November ༢༥, ༢༠༡༤

གཅིན་སྐྱག་འབར་རྫས་སུ་བཀོལ་བའི་རླངས་འཁོར།

ཡིག་སྒྱུར། བཀྲ་འདུལ།    སྤྱི་ཟླ༡༡པའི་ཚེ༡༩ཉིན་གྱི་དབྱིན་ཇིའི  <<ཉིན་རེའི་སྦྲག་སྲིད་ཚགས་པར>> ཐོག་བཀོད་པ་ལྟར་ན། དབྱིན་ཇིའི་སྐྱེ་ཁམས་རླངས་འཁོར་ཐོག་མ Bio-Bus ཞེས་པ་ཉེ་ཆར་པ་སི (Buth) ནས་པུའུ་ལི་སུ་ཐོ་ཨེར (Bristol) གནམ་གྲུ་འབབ་ཚིགས་བར་ཐོག་དང་པོར་སྐྱོད་མགོ་ཚུགས་ཡོད་ཅིང་།  དེའི་བར་ཐག་ལ་ཕལ་ཆེར་སྤྱི་ལེ ༣༢ ཡོད། སྐྱེ་ཁམས་སྤྱི་སྤྱོད་རླངས་འཁོར་དེ་རིགས་ཀྱིས་མིའི་རིགས་ཀྱི་གཅིན་སྐྱག་དང་ཡང་ན་ཟས་རིགས་ཀྱི་སྙིགས་རོ་སོགས་ལས་ཐོན་པའི་ཀ་ཝན་རླངས་གཟུགས་འབར་རྫས་སུ་བྱས་ཡོད་པས།དེས་དབྱིན་ཇི་རྒྱལ་ཁབ་ཀྱི་མཁའ་དབུགས་སྤུས་ཚད་ལ་ལེགས་བཅོས་ཆེན་པོ་ཐོན་རྒྱུ་རེད།    Bio-Busསྤྱི་སྦྱོད་རླངས་འཁོར་ལ་འདུག་སྟེགས་བཞི་བཅུ་ཡོད་ལ། རྫ་མ་གཅིག་གི་འབར་རྫས་ཤོང་ཚད་ནི་མི་ལྔའི་ལོ་གཅིག་རིང་གི་གཅིན་སྐྱག་ལས་ཐོན་པའི་ཀ་ཝན་དང་འདྲ་བས། Bil-Bus སྤྱི་ལེ༣༠༥རིང་སྐྱོད་ཐུབ།  སྤྱི་སྤྱོད་རླངས་འཁོར་དེར་ད་ལྟ་བཀོལ་བཞིན་པའི་ཀ་ཝན་རླངས་གཟུགས་ནི་ཝའེ་སའེ་ཁོ་སི་ནུས་ཁུངས་སྤྱི་གཉེར་ཁང GENeco ཡིས་བཙོང་བཞིན་པའི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་ནས་ཐོན་པ་རེད།    སྤྱི་གཉེར་ཁང་དེའི་འགན་ཁུར་པ་གཙོ་བོ་མུའུ་ཧན་མོ་ཏི་ས་ཏེའུ་ཆི (Mohammed Saddi) ཡིས་བཤད་པར། ཅ་ཝན་རླངས་གཟུགས་འབར་རྫས་བྱས་པའི་རླངས་འཁོར་གྱིས་དབྱིན་ཇིའི་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ཇེ་ལེགས་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་འདོན་ཐུབ་པ་མ་ཟད། མིའི་རིགས་ཀྱི་གཅིན་སྐྱག་ལ་ཡང་རིན་ཐང་ལྡན་པ་བྱས་ཡོད་པ་རེད།    སྤྱི་སྤྱོད་རླངས་འཁོར་སྟེང་གི་མི་གྲངས༤༠ཡི་ལོ་རེའི་གཅིན་སྐྱག་ལས་ཐོན་པའི་འབར་རྫས་ལ་བརྟེན་ནས། Bil-Bus སྤྱི་སྤྱོད་རླངས་འཁོར་དབྱིན་ཀི་ལན་ལྷོ་ཕྱོགས་ཀྱི་ལ་ཙི་ཅོ (Land’s End) ནས་སུའུ་ཀོ་ལན་གྱི་སྐམ་སའི་ཆེས་བྱང་སྣེའི་ཐེན་ཡ་ཧའེ་ཅོ (John O’Groats) བར་སྐྱོད་ཆོག་ལ། སྦག་བཙོག་ཕྱུར་འབུད་ཚད་ནི་ཁྲའེ་ཡིའུ་ལས་ཀྱང་ཉུང་བ་རེད། ...
དེ་ལས་མང་པ།

