January ༦, ༢༠༡༥

རྩོམ་ཡིག སྙན་ངག -0 Minutes

ཇ་ཁང་ནང་གི་བསམ་གཞིགས།

མགར་བཟའ། ཁུ་སིམ་ལྷིང་འཇགས་ཁྲོད་ན་སྡང་ཟུག་ཞིག། འུར་ཟིང་འདུ་འཛིའི་ཁྲོད་ན་དུངས་པ་ཞིག རང་སེམས་ཁད་ཀྱིས་རྨས་པའི་ན་ཟུག་གིས།། སྟོང་བའི་ཐང་ཆེན་དཀྱིལ་ལ་གླུ་ཞིག་བླངས།། རི་ཆུ་སྟོང་གི་འགག་ཕྲེང་རྔམ་ཞིང་བརྗིད།། རེ་བའི་མིག་ཟུང་དེ་ལས་རྒྱང་དུ་བསྲིངས།། གནམ་ཟླའི་དྲོད་འཁྱག་བར་གྱི་སེམས་པ་འདི།། སུ་ཡིས་མི་རྟོགས་འཆར་ཡན་ལྷགས་མ་ཞིག། ལོ་རྒྱུས་རྟགས་ཐམ་དམར་པོའི་གས་སྲུབས་ནས།། དཔའ་བོའི་ཁྲག་རྩ་དྲོན་མོ་མེ་རུ་འབར།། རི་བོ་རྨང་ནས་འགུལ་བའི་འཇིགས་སྣང་གིས།། ཕམ་ཉེས་ཉི་ནུབ་འདར་བའི་ངང་ཚུལ་མཐོང་།། ཚོར་མེད་རྡོ་ལུང་ནག་པོའི་ཁྲེལ་དགོད་ལ།། རི་ལུང་སྨྲེངས་པའི་མིག་ཆུ་འོད་དུ་འཚེར།། མི་གཟུགས་མི་ཡིས་འཆའ་བའི་དུར་ཁྲོད་ནས།། རེ་བའི་རྣམ་ཤེས་གསོན་པོ་གང་དུ་ཡལ།། ༢༠༡༤ལོའི་ཟླ་༩པའི་ཚེས་༡༨ཉིན་བྲིས། ངེད་དྲ་ཚིགས།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

ཐོལ་ཐོལ་འཕྲུལ་གཏམ།

འབྲོང་། འོ་མའི་ཐང་ནས་མེ་ཏོག་དམར་པོ་ཞིག། རླུང་གི་ལག་པས་བཏོགས་ཏེ་རྣ་བར་བཏགས།། ཉི་མའི་མིག་ཆུ་འཐོར་བའི་ངོས་དེ་ན།། གཡའ་མའི་མེ་ལོང་བོར་བའི་གཡུ་མོ་ཞིག།   གྲམ་གཞུང་རྐམ་པོ་དབྱར་གྱིས་བསྐྱུར་ཤུལ་ན།། ཕག་པའི་མགྲིན་གླུ་གཡང་དུ་མ་ཁུག་པའི།། ཁང་ཆུང་སྐྱ་བོས་ལྷགས་རླུང་འགམ་པ་འདིས།། སྨག་གི་ཤ་ཚིལ་ཟ་བའི་རྐན་སྒྲ་རྡེབ།།   ལྕགས་ཀྱི་ཨ་ཀྲད་རྣག་གིས་བཙེམ་པའི་ཚེ།། སླ་ངའི་མཐིལ་ནས་ཅེར་བའི་མིག་ཟུང་དེ།། བགྲེས་མོའི་བྲང་གཞུང་བཤེར་བའི་སྲོ་ཤིག་བཞིན།། གཉིད་ཀྱི་རྒྱུ་མ་བཅད་ནས་གང་དུ་ཆས།།   ལྷ་མོ་བག་མར་བསུ་བའི་སྟ་གོན་ལ།། གཏམ་གྱི་ཕོ་བྲང་བྲག་གི་ངོས་ལ་བརྩིགས།། ཟླ་བའི་སྒ་ལ་དར་གྱི་ཚོས་བཏབས་ནས།། ཐོ་རེངས་སྐར་མའི་ཕོ་ཉ་ད་སོངས་ཤིག། ༢༠༡༥ ༡  ༤ལ་འབྲོང་གིས་རྩེད་མཚར་དུ། ངེད་དྲ་ཚིགས།...
དེ་ལས་མང་པ།