༜ སྨྱུག་མདའ།
ངའི་མིག་ལམ་དུ་མེ་ལྕེ་ལྷབ་ལྷུབ་ཅིག
ཤ་རུས་ཐལ་བའི་ནང་དུ་ན་ཟུག་གི་ཁྲག་ཐིགས་འཛར
མགྲིན་པའི་སྦུགས་སུ་བདེན་པ་ཟེར་བ་ཞིག་གྲག་གིན་འདུག
སྤྱང་ཀི་ཞིག་མངོན་སུམ་འཛེམ་མེད་ཀྱིས་འོངས་ཏེ
བདག་པོར་ཟས་ལྷག་ཙམ་ཡང་སྤྲད་བཅུག་མེད
ཁོ་ཚོས་རྐང་འོག་ནས་ཕྱིན་སོང་ཙམ་དུ་ཟེར་ནས
གོམ་པ་གང་ཡང་སྤོ་བཅུག་མི་འདུག
རྒྱལ་ཁབ་ཅིག་ཁྱུར་མིད་བྱས་པའི་ཁོ་ཚོ
མཐོ་ས་ནས་བསྡད་དེ་ཀུ་རེའི་ཚུལ་དུ་མིད་ཀྱིན་འདུག
མིག་ཆུ་སེམས་ལ་བླུགས”སེམས་མེ་རུ་འབར་རྗེས
དུང་ཞེན་ཞིག་འཕག་འཚག་རྒྱག་གིན་འདུག་སྟེ
རྩ་ཁྲིམས་ཟེར་ནས་བོའུས་མཆུ་ཏོ་བསྲིངས་སོང
ད་དུང་ངེད་ཚང་བུད་ཤིང་བཞིན་འབར་གྱིན་འདུག
ད་ཤེས་སོང་ངམ
དུ་བའི་སྣེ་རུ་ཤེད་ཤུགས་ཤིག་ཟླ་ནས་ཟླ་ལོ་ནས་ལོ
འུ་ཚོས་ཀྱང་སོས་དལ་དལ་དུ་སྨོན་ལམ་ཞིག
དབྱངས་འཐེན་བསྡད་འདུག
མི་ཞིག་གི་སྣང་བརྙན་ཡལ་སོང་ཙམ་ལས
ཛ་དྲག་ཏུ་མི་སྣང་དོན་ཅི་ཡིན་ན
གསུང་ཆོས་རེ་ཉན གསར་འགྱུར་རེ་བལྟས
ལྷོད་དུ་བབས་འདུག འུ་ཚང”དེ་ཚང
སྒེར་སེམས་ཀྱི་འཁོར་ལོ་སྐོར་བཞིན་མཆིས
བཞུད་ཟིན་པ་དེ་དག” འུ་ཅག་གི་འདུ་ཤེས་ཅིའི་ཕྱིར
མ་མཁོ་པ་ཡིན་ནམ
༢༠༡༤། ༡༢། ༢༤མཚན་མོར།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…