wokar.org
༧ གོང་ས་མཆོག་དང་རྒྱ་རིཊ་དྲ་གྲོཊ་ཚོའི་གཏམ་གླེང་། - འོད་དཀར་དྲ་ཚིགས།
འོད་ཟེར་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི། ༼ ༡ ༽ བོད་ཀྱི་གནད་དོན་ཆེད་མཁས་པ་དང་། སྙན་གྲགས་ཅན་གྱི་རྩོམ་པ་པོ་ཝང་ལིས་ཞུང་གི་གོ་སྒྲིག་འོག བཙན་བྱོལ་དུ་བཞུགས་པའི་བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་འདི་ཟླའི་ཚེས ༢༡ ཉིན་ཋེ་ཋེར་དྲ་ཐོག་ནས་རྒྱ་ཡིག་དྲ་གྲོགས་རྣམས་དང་ཆུ་ཚོད་གཅིག་རིང་སྐུའི་ཡང་སྲིད་ཕེབས་ཕྱོགས་དང་། པེ་ཅིང་དང་བཀའ་མོལ་གནང་བའི་སྐོར། རྒྱ་བོད་འབྲེལ་བའི་སྐོར་སོགས་ལ་དྲི་ལན་གནང་ཡོད། དྲ་ངོས་སུ་འགྲིམ་བཞིན་པ་རྣམས་འཐུས་ཚང་དེ་ཙམ་མེད་པས་དང་བླངས་བས་སྒྲ་བཅུག་བྱས་པ་ནས་བསྐྱར་དུ་བཅོས་སྒྲིག་བྱས་རྗེས་ཀྲོའུ་ཡན་ནས་སྦོའུ་ཤུན་དྲ་ཐོག་ཏུ་བཏང་བའི་གཏམ་གླེང་ཆ་ཚང་གཤམ་འཁོད་ལྟར་ཡིན། ཝང་ལིས་ཞུང་། ཐོག་མར་གུས་པར་འོས་པའི་ཏཱ་ལའི་བླ་མ་མཆོག་ནས་ཉིན་རེའི་བྲེལ་ཟིང་གི་ལས་རིམ་ནས་དུས་ཚོད་བཏོན་ཏེ་རྒྱ་ཡིག་དྲ་གྲོགས་དང་གཏམ་གླེང་གནང་བ་ཐུགས་རྗེ་ཆེ། པེ་ཅིང་གི་དུས་ཚོད་ཟླ་བ ༥ པའི་ཚེས ༡༧ སྔ་དྲོ་ཆུ་ཚོད ༡༠:༣༠ ནས་བརྩམས་ཏེ་རྒྱ་ཡིག་དྲ་གྲོགས་རྣམས་ཀྱིས“ཋེ་ཋེར་དྲ་ཐོག་ནས་ཏཱ་ལའི་བླ་མ་དང་གཏམ་གླེང”བྱ་རྒྱུའི་དྲི་བ་རྣམས་གྷོ་གྷོལ་ནང་ཕྱོགས་སྒྲིག་བྱས་པ་རྣམས་ཁྱེད་ལ་འབུལ་རྒྱུ་ཡིན། མ་གཞི་ཉིན ༤ ཙམ་གྱི་དུས་ཚོད་ཡོད་ནའང་གྷོ་གྷོལ་གྱིས་མཚམས་རེ་ལས་ཀ་མི་བྱ་བའམ། དེ་དང་བསྟུན་ནས་རྒྱ་ནག་གི་ངོས་ནས་གྷོ་གྷོལ་གྱི་ཕྱོགས་སྒྲིག་དྲི་བ་བཀག་སྡོམ་བྱ་བ་སོགས་ཡོད་ནའང་། མི་གྲངས ༡༢༥༣ ཙམ་ནས་དྲི་བ ༢༨༩ ཙམ་ཕུལ་འདུག་པ་དང་། འོས་ཤོག ༡༢༤༧༣ ཙམ་གཡུགས་པ་མ་ཟད་དྲི་བ་བདམས་གསེས་ཀྱང་བྱས་པ་རེད། ད་རེས་ཁྱེད་མཛད་བྲེལ་ཆེ་སྟབས་གླེང་མོལ་གྱི་དུས་ཚོད་འཐུས་ཚང་ཞིག་ཡོང་དཀའ་བས་དྲི་བ་གང་མང་ཞིག་ལ་ལན་འདེབས་བྱ་རྒྱུའི་རེ་བའང་རྒྱག་གི་མེད། ད་ཐེངས་ནི་མགོ་འཛུགས་ཙམ་ཞིག་ཡིན། ལམ་ཁ་འདི་ལྟ་བུ་ཞིག་གསར་སྐྲུན་བྱས་པས་ད་ནས་བཟུང་བྱ་ཐབས་འདི་ལ་བརྟེན་ནས་སྐུ་ཉིད་དང་རྒྱ་ནག་དམངས་ཁྲོད་སྤྱི་ཚོགས་དབར་མུ་མཐུད་དུ་རང་དབང་ངང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱ་ཆོག་པས་ཕྱོགས་གཉིས་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཐུབ་རྒྱུར་ཕན་པ་ངེས་ཅན་ཡོད། དྲ་ཐོག་ནས་གནད་དོན་འདིར་མཉམ་ཞུགས་བྱ་མཁན་ཡོངས་ནས་གྷོ་གྷོལ་ནང་གི་དྲི་བ་རེ་རེ་བཞིན ༼ འགྲིག་གི་འདུག ༽ ཡང་ན ༼ དེ་ཙམ་ཡག་པོ་མི་འདུག ༽ ཅེས་པའི་འདེམས་བྱེད་ཐོག་འོས་འཕེན་བྱས་ཡོད། དེ་ནས་འོས་གྲངས་གོ་རིམ་གཞིར་བཟུང་གིས་སྐུ་ཉིད་ལ་དྲི་བ་ཁག་འབུལ་རྒྱུ་ཡིན། ༧ གོང་ས་མཆོག་ནས། ཧ་ཅང་ཡག་པོ་འདུག ཝང་ལིས་ཞུང་། […]
དྲ་བདག