January ༡༥, ༢༠༡༥

བསྒྱུར་རྩོམ། རྒྱ་བསྒྱུར། -0 Minutes

ང་རྒྱལ་བྱས་ཆོག་ཆོག་རེད། སུའུ་པུན་ཧེར་གྱིས།

འཇུ་སྐལ་བཟང་གིས་བསྒྱུར།         རླབས་ཆེན་ནི་རླབས་ཆེན་རང་ཡིན་ལ། ཕལ་བ་མིན་པའང་ཕལ་བ་མིན་པ་རང་ཡིན་པས། ཉམས་སྨད་དགོས་དོན་གང་ཡང་མེད། རང་ཉིད་ཀྱི་རླབས་ཆེ་བའི་ཆ་རང་གིས་མི་ཤེས་བཞིན་དུ་རླབས་ཆེ་བའི་བརྩམས་ཆོས་རྩོམ་པའི་གནས་ལུགས་ནི་གནམ་འོག་ན་མི་སྲིད་དོ། ། ཁེངས་པ་སྐྱུང་བའི་ཚུལ་གྱིས་རང་ཉིད་ཀྱི་རིན་ཐང་མེད་པར་སྒྲོག་པ་ནི། རེ་ཐག་ཆད་པའི་ནུས་མེད་དག་གི་རང་སེམས་གསོ་བྱེད་ཀྱི་ལོག་པར་སྒྲུབ་པའི་གནས་ལུགས་ཙམ་དུ་ཟད།  སུའུ་པུན་ཧེར་གྱིས།        རྩོམ་པ་པོ་ཆེན་པོ་ནི་རེ་ཐག་ཆད་པའི་འཚོ་བའི་གནས་སུ་ཡུན་རིང་གྱར་པར་བཤད། སྨྱུག་ཐོགས་པ་ཐ་མལ་བ་དག་གིས་དེ་ཚོར་བརྩི་བཀུར་མི་བྱེད་དེ། དེ་ཚོས་ཕར་བརྩི་བཀུར་མི་བྱེད་པ་དང་གཉིས་སུ་མེད། དེའི་ཕྱིར་ཀུན་གྱི་བསྔགས་བརྗོད་མ་ཐོབ་པར་དུས་ཡུན་རིང་བོར་རང་ཉིད་ཀྱིས་ཉམས་སུ་མྱོང་ནས་རང་ལ་རང་མགུ་ཙམ་བསྟེན་པ་ལས་འོས་མེད། འོན་ཀྱང་འཇིག་རྟེན་འདིར་འཚོ་བ་དག་གིས་ཁོ་ཚོར་ཁེངས་པ་སྐྱུང་དགོས་པར་གཏད་དེ། རང་བསྟོད་ཙམ་བྱེད་པར་ཡང་འགལ་རྐྱེན་ཁོ་ན་འོང་། དེ་ལྟར་རང་ཉིད་ཀྱི་རིན་ཐང་དང་བཟང་ཆ་ཤེས་པའི་མི་དང་། གང་ལའང་ཅི་ཡང་མི་ཤེས་པའི་མི་གཉིས་ཇི་ལྟར་བྱས་ཀྱང་སྨྲ་བ་གཅིག་ཏུ་འོང་མི་འགྱུར། སུའུ་པུན་ཧེར་གྱིས།         རྩོམ་རིག་མཁན་པོ་ཨང་དང་པོའི་གྲས་སུ་བགྲངས་པ་དེ་ཚོས་མི་གཞན་པའི་ལྟ་ཚུལ་དེ་དེ་འདྲའི་གཏིང་མི་ཟབ་པ་ཞིག་ཏུ་འདུག་པ་ཤེས་ཤིང་། མི་གཞན་པས་རྟོགས་མི་ནུས་ཤིང་འབྲི་མི་ཤེས་པ་དག་ཁོང་དུ་ཆུད་ལ། རང་ཉིད་ཀྱིས་བྲིས་པ་དེ་ཇི་ལྟར་གཞན་ལས་ཁྱད་དུ་འཕགས་པའི་ཚུལ་དེ་བས་ཀྱང་ཤེས་བཞིན་ཡོད། དེ་བཞིན་རང་ཉིད་རྩོམ་རིག་མཁན་པོ་ཨང་དང་པོའི་གྲས་ཡིན་ལ། ཅོལ་ཆུང་དག་གིས་དེ་ཚུལ་རྟོགས་པའི་དུས་མེད་པའང་ཤེས་ཡོད། ...
དེ་ལས་མང་པ།
ནང་ཆོས། -0 Minutes

བསླབ་བྱ་རིན་ཆེན་ཕྲེང་མཛེས།

པཎ་ཆེན་བློ་བཟང་ཆོས་རྒྱན།  ༄༅། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བསླབ་བྱ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ།  བདེ་གཤེགས་ཀུན་གྱི་སྐུ་གསུམ་གྱི། ། ཡེ་ཤེས་གཙང་མའི་རང་གཟུགས་ལ། ། ཤཱཀྱ་སེང་གེར་མཚན་གསོལ་བའི། ། སྟོན་པ་མཆོག་དེས་བདག་སྐྱོངས་ཤིག ། མཁྱེན་པའི་ཆ་ཤས་ཕྲ་མོས་ཀྱང་། ། མཁའ་ལྟར་ཡངས་པའི་ཤེས་བྱའི་ཁྱོན། ། རྡུལ་ཕྲན་གོ་སར་འགོད་མཁས་པ། ། འཇམ་པའི་དབྱངས་ཀྱིས་དགེ་ལེགས་སྩོལ། ། བདག་ལ་ཕན་འདོད་གྲོགས་རྣམས་ལ། ། མངོན་པར་མཐོ་དང་ངེས་ལེགས་ཀྱི། ། ལམ་བཟང་མཚོན་ཕྱིར་དམ་པའི་གཞུང་། ། ཇི་བཞིན་འབེལ་བའི་གཏམ་འདི་གླེང་། །     དྲན་པ་ཡིས་ཀྱང་གདུང་སེལ་བ། ། ཁམས་གསུམ་འགྲོ་བའི་བླ་མ་དེས། །...
དེ་ལས་མང་པ།