འབྲོག་མྱི།

     འདེམས་བསྐོ་ངོ་མ་ཞིག་ཡོང་ཐབས་སུ་སྤེལ་བའི་ཧོང་ཀོང་སློབ་མའི་དབུས་ཁུལ་བཙན་གྱི་ལས་འགུལ་དེ་ཉིན ༧༥འི་རྗེས་སུ་བཙན་དབང་གིས་གཙང་སེལ་བྱས་ཡོད་མོས། འོན་ཀྱང་། སློབ་མ་ཚོས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པར་གནད་དོན་དབྱེ་ཞིབ་པའི་ངོས་འཛིན་དཔག་བྱས་ཡོད།
ཧོང་ཀོང་མི་མང་ལ་མིང་དོན་མཚུངས་པའི་དམངས་གཙོ་ཞིག་མངོར་པར་གྱུར་རྒྱུར་དམིགས་པའི་དབུས་ཁུལ་བཙན་འཛིན་གྱི་ལས་འགུལ་དེ་ད་ལོའི་ཕྱི་ཟླ ཚེས ༢༨ ནས་དངོས་སུ་སྤེལ་ཡོད་པ་དང་། ཕྱི་ཟླ ༡༢ ཚེས ༡༡ཉིན་ཧོང་ཀོང་གཞུང་གི་བཀའ་བཀོད་ལྟར་ཉེན་རྟོག་པ་སྟོང་ཕྲག་མང་པོས་ཧོང་ཀོང་གི་ཚོང་དོན་ལྟེ་གནས་ས་ཁུལ་ཏེ་དབུས་ཁུལ་གྱི་གཞུང་ལམ་སྟེང་གི་བཀག་ཆ་དང་ངོ་རྒོལ་བ་སློབ་མའི་སྡོད་གུར་སོགས་གཏོར་ནས་གཙང་སེལ་བྱས་ཏེ་ཉིན༧༥འི་དབུས་ཁུལ་བཙན་འཛིན་ལས་འགུལ་རྗེས་བསྡུས་ཡོད་པ་རེད།

ཐེངས་འདིའི་ཧོང་ཀོང་གི་སློབ་མའི་ལས་འགུལ་དེའི་རང་བཞིན་དང་། རྣམ་པ། གྲུབ་འབྲས་སོགས་ལ་ངོས་འཛིན་སྟངས་ཐ་དད་ཡིན་ཡང་། མང་ཆེ་བས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་ངོས་འཛིན་བྱས་ཡོད་པ་དང་། དེ་ཡང་ཧོང་ཀོང་སློབ་ཆེན་གྱི་ཁྲིམས་ལུགས་ཆེད་མཁས་པ་ཏཱེ་ཏ་ཝེ་ཡིས། པེ་ཅིན་གྱི་དབུ་ཁྲིད་ཚོས་ཕམ་ཁ་ཉོས་ཡོད། ཁོང་ཚོས་ཧོང་ཀོང་གི་གཞོན་སྐྱེས་ཕལ་མོ་ཆེ་དགྲ་རུ་བཟུང་བ་རེད། ཧོང་ཀོང་དུ་རང་དབང་འདེམས་བསྐོ་བྱ་རྒྱུའི་བསམ་དོན་འགྲུབ་མེད་ཀྱང་སྐབས་དང་པོའི་རྒྱལ་ཁ་སློབ་མ་ཚོར་ཐོབ་ཡོད། ཧོང་ཀོང་དང་པེ་ཅིན་གྱི་དབུ་ཁྲིད་ཚོས་ཁ་བཤད་དོན་ལ་མི་གནས་པའི་སྤྱོད་ངན་དེ་འཛམ་གླིང་མི་དམངས་ཀྱི་མིག་ལམ་དུ་བཤམས་ཡོད་པས། འདི་ནི་ངོ་རྒོལ་མཁན་སློབ་མའི་གྲུབ་འབྲས་ཡིན། ཞེས་བརྗོད་འདུག
ཧོང་ཀོང་གི་སྤྱི་ཚོགས་རིག་པའི་ཆེད་མཁས་པ་གྷེ་རེ་ཊི་ཡིས། སློབ་མ་ཚོར་རིན་ཐང་ཅན་གྱི་འབྲས་བུ་ཐོབ་ཡོད།ཆར་གདུགས་ལས་འགུལགྱི་དམིགས་ཡུལ་ནི་ཧོང་ཀོང་དེ་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་མི་འགྱུར་རྒྱུ་དེ་རེད། ཧོང་ཀོང་གི་དབུས་ཁུལ་བཙན་འཛིན་ལས་འགུལ་མཇུག་བསྒྲིལ་ཡང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་མཇུག་སྒྲིལ་མེད། ཅེས་བརྗོད་འདུག
