བོད་ཀྱི་ཕྲུ་གུ་ལོང་བའི་སློབ་གྲྭ

ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་དུ་ཡོད་པའི་སྒོ་ར་ཆུང་ཆུང་ཞིག་གི་ནང་ཕྱི་རྒྱལ་བུ་མོ་ཞིག་ཐོག་ཁ་ནས་མར་བབ་སྟེ་ཁང་པ་ཚང་མར་སྐོར་ཞིབ་ཅིག་བྱས་རྗེས་ཕྲུ་གུ་རྣམས་ཀྱི་དཔེ་དེབ་ཀློག་པའི་སྐད་སྒྲ་ཐོས་པ་དང་ཁོ་མོའི་གདོང་ལ་འཛུམ་མདངས་རྒྱས་བཞིན་འདུག ཁོ་མོ་ནི་བོད་ཀྱི་ལོང་བའི་སློབ་གྲྭ་ཐོག་མར་འཛུགས་མཁན་དང་བོད་ཡིག་ལོང་ཡིག་ཐོག་མར་གསར་གཏོད་བྱེད་མཁན་འཇར་མན་བུ་མོ་སཱ་པུ་རུས་ཡ་རེད། ཁོ་མོ་ལོ ༡༢ ལ་སླེབས་སྐབས་མིག་གཉིས་མཐོང་རྒྱུ་མེད་པའི་ལོང་བ་ཞིག་ཏུ་གྱུར། འོན་ཀྱང་ཁོ་མོ་འཚོ་བར་ཡིད་ཐང་མ་ཆད་པར་མུ་མཐུད་བློ་སྟོབས་ཆེན་པོས་འབད་བརྩོན་བྱས་ཏེ་པོ་ཨན་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་སློབ་གྲྭར་སྡོད་རིང་མང་ཆེ་བ་བོད་ཡིག་དང་སོག་ཡིག་ལ་ཞིབ་འཇུག་བྱས་པ་དང་ཁོ་མོས་ད་དུང་ཆེད་མངགས་བོད་ཡིག་སློབ་སྦྱོང་བྱས། ཐོག་མར་གློག་ཀླད་སྒྲ་ཉན་དབྱེ་ཞིབ་འཕྲུལ་འཁོར་ལ་བརྟེན་ནས་བོད་ཡིག་སློབ་སྦྱོང་བྱས།

སཱ་པུ་རུས་ཡ་ཡིས་བོད་ཡིག་དེ་འཛམ་གླིང་ཡོངས་ལས་ལོང་ཡིག་མེད་པའི་ཡིག་རིགས་ཤིག་ཡིན་པ་ཤེས་སྐབས། ཁོ་མོའི་སེམས་ནང་བོད་ཀྱི་བྱིས་པ་ལོང་བ་རྣམས་ལྟ་ཀློག་མེད་པའི་འཚོ་ཞིག་སྐྱེལ་དགོས་དུས་དངོས་གནས་སྐྱོ་པོ་ཡིན་པའི་ཚོར་བ་བྱུང་། དེར་བརྟེན་ཁོ་མོས་པུ་ལའེ་ཡེ་ལོང་ཡིག་ལ་གཞིར་བཟུང་ནས་བོད་ཡིག་ལོང་ཡིག་བྱ་རིམ་ཆ་ཚང་ཞིག་རྩོམ་སྒྲིག་བྱས་པ་རེད།

 ༡༩༩༧ ལོར་སློབ་ཆེན་མཐར་ཕྱིན་གྲབས་ཡོད་པའི་སཱ་པུ་རུས་ཡ་ལྷ་སར་ཡུལ་སྐོར་ལ་ཕྱིན་པ་དང་། ཡུལ་སྐོར་བྱེད་པའི་བརྒྱུད་རིམ་ནང་ཁོ་མོས་བོད་ཀྱི་བྱིས་པ་ལོང་བའི་འཚོ་བའི་གནས་བབ་ལ་དོ་སྣང་ཆེན་པོ་བྱས་རྗེས་ཤེས་རྟོགས་བྱུང་བར། བོད་དུ་ཡང་རང་ཉིད་ཆུང་དུས་དང་འདྲ་བར་བྱིས་པ་ལོང་བ་སློབ་གྲྭ་འགྲོ་བའི་གོ་སྐབས་ཉུང་ཉུང་ཡིན་པ་རེད།

