མགར་བཟའ།
སྲང་ལམ་དུ་རླུང་ལྡང་བཞིན་འདུག
རླུང་མཐོ་ས་ནས་དམའ་སར་ལྡང་ཞིང་
སླར་ཡང་དམའ་ས་ནས་མཐོ་སར་ལྡང་
རླུང་ལྡང་སྟངས
ཇི་འདྲའི་བྲེལ་འཚུབ་ཅིག་རེད་ཨང་
རླུང་ལྡང་ཐེངས་རེ་རེར
མུན་པའི་དཀྱིལ་དབུས་འདི་སྔར་བཞིན་ཧ་ཅང་ནག་ལ
སྲང་ལམ་གྱི་ལྗན་ལྗིན་ཡོད་ཚད་ཀྱང་ཡོམ་ཡོམ་བསྒུལ་གྱིན་འདུག
དུས་རྒྱུན་དུ་རླུང་ལྡང་དུས།
སྙིང་ཉེ་བའི་ཡུམ་ཆེན་གྱི་སྐྲ་ལོ་རླུང་ཁ་ནས་བསྐྱོད་ཚུལ་མཐོང་ཞིང་
ཁོར་ཡུག་འདིའི་འུར་ཟིང་དང་སྨྲེ་ངག་ཡོད་ཚད་།
རླུང་གིས་གཤོག་པ་ལ་བརྟེན་ནས་གང་སར་འཕུར་གྱིན་འདུག
ཚོད་ཚོད་ལ
རླུང་ཤེད་ཤུགས་ཀྱིས་གཡུགས་ཤིང
ཤེད་ཤུགས་ཀྱིས་ལྡིང་དུས
དབྱར་གྱི་ལང་ཚོ་སྦྲུམ་པའི་ལོ་མ་རེ་རེའང
ས་རྡུལ་གྱིས་བསྒྲིབ་ཡོང་
མཚམས་མཚམས་སུ
རླུང་ལྐོག་གྱུར་གྱིས་ལྡང་འོངས་ཤིང་
གྲོང་ཚོ་འདིའི་སྟེང་འོག་ཡོད་ཚད
རླུང་གིས་ཁ་ལོ་ཡང་ཡང་བསྒྱུར
༢༠༡༢་ཟླ་༥ཚེས་༡༦ཉིན་བྲིས།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…