ལོ་ན ༡༨ཅན་གྱི་ཐེངས་འདིའི་སློབ་མའི་དབུ་ཁྲིད་ཧོང་ཀྲི་ཧྥིན་གྱིས། དེ་རིང་གཞུང་གིས་ང་ཚོའི་ལས་དབང་ལ་བཏང་འཛིན་བྱས་ཡོད་སྲིད་ཀྱང་། ཉི་མ་ཞིག་ལ་ང་ཚོས་ཁོང་ཚོའི་ལས་དབང་ལ་བཏང་འཛིན་བྱེད་ངེས་ཡིན། ད་ཐེངས་ཀྱི་ལས་འགུལ་བཙན་གྱིས་བསྡུས་ཀྱང་། ང་ཚོ་ཡང་བསྐྱར་ཡོང་ངེས་ཡིན། ཞེས་བརྗོད་འདུག
གྲུབ་འབྲས་ངོས་འཛིན་གྱི་བསྟོད་བསྔགས་དང་དུས་མཉམ་དུ་ཧོང་ཀོང་གི་སྨྱན་བྱད་ཁག་ཏུ་བསམ་ཚུལ་འདོན་མཁན་སྐོར་ཞིག་གིས་སློབ་མ་ནི་ཐེངས་འདིའི་ལས་འགུལ་གྱི་རྒྱལ་ཁ་ཐོབ་མཁན་ཡིན་མིན་ལ་དོགས་འདྲི་བྱས་འདུག དཔེར་ན། ཧོང་ཀོང༼ནན་ཧྭ་ཞོགས་པའི་ཚགས་པར༽སྟེང་སྤྱད་མིང་ལ་ཝེ་ནེ་ལིན་ཟེར་བ་ཞིག་གིས། དམངས་གཙོ་མིན་པའི་རྒྱལ་ཁབ་ཅིག་ཏུ་དམངས་གཙོ་ཟེར་བ་དགོས་པའི་དགོས་འདུན་བཏོན། ཁྱེད་རང་ཚོའི་དམིགས་ཡུལ་ངོ་མ་ནི་ཧོང་ཀོང་རང་བཙན་རེད། དེ་ནི་དོན་དངོས་དང་མི་མཐུན་པ་མ་ཟད། ཉལ་ས་བྱུང་ན་རྐྱོང་ས་འདོད་པའི་དཔེ་རེད། རྒྱ་ནག་གི་ས་ཁུལ་གཞན་དུའང་རང་དབང་གི་འདེམས་བསྐོ་ཟེར་བ་མེད། བོད་དང་ཡུ་གུར་ལ་ལྟོས་དང་། ད་དུང་ཡང་ནང་འཁྲུག་ནང་ལྷག་ཡོད། ཁྱེད་རང་ཚོས་ཧོང་ཀོང་ཡང་དེ་ལྟར་བསྒྱུར་བསམ་ཡོད་དམ། ཞེས་དྲིས་འདུག
ཐེངས་འདིའི་ཧོང་ཀོང་གི་སློབ་མའི་སྤེལ་བའིཆར་གདུགས་ལས་འགུལདུ་འབོད་པའི་དབུས་ཁུལ་བཙན་འཛིན་གྱི་ལས་འགུལ་དེའི་བྱུང་རྐྱེན་ནི། ད་ལོའི་ཕྱི་ཟླ ༨འི་མཇུག་ཏུ་རྒྱ་ནག་དམངས་ཆེན་གྱིས་བཞག་པའི་ཕྱི་ལོ ༢༠༡༧ ལོར་ཧོང་ཀོང་གི་སྲིད་སྐྱོང་འོས་འདེམས་ཐད་ཀྱི་གྲོས་ཆོད་དེ་རེད། ལོ ༡༧ གྱི་ཡར་སྔོན་དུ། རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ལ་མིང་དོན་མཚུངས་པའི་དམངས་གཙོའི་འདེམས་བསྐོའི་ཐོབ་ཐང་སྤྲོད་རྒྱུར་ཁས་བླངས་ཡོད་པས། དམངས་ཆེན་གྱི་གྲོས་ཆོད་དེས་ཧོང་ཀོང་བའི་དམངས་གཙོའི་འདེམས་བསྐོའི་ཐོབ་ཐང་རྩིས་མེད་དུ་བཏང་པ་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: