རིམ་གཉིས་གསར་རྙེད་བྱུང་བ་ཡིན་ཏེ། གཅིག་ནི་ད་ནས་ཡར་བརྩིས་པའི་ལོ་ངོ ༡.༥ སྔ་རྗེས་དང་གཅིག་ཤོས་ནི་ལོ་ངོ ༨༥༠༠ སྔ་རྗེས་ཡིན། དུས་རིམ་སྔ་མའི་སྐབས་སུ་གནས་དེ་ནི་ཡུན་ཐུང་བའི་རྔོན་རྒྱག་པའི་གནས་ཡིན་མོད། རྗེས་སུ་ཛ་དྲག་ཆེ་བའི་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ལྟེ་གནས་སུ་གྱུར། ཤེས་གསལ་ལྟར་ན། ཐེངས་འདིའི་སྔོག་འདོན་གྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ ༢༥ དང་། གཏིང་ཚད་ནི་སྨི ༣.༤ ཡིན་ལ།

དེར་རྡོ་ཆས་དང་། སྲོག་ཆགས་ཀྱི་ཀེང་རུས། རྡོ་ཐལ། ལོ་ཡི་རིག་འདེད་དང་གཏེར་དངོས་བརྟག་དཔྱད། ཁོར་ཡུག་གི་མ་དཔེ་བཅས་ཕུན་སུམ་ཚོགས་པ་གསར་རྙེད་བྱུང་སྟེ། མཚོ་བོད་མཐོ་སྒང་གི་གནའ་མིའི་འགུལ་སྐྱོད་ལོ་རྒྱུས་ཞིབ་འཇུག་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་སྤྲོད་བྱས་པར་མ་ཟད། མཐོ་སྒང་གི་རྔོན་ལས་དཔལ་འབྱོར་ནས་ཞིང་ལས་དཔལ་འབྱོར་གྱི་བར་བརྒལ་དུས་ཀྱི་ཞིབ་འཇུག་ལ་རྒྱུ་ཆ་གལ་ཆེན་མཁོ་སྤྲོད་བྱས་པ་རེད།

རྩོམ་འགན་པ། སྒྲོལ་ཚེ།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d