སཱ་པུ་རུས་ཡས་བཤད་པར།  ཁོ་མོ་དང་ཐོག་དེར་སླེབས་སྐབས་མི་མང་པོས་ལོང་བར་མཐོང་ཆུང་བྱེད་པ་མ་ཟད་ཁ་ནས”ཞར་ཁོག”ཞེས་དམའ་འབེབས་བྱེད་པ་དང་ཁོ་ཚོ་ལོང་བར་འགྱུར་པ་དེ་ཚེ་སྔོན་བསོད་ནམས་མ་བསགས་པའི་དབང་གིས་ལས་རྒྱུ་འབྲས་འཁོར་བར་ངོས་འཛིན་བྱེད་ཀྱི་འདུག འོན་ཀྱང་རིག་གནས་མེད་པ་དང་འཚོ་གནས་བྱེད་པའི་ལག་རྩལ་མེད་པ། དེ་བཞིན་མི་གཞན་གྱི་བརྩི་བཀུར་མི་ཐོབ་པ་བཅས་ཀྱི་ས་ཆ་དེའི་ལོང་བ་རྣམས་ལ་རྒྱུན་ལྡན་གྱི་འཇིག་རྟེན་ཞིག་མཐོང་མི་ཐུབ་ལ་སེམས་ནང་གི་འོད་སྣང་ནི་དེ་བས་ཀྱང་མྱོང་མི་ཐུབ་ཅེས་བཤད།

དེ་ནས་བོད་དུ་བསྡད་ནས་མཐོ་སྒང་གི་བྱིས་པ་ལོང་བ་རྣམས་ལ་སློབ་གསོ་མྱོང་བའི་གོ་སྐབས་ཞིག་གཏོད་དགོས་སྙམ་པའི་བསམ་ཚུལ་ཞིག་སཱ་པུ་རུས་ཡ་ཡི་སེམས་ནང་འཆར།

ཁོ་མོས་བསམ་ཚུལ་དེ་བོད་ནས་ངོ་ཤེས་པའི་ཕྱི་རྒྱལ་གྱི་གྲོགས་པོ་དེ་དག་ལ་བཤད་སྐབས་ཚང་མས་དེ་ནི་འགྲུབ་ཐབས་མེད་པའི་བསམ་ཚུལ་ཞིག་ཡིན་ཞིང་ཁོ་མོ་ལོང་བ་ཡིན་པས་རང་ཉིད་ཡང་ལྟ་རྟོག་ཐུབ་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོ་མོར་རྒྱབ་སྐྱོར་བྱེད་མཁན་གཅིག་པུ་དེ་ནི་ལྷ་ས་ནས་ཐུག་པའི་ཧོ་ལན་གྱི་ཡུལ་སྐོར་པ་པའོ་ལོ་རེད།

༡༩༩༨ ལོར་སཱ་པུ་རུས་ཡ་ཡིས་བོད་ཀྱི་ལོང་བའི་རོགས་སྐྱོར་རྣམས་གྲངས་བཙུགས་ཤིང་འཇར་མན་སྲིད་གཞུང་ལ་རེ་ཞུ་ཕུལ་བར་འཇར་མན་སྲིད་གཞུང་གིས་རོགས་སྐྱོར་བྱས་པ་རེད།

སཱ་པུ་རུས་ཡ་ཡི་ཁ་པར་བརྒྱབ་ནས་རང་ཉིད་གཅིག་པུ་བོད་ལ་འགྲོ་རྒྱུའི་བསམ་ཚུལ་དེ་པའོ་ལོ་ལ་བཤད་སྐབས་བསམ་ཡུལ་ལས་འདས་པར་པའོ་ལོ་ཡི་ལས་ཀ་ནས་ཐོན་ཏེ་ཁོ་མོ་དང་མཉམ་དུ་འགྲོ་རྒྱུ་བྱས།

