བོད་པ་ཚོ།
འབྲོང་རྭ།
ཟླ་འོད་གསལ་བའི།
སྐར་ཚོགས་བཀྲ་བའི།
མཚར་མོ་འདི་ལ།
ལག་རྡང་འབྲེལ་ཤོག མཉམ་དུ་ཕེབས་ཤོག
གཅིག་རེད། པུ་ཝང་རྡུང་། གཉིས་རེད། སྒོར་བྲོ་ཁྲོབས།
བོད་སྐད་བཤད་བཞིན།
བོད་གླུ་ལེན་བཞིན།
བོད་བྲོ་ཁྲོབས་ཤོག བོད་པ་ཚོ།
མེས་པོ་ཚོའི་པུ་ཝང་དཀྲོལ་བཞིན་ཞབས་བྲོ་འཁྲབ་འགྲོ
ཐང་སྨུག་སྦྲ་ཆུང་གི་འདབས་ནས་འཁྲབ་ཡ།
རྟ་ནོར་ལུག་གསུམ་གྱི་དཀྱིལ། སྔོན་མོ་སྤང་ལྗོངས་ནས་འཁྲབ་འགྲོ
མེ་ཏོག་འཐུ་བཞིན། གླུ་ཆུང་ལེན་བཞིན། མཐུན་སྒྲིལ་གྱི་ཞབས་བྲོ།
བརྩེ་འདང་གི་སྙིང་གཏམ། གླེང་བཞིན། འཁྲབ་བཞིན། ཕེབས་ཤོག་བོད་པ་ཚོ།
ཀ་ཁ་ག་ངའི་གླུ་ངག་གི་ཁྲོད་ནས།
ཐུ་བྷོད་བཙན་པོའི་གཏམ་རྒྱུད་ཀྱི་ཀློང་ནས།
ང་ཚོས་མཉམ་དུ་ལེན་འགྲོ མཉམ་དུ་འཁྲབ་འགྲོ བོད་པ་ཚོ། བོད་པ་ཚོ།
༢༠༡༤/ ༨ / ༣༠ ཉིན་བྲིས།
གསར་རྩོམ་གཞས་ཚིག་དག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད་པས་ཆོག་མཆན་མ་ཞུས་པར་གང་བྱུང་དུ་རྐུ་ཁྱེར་དང་བརྒྱུད་འགོད་བྱ་མི་ཆོག
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…