ཧོང་ཀོང་སློབ་མ་ཚོར་སྙིང་སྟོབས་ཆེར་སྐྱེད།

ཨ་རིའི་ཉན་ཞིབ་འཚོགས་པར་དབུས་ཁུལ་བཙན་འཛིན་གྱི་དབུ་ཁྲིད་ཚོར་སྙིང་སྟོབས་ཆེར་སྐྱེད། འབྲོག་མྱི། ཨ་རིའི་གྲོས་ཚོགས་ཀྱིས་ཉན་ཞིབ་འཚོགས་ནས་ཧོང་ཀོང་གི་དམངས་གཙོར་དོ་ཁུར་གནང་བར་ཧོང་ཀོང་དབུས་ཁུལ་བཙན་འཛིན་ལས་འགུལ་གྱི་དབུ་ཁྲིད་ཚོར་སྙིང་སྟོབས་ཆེར་སྐྱེད་དང་སྐུལ་མ་ཐོབ་འདུག དེ་ཡང་ཕྱི་ཚེས ༢༠ ཉིན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་གྱི་འཛིན་སྐྱོང་ཚོགས་ཆུང་གིས་ཧོང་ཀོང་གི་ད་ལྟའི་གནས་སྟངས་དང་། མ་འོངས་པའི་དམངས་གཙོའི་འཕེལ་རིམ་སོགས་ཀྱི་ཐད་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཉན་ཞིབ་སྟེང་ཧོང་ཀོང་གི་དབྱིན་ཇིའི་སྤྱི་ཁྱབ་འགན་འཛིན་མཐའ་མ་སྐུ་ཞབས་ཕིན་ཏེན་ཁཱང(Chris Patten)གིས་གཙོས་མི་སྣ་འགའ་མཉམ་ཞུགས་གནང་འདུག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་གྱི་འཛིན་སྐྱོང་ཚོགས་ཆུང་གི་འགན་འཛིན་དམངས་གཙོ་ཚོགས་པའི་སྐུ་ཞབས་ཞཱེ་རོ་ཌི བྷི་རོན་དང་སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཧྲི་མས་ཐི་གཉིས་ཀྱིས་ཉེས་སྔོན༼ཧོང་ཀོང་གི་སྲིད་ཇུས་ཁྲིམས་གཞི༽ཞེས་པ་བཏོན་པར་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་མང་ཆེ་བས་དེ་ལ་རྒྱབ་སྐྱོར་བྱས་ཡོད། ཁྲིམས་གཞི་དེས་ཕྱི་ལོ་༡༩༩༢ལོར་གཏན་འབེབས་བྱས་པའི༼ཧོང་ཀོང་གི་སྲིད་ཇུས་ཁྲིམས་གཞི༽ལ་ལེགས་བཅོས་བྱས་པ་བརྒྱུད། ཨ་རིའི་ཧོང་ཀོང་རང་དབང་དང་དམངས་གཙོ་ཅན་དུ་བསྒྱུར་རྒྱུར་རྒྱབ་སྐྱོར་བརྟན་པོ་ཡོད་པའི་རྣམ་འགྱུར་གསལ་ཁ་འདོན་དགོས་པ་དང་། འབྱུང་འགྱུར་ཧོང་ཀོང་ལ་དམིགས་བསལ་སྲིད་ཇུས་ཅི་ཞིག་གཏན་འབེབ་བྱས་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཧོང་ཀོང་ལ་རང་སྐྱོང་གཙང་མ་ཞིག་ཡོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག ཧོང་ཀོང་གི་མཐའ་མའི་དབྱིན་ཇིའི་སྤྱི་ཁྱབ་འགན་འཛིན་ཕིན་ཏེན་ཁཱང་གིས་བརྙན་པར་བརྒྱུད་བར་དཔང་གནང་ཡོད་པ་དང་། ཁོང་གིས། ཟླ་གཉིས་ཙམ་ཕྱིན་པའི་ཧོང་ཀོང་གི་སློབ་མའི་དབུས་ཁུལ་བཙན་འཛིན་ལས་འགུལ་ལ་ཧོང་ཀོང་གཞུང་གིས་ཞེ་ངན་ཁོག་ལ་བཅངས་ནས་ནར་འགྱངས་གཡོ་ཐབས་བཀོལ་ཡོད་པ་དང་། ཧོང་ཀོང་གཞུང་ལ་སློབ་མ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུའི་ལྷག་བསམ་མེད་པས། གནས་སྟངས་སེལ་མ་ནུས་པ་རེད། རྒྱ་ནག་དམངས་ཆེན་གྱི་ཧོང་ཀོང་ཆབ་སྲིད་བཅོས་བསྒྱུར་ཐད་ཀྱི་ཐག་གཅོད་དེ་ཕྱི་ལོ ༡༩༨༤ལོར་སྤེལ་བའི་རྒྱ་ནག་དང་དབྱིན་ཇིའི་མཉམ་འབྲེལ་སྤྱི་བསྒྲགས་ཀྱི་ནང་དོན་དང་འགལ་ཟླ་ཡིན་པ་དང་། དབྱིན་ཇི་གཞུང་ལ་ཧོང་ཀོང་གི་ལས་དོན་ཐད་གཞལ་དུ་མེད་པའི་འོས་འགན་ཡོད་ཅེས་དང་། ཡང་ཁོང་གིས། འདས་པའི་ལོ ༡༥འི་ནང་། རྒྱ་ནག་གི་ཨ་རིར་ཕྱི་ཚོང་དེ་བརྒྱ་ཆའི ༡༦༠༠ འཕར་ཡོད་པས། ཨ་རིས་དཔལ་འབྱོར་གྱི་ཁེ་ཕན་ལ་སེམས་ཁུར་བྱེད་མི་དགོས། རང་ཉིད་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་སྐབས་སུ། གཞི་རྩའི་ཁྲིམས་ལུགས་ལྟར་ཧོང་ཀོང་ལ་དམངས་གཙོ་ངོ་མ་ཞིག་འཛོམས་པའི་ཉི་མ་ཞིག་ཡོད་པར་ཡིད་ཆེས་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་ཧོང་ཀོང་ལ་དམངས་གཙོ་ངོ་མ་ཞིག་ཐོབ་རྒྱུར་འཇིགས་སྣང་ཡོད་པ་འདྲ།...
དེ་ལས་མང་པ།