དེས་ཁོ་མོར་སེམས་འགུལ་ཐེབས་ཤིང་ཐུན་མོང་གི་ཕུགས་བསམ་དང་དད་སེམས་ནི་ཁོ་གཉིས་མི་ཚེ་གཅིག་མཉམ་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོར་གྱུར།

འདས་པའི་ལོ་བདུན་ནང་ཁོ་མོས་བོད་ཀྱི་ས་ཆ་ཁག་ནས་བྱིས་པ་ལོང་བ་འཚོལ་བ་དང་དུས་མཚུངས་ལོང་ཡིག་དགེ་རྒན་སྦྱོང་བརྡར་བྱེད་པ་སོགས་བྱས། ༢༠༠༠ ལོའི་ཟླ་བ ༡༡ པར་སཱ་པུ་རུས་ཡ་དང་བོད་ལྗོངས་དབང་པོ་སྐྱོན་ཅན་ལྷན་ཚོགས་མཉམ་འབྲེལ་བྱས་ནས་བཙུགས་པའི་ལོང་བའི་ལུས་གསོ་དང་ལས་རིགས་སྦྱོང་བརྡར་ལྟེ་གནས་དངོས་སུ་གཉེར་བ་དང་། ད་བར་བྱིས་པ་ལོང་བ ༩༦ ཡི་སྦྱོང་བརྡར་ལྟེ་གནས་དེ་ནས་རྒྱུན་གཏན་འཚོ་བའི་ལག་རྩལ་སྦྱོང་བརྡར་དང་བོད་རྒྱ་དབྱིན་གསུམ་གྱི་ལོང་ཡིག  དེ་བཞིན་འཕུར་མཉེད་དང་། གློག་ཀླད། སླས་འཐག མཛེས་རྩལ་སོགས་སློབ་སྦྱོང་བྱས་ཡོད། སྤྱིར་བཏང་ནས་ལོ་གཉིས་ཙམ་སྦྱོང་བརྡར་བྱས་རྗེས་རྒྱུན་གཏན་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་ཆོག བྱིས་པ་ལོང་བ་ཁ་ཤས་རྒྱུན་གཏན་སློབ་གྲྭར་སླེབས་སྐབས་སྦྱང་འབྲས་ཧ་ཅང་ལེགས་པོ་ཡོད།

སཱ་པུ་རུས་ཡ་ཡི་བོད་ལྗོངས་ཀྱི་བྱིས་པ་ལོང་བ་དེ་དག་ལ་འོད་སྣང་དང་ཡིད་ཆེས་སྤྲད་ཡོད་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད། ཁོ་མོས་བོད་ལྗོངས་ཀྱི་ལོང་བའི་སློབ་གསོ་དང་ལུས་གསོའི་བྱ་གཞག་ལ་ཕུལ་བའི་མཛད་རྗེས་ནི་ཧ་ཅང་གི་རླབས་པོ་ཆེ་ཞིག་རེད།

སཱ་པུ་རུས་ཡེས་བརྩམས་པའི <<མི་ཚེ་དྲང་ཐིག་ཁོ་ནར་འགྲོ་དགོས་མེད་>> ཞེས་པའི་ནང་དུ་ཡང་ཁོ་མོའི་ཕུགས་བསམ་ལམ་བུའི་ཐོག་གི་སྒྲུང་གཏམ་དེ་དག་ཡང་རེ་རེ་བཞིན་གསལ་པོར་བཀོད་ཡོད་ལ། ཁོ་མོས་བོད་ལྗོངས་ལ་ཕུལ་བའི་མི་ཚེ་གང་བོའི་མཛད་འཕྲིན་རླབས་པོ་ཆེ་དེ་ཡང་བོད་དང་འཛམ་གླིང་ཡོངས་ཀྱི་མི་དམངས་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་གསལ་བར་བྱས་ཡོད། དེ་ནི་འོད་སྣང་མཐོང་མི་ཐུབ་པའི་བུད་མེད་ཞིག་གི་སེམས་ཁོངས་ནས་འབར་བའི་སྒྲོན་མེ་དེ་ཡིན།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s