རྨེ་གྲྭ  ཚེ་རིང་བསམ་འགྲུབ།


ཧིན་དྷུ་ཆོས་ལུགས་ཀྱི་མཚོན་རྟགས།

     hin འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་ལས་ཧིན་དྷུ་ཆོས་ལུགས་མཚོན་བྱེད་ཀྱི་ཉི་ཟླ་དང་ཡིག་འབྲུའི་དབྱིབས་ཅན་གྱི་རྟགས་འདི་   ནི་འཛམ་གླིང་གཅིག་གྱུར་གྱི་ཧིན་དྷུའི་ཆོས་ལུགས་མཚོན་བྱེད་ཡིན་པར་ངོས་འཛིན་གནང་གིན་ཡོད། རྟགས་འདི་ནི་མ་གཞི་རྒྱ་གར་གྱི་གནའ་བོའི་ཡིག་འབྲུ་གསུམ་ཡིན་པར་མ་ཟད་ཆོས་ལུགས་དེ་གའི་ལྷ་གསུམ་གྱི་སྲོག་ཡིག་ཡིན་པ་མཚོན། དོན་དུ་ཡིག་འབྲུ AUM འདི་གསུམ་ཡིན་ལ་འདི་གསུམ་གྱིས་ཧིན་དྷུའི་ཆོས་ལུགས་ཀྱི་ལྷ་ལྷ་མོ་གཙོ་བོ་གསུམ་པོ་དེ་སོ་སོ་མཚོན་གྱིན་ཡོད། དེའི་ཕྱིར་རྟགས་འདི་ནི་ཧིན་དྷུའི་ཆོས་ལུགས་ཀྱི་མཚོན་རྟགས་གཅིག་པུ་དེ་ཡིན།


སངས་རྒྱས་ཆོས་ལུགས་ཀྱི་མཚོན་རྟགས།

    ༢ འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་ལས་སངས་རྒྱས་ཆོས་ལུགས་མཚོན་བྱེད་ཀྱི་འཁོར་ལོའི་རྟགས་འདི་ནི་འཛམ་གླིང་གཅིག་གྱུར་གྱི་སངས་རྒྱས་ཆོས་ལུགས་མཚོན་བྱེད་ཡིན་པར་ངོས་འཛིན་གནང་གིན་ཡོད། སྟོན་པ་ཤཱཀྱ་ཐུབ་པ་ཁོང་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་རང་འབྲས་སངས་རྒྱས་པའིCe་ལམ་དེ་མངོན་དུ་བྱས་པ་ནས་བཟུང་གདུལ་བྱ་རྣམས་ལ་རིམ་བཞིན་ཆོས་བསྟན་པའི་སྤྱི་མིང་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཟེར། འཁོར་ལོ་ནི་རིམ་པ་བཞིན་ཁ་ཕྱོགས་བརྒྱུད་ནས་འཁོར་བ་ལྟར། སྟོན་པས་ཆོས་བསྟན་པ་དེ་ཡང་སྟོན་པ་རང་ཉིད་ནས་སློབ་མ། སློབ་མ་ནས་དེའི་སློབ་མའི་བར་འཁོར་ཏེ་ཆོས་གསུངས་ནས་མཐར་ཐུག་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་ཕན་བདེ་སྒྲུབ་བཞིན་ཡོད་པས་ན་ཆོས་འཁོར་དུ་འབོད། འཁོར་ལོ་ལ་རྩིབས་བརྒྱད་ཡོད་པ་ལས་ཐེག་པ་རིམ་པ་བརྒྱད་དང་། དབུས་ཀྱི་མུ་ཁྱུད་ལས་ཐེག་པའི་ཡང་རྩེ་ཨ་ཏི་ཡོ་ག་མཚོན་གྱིན་ཡོད་པ་དང་། ད་དུང་དབུས་ཀྱི་མུ་ཁྱུད་གསུམ་ལས་ཆོས་འཁོར་རིམ་པ་གསུམ་མཚོན་གྱིན་ཡོད། དེའི་ཕྱིར་འཁོར་ལོའི་རྟགས་འདི་ནི་སངས་རྒྱས་ཆོས་ལུགས་མཚོན་བྱེད་ཀྱི་རྟགས་གཅིག་པུར་གྱུར་སོང་བ་ཡིན།


ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས།

འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་ལས་ཡེ་ཤུའི་ཆོས་ལུགས་མཚོན་བྱེད་ཀྱི་རྟགས། རྒྱ་གྲམ་yaདབྱིབས་ཅན་གྱི་རྟགས་འདི་ནི་འཛམ་གླིང་གཅིག་གྱུར་གྱི་ཡེ་ཤུའི་ཆོས་ལུགས་མཚོན་བྱེད་ཡིན་པར་ངོས་འཛིན་གནང་གིན་ཡོད། མ་གཞི་འདི་ནི་རྒྱ་གྲམ་གྱི་རྣམ་པ་ཞིག་ཡིན་ལ། འདི་ནི་སྤྱི་ལོ ༡༠༠༡༦༥ བར་གྱི་ཡེ་ཤུའི་ཆོས་དཔོན་ཡོས་སུའུ་ཏེན་ཟེར་བ་ཞིག་གིས་གཏན་ཁེལ་དང་ཁྱབ་བསྒྲགས་བྱས་པ་ཡིན། སྟོན་པ་ཡེ་ཤུ་མ་ཤི་ཀ་དགུང་གྲངས ༣༠སྟེང་ཡེ་ཤུའི་སྲིད་གཞུང་དམག་གི་བཙོན་རར་ཚུད་དེ་རྒྱ་གྲམ་གྱི་ཁྲིམས་ཤིང་རྩེར་བསྐྱོན་ནས་དམར་གསོད་དུ་བཏང་བ་ཡིན་པའི་རྣམ་པ་དེ་ཇི་བཞིན་བཟོས་པས་ཁོང་རྗེས་དྲན་གྱི་ཆེད་དང་། ད་དུང་བཤད་རྒྱུན་དུ་རྟགས་འདི་མི་སོ་སོས་ལུས་ལ་འཆང་བ་སོགས་ལས་འདྲེ་གདོན་མ་རུངས་པ་དག་གིས་གནོད་མི་ཚུགས་པའི་ཆེད་དང་། དེང་སང་ཡང་ཡེ་ཤུའི་ཆོས་ལུགས་ལ་དད་གུས་ཡོད་པ་མཚོན་གྱིན་ཡོད། དེའི་ཕྱིར་རྟགས་འདི་ནི་ཡེ་ཤུའི་ཆོས་ལུགས་མཚོན་བྱེད་ཀྱི་རྟགས་གཅིག་པུར་གྱུར་སོང་བ་ཡིན།


དབྱི་སི་ལན་ཆོས་ལུགས་ཀྱི་མཚོན་རྟགས།

འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་ལས་དབྱི་སི་ལན་ཆོས་ལུགས་མཚོན་བྱེད་ཀྱི་རྟགས་ཡིན། ཟླ་བ་དང་སྐར་མའི་དབྱིབས་ཅན་Screen Shot 2015-01-20 at 8.48.18 AM copyགྱི་རྟགས་འདི་ནི་འཛམ་གླིང་གཅིག་གྱུར་གྱི་དབྱི་སི་ལན་གྱི་ཆོས་ལུགས་ཀྱི་མཚོན་བྱེད་ཡིན་པར་ངོས་འཛིན་གནང་གིན་ཡོད། མ་གཞི་འདི་ཡི་གེ་ཞིག་ཡིན་ལ ث སྔོན་ཨ་རབ་རྒྱལ་ཁབ་ཀྱི་གནའ་བོའི་ཡི་གེ་ཞིག་སྟེ། ནང་དོན་ནི་ཆོས་ལུགས་ཞེས་པའི་ཡིག་འབྲུ་གཉིས་ཀྱི་ནང་དོན་དེ་བསྟན་ཡོད། དེ་རྗེས༡༤༥༡༡༤༨༡ ཆོས་དཔོན་མོ་ཧཱ་མོ་ཏུ་ཟེར་བ་ཞིག་གིས་ཟླ་བ་དང་སྐར་མའི་དབྱིབས་གཟུགས་ཅན་གྱི་རྣམ་པར་བསྒྱུར་ནས་འདི་གཏན་ཁེལ་གནང་བ་རེད། འདིས་ནི་དབྱི་སི་ལན་གྱི་ཆོས་ལུགས་ཀྱི་སྟོན་པ་མ་ཧཱ་མད་ཏི་འཇིག་རྟེན་དུ་འཁྲུངས་པ་ནས་བཟུང་མི་རྣམས་ཀྱི་སྙིང་དབུས་སུ་ཟླ་བ་ཤར་བ་ལྟ་བུའི་འོད་ཐིག་ཅིག་གིས་འཇིག་རྟེན་ལ་བདེ་སྐྱིད་གསར་བ་ཞིག་བསྐྲུན་པར་བྱས་ཞེས་པའི་སྐད་ཆ་ཞིག་མཚོན་གྱིན་ཡོད། ད་དུང་ཟླ་དབྱིབས་དེས་སྟོན་པ་ཁོང་མཚོན་ལ་སྐར་མ་དེས་འཇིག་རྟེན་ཁམས་ནས་དབྱི་སི་ལན་གྱི་ཆོས་ལུགས་ལ་དད་གུས་ལྡན་པའི་མི་རྣམས་མཚོན་གྱིན་ཡོད་པར་བཤད། དེའི་ཕྱིར་རྟགས་འདི་ནི་དབྱི་སི་ལན་གྱི་ཆོས་ལུགས་མཚོན་བྱེད་ཀྱི་རྟགས་གཅིག་པུར་གྱུར་སོང་བ་ཡིན

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d