December ༡༩, ༢༠༡༤

ནང་ཆོས། -0 Minutes

རྗེ་རིན་པོ་ཆེའི་གསུངས་ལམ་རིམ་བསྡུས་དོན།

རྗེ་ཙོང་ཁ་པ་ཆེན་པོས་མཛད།  ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། ། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། ། མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། ། ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། ། ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག ། རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། ། གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་བ། ། མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། ། ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། ། ཀླུ་སྒྲུབ་ཐོཌ་མེད་ཅེས་ནི་ས་གསུམ་ན། ། ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། ། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། ། ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། ། མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། ། གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། ། རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག...
དེ་ལས་མང་པ།