ལྷ་ཆབ་སྦྱིན་པ། ཕུགས་བསམ་བྱེ་མའི་རི་དག་མཚར་དུ་དངར།། བྲེལ་བའི་རྐང་སྟབས་ཧད་ཧད་དལ་གྱིས་འགུལ།། ཉིན་གུང་ཚ་བས་གདུང་བའི་གྲམ་ཐང་ན།། ཀྱེ་མ་མི་ཚེ་རིང་མོའི་རྔུལ་ཆུ་བཞུར།། རྒྱ་མཚོ་སྔོན་མོའི་ཆུ་རིས་གཉེར་མ་བཞིན།། ཚུར་ནས་ཚུར་ལ་ཁོ་བོའི་ཕྱོགས་སུ་འཕྱོ།། ལོ་ན་རྒས་པའི་རང་བྱུང་གསང་བའི་བརྡ།། མཐའ་ཡས་གྲམ་ཐང་འདི་ནས་ལན་གཅིག་ཚོར།། མཚོ་མོའི་ངོགས་སུ་ངང་བའི་ཁྱུ་དག་རྒྱུ།། ཉིན་གུང་ཉི་འོད་བརྒྱུད་པའི་དགའ་བདེར་རོལ།། ...
དེ་ལས་མང་པ།
རྡོ་གཅལ་སྟེང་གི “དབུ་ཟམ།”
གཙུག་གཡུ། (སེ་ར) ལྗོན་པའི་ཟིལ་བ་དབྱར་གྱི་ན་བཟའ།། མཁའ་དབུགས་ཡུག་ཡུག་རྨི་ལམ་རྗེས་ན།། འཇིག་རྟེན་འདི་འང་ལུས་ཤུབས་དྲོ་བས།། ཚེ་རབས་ངོས་ལ་སྟོབས་ཀྱི་དཔུང་སྐྱོམ།། འོད་ཀྱི་དེ་ཉིད་ས་མཐར་སྤེལ་དུས།། གངས་རིའི་འདབས་ཀྱི་ཀྱག་ཀྱོག་དྲན་འོང་།། གཙང་བོ་བརྒལ་བའི་ཕར་གྱི་དེ་རིང་།། གདན་ས་མཇལ་བ་དད་པའི་ལྟས་འགྲིག། ཀླུ་སྒྲུབ་ལྟ་བ་མཆིད་པའི་གཤོག་པ།། ང་ཡིས་རྡོག་ཁྲེས་འཁུར་བའི་རེ་བཞག། ནཱ་ལེན་རིག་པའི་སྙིང་སྟོབས་འདི་ཀོ།། ངར་གྱིས་རྒྱུག་པའི་ལྕེ་རྩེར་འགུལ་ལོ།། གང་དུ་གཞོལ་ཞིང་སྙེག་པའི་ཁྱུ་ཚོགས།། ཐ་སྙད་བློ་ཡི་སྣང་བ་འདག་ཅིག། བདེན་མེད་རིགས་པའི་རྟེན་འབྱུང་ངོས་ལ།། དོ་ནུབ་ཨ་གསར་ཉམས་ཤིག་བསྡུས་སོང་།། རྨི་ལམ་གཉོར་ཞིང་ཚ་རླབས་བརྟོལ་བའི།། རྟེན་འདི་བཞད་པའི་སྐལ་བ་འཕྲད་དོ།། གསེར་གྱི་སྐུད་སྣེར་བརྒྱུས་པའི་ཁྱེད་ཅག། སེམས་ལ་འོད་ཟེར་སྒྲོན་པའི་གླེགས་ཐག། ཀླུ་ཟླའི་གཤིས་དང་རིགས་པའི་ནང་སྙིང་།། བྲང་གཞུང་ཟ་འཕྲུག་ལངས་པས་ཅི་ཕན།། ཙོང་ཁའི་སྙིང་སྟོབས་སྣེ་རུ་འཁྱིལ་པས།། རང་ཡིད་འོད་དུ་བསྟིམས་ཏེ་སྲིངས་ཤིག། རེ་བ་སྙིང་ལ་བསྒོམས་པའི་ཟླ་ཚེས།། དཀར་ངོགས་སྟེགས་བུ་བརྒྱུད་ནས་རྙེད་བྱུང་།།...
དེ་ལས་མང་པ།
ལྷུག་རྩོམ་གླེང་བའི་གཏམ།
ཁ་བ་སྙིང་ལྕགས། ལྷུག་རྩོམ་ཞེས་པའི་རྩོམ་ལུས་འདི་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་བསྡུ་ཆོག་ལ་མ་བསྡུས་ཀྱང་ཆོག་པ་ཞིག་རེད། སྔོན་གྱི་དུས་ན་བོད་རང་ཉིད་ལ་ལྷུག་རྩོམ་ཞེས་པའི་ཐ་སྙད་འདི་ཡོད་པ་མ་རེད། ཚིག་ལྷུག་དང་ཚིགས་བཅད། བཅད་ལྷུག་སྤེལ་མ་བཅས་ཀྱིས་བོད་ཀྱི་རྩོམ་ལུས་མཐའ་དག་མཚོན་པ་རེད། སྙན་ངག་མེ་ལོང་མ་ལས་ཀྱང་། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་གནས།། ཞེས་འབྱུང་བ་རེད། སྐབས་དེའི་ལྷུག་པའམ་ཚིག་ལྷུག་ཅེས་པ་ནི་ལྷུག་རྩོམ་ཡིན་ཆོག་ལ་མིན་ཀྱང་ཆོག རྒྱུ་མཚན་ནི་ཚིག་ལྷུག་དང་ལྷུག་རྩོམ་གང་ཡིན་ཀྱང་འདྲ་བའི་ཆ་ཞིག་ཡོད་པ་ནི་ཚིག་སྦྱོར་ལྷུག་པ་ཡིན་པ་དེ་རེད་ལ། མི་འདྲ་བའི་ཆ་ནི་ལྷུག་རྩོམ་ལ་བརྩམས་ཆོས་སྤྱི་ཁོག་གི་སྒྲིག་གཞིའི་མཛེས་པ་ཞིག་དགོས་ཤིང་། ཚིག་ལྷུག་པ་ཡིན་པ་ཐམས་ཅད་ལ་སྒྲིག་གཞིའི་མཛེས་པ་དེ་ཡོད་དགོས་པའི་རྒྱུ་མཚན་མེད། ལྷུག་རྩོམ་ཞེས་པའི་ཐ་སྙད་འདི་རིག་གསར་གྱི་རྗེས་ནས་བོད་ལ་བྱུང་བ་ཞིག་ཡིན་པར་འདོད་ཅིང་། དེ་ཡང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་གྱི་སྐབས་ནས་བྱུང་བའི་ལྷུག་རྩོམ་གྱི་བརྡ་ཆད་དེ་ཚུར་བོད་སྐད་དུ་འགྱུར་བ་ཞིག་ཡིན་ངེས་རེད། དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་དང་སྤྲིན་དཀར་གྱི་འདབ་མ་སོགས་ནི་བོད་ཀྱི་རྩོམ་རིག་གསར་བའི་ལོ་རྒྱུས་སྟེང་གི་ཆེས་སྔ་བའི་ལྷུག་རྩོམ་ཡིན་སྲིད་སྙམ། བོད་ལ་རྩོམ་རིག་གསར་བ་བྱུང་ནས་ལོ་ངོ་སུམ་བཅུ་ལྷག་ཕྱིན་པའི་དུས་ཚོད་འདིའི་ནང་། རང་མོས་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་བཅས་ནི་རྩོམ་པ་པོ་གཅིག་གི་སྨྱུག་འོག་ནས་དུས་ཚོད་ཀྱང་གཅིག་ལ་བྱུང་བ་ཡིན་མོད། དེའི་ནང་གི་དར་ཁྱབ་ཆེ་ཤོས་ནི་རང་མོས་སྙན་ངག་དང་། རིམ་གྱིས་འཕེལ་བ་ནི་སྒྲུང་གཏམ། འཕེལ་མེད་སོར་གནས་སུ་ཡོད་པ་ནི་ལྷུག་རྩོམ་ཡིན་པར་འདོད། དགོན་པོའི་གྲྭ་བ་ཕལ་ཆེར་ཚིགས་བཅད་འབྲི་བར་མོས་ཤིང་། སློབ་གྲྭའི་སློབ་མ་ཕལ་ཆེར་རང་མོས་སྙན་ངག་འབྲི་བར་མོས་པ་དེས། རྩོམ་རིག་གི་རྨང་གཞིར་གྱུར་བའི་ལྷུག་རྩོམ་གྱི་རྩོམ་ལུས་འདིར་ཚོད་ལྟ་བྱེད་མཁན་ཤིན་ཏུ་དཀོན་པོ་ཆགས་ཡོད་པ་རེད། སྤྱིར་སྙན་ངག་པ་དང་སྒྲུང་གཏམ་པ་ཟེར་རྒྱུ་ཡོད་ནའང་། ལྷུག་རྩོམ་པ་ཟེར་རྒྱུ་ཤིན་ཏུ་དཀོན། སློབ་འབྲིང་གི་བསླབ་དེབ་ཏུ་ལྷུག་རྩོམ་པ་ཞེས་པའི་མིང་རེ་འགའ་ཡང་མཐོང་རྒྱུ་འདུག་མོད། འདི་ནི་ལྷུག་རྩོམ་རྐྱང་བ་འབྲི་མཁན་ཡིན་ཟེར་རྒྱུ་ཞིག་ཕལ་ཆེར་ཡོད་མི་སྲིད། གནའ་དུས་སུ་རྒྱ་ནག་པ་དག་གིས་སྒྲ་སྦྱོར་མ་ཡིན་པའི་ཚིག་ལྷུག་མའི་རྩོམ་ལུས་ལ་ལྷུག་རྩོམ་གྱི་གོ་དོན་འདི་འཇོག་ཅིང་།...
དེ་ལས་མང་པ།