འབྲོག་མྱི།

       ཕྱི་ལོ ༡༩༨༩ ཟླ ༦ར། རྒྱ་ནག་དབུས་དམར་ཤོག་དྲུང་ཆེ་ཡིན་པའི་སྐུ་ཞབས་ཀྲོ་ཙི་ཡང་ལགས་ཀྱིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ངོ་རྒོལ་བྱས་དང་བྱེད་ཀྱིན་པའི་སློབ་མའི་ཁྲོད་གཏམ་བཤད་གནང་གིན་པའི་ཚུལ།

       ཕྱི་ལོ ༢༠༠༥ ཟླ ཚེས ༡༧ ཉིན། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་བརྡ་ཐུང་ཞིག་སྤེལ་ནས་།བློ་མཐུན་ཀྲོ་ཙི་ཡང་ལ་དུས་ཡུན་རིང་པོ་ནས་གློ་ནད་དང་སྙིང་ནད་སོགས་ནད་རིགས་མང་པོ་བྱུང་ཡོད་པས། ཐེངས་མང་ལ་སྨན་བཅོས་བྱས་ཀྱང་མ་ཕན་པར། ཟླ ཚེས ༡༧ཉིན། པེ་ཅིང་ན་ཡོད་པའི་རང་ཁྱིམ་དུ་སྐུ་གཤེགས་པ་དང་། དགུང་ལོ ༨༥ རེད།ཅེས་བསྒྲགས་འདུག
རྒྱ་ཡིག་ཡིག་འབྲི ༥༤ ཅན་གྱི་བརྡ་ཐུང་དེས་རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཀྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་གི་སྐུ་ཚེའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་པའི་སྲོལ་རེད། ཡིན་ན་ཡང་། སྐུ་ཞབས་ཀྲོ་ཙི་ཡང་རྒྱ་རིགས་མི་དམངས་དང་དུས་གཏན་དུ་བྲལ་ཡང་། ཁོང་གི་བསམ་བློའི་ཤུགས་རྐྱེན་མ་ཧ་ཙི་ནིའི་ཡངས་ཤིང་རྒྱ་ཆེ་བའི་ས་ཆེན་སྟེང་ཡལ་མེད།
ད་ལོ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ ༡༩༨༩ ལོའི་གནམ་བདེ་སྒོ་མོའི་ཆེའི་སློབ་མའི་ཞི་རྒོལལོ་རྒྱུས་སུདྲུག་བཞི་དམངས་གཙོའི་ལས་འགུལཞུ་བར་རྒྱབ་སྐྱོར་བྱས་ལུགས་ལ་བསྙད་ནས་རྒྱ་ནག་དམར་ཤོག་དབུས་དྲུང་ཆེ་ནས་གནས་དབྱུང་བཏང་བའི་སྐུ་ཞབས་ཀྲོ་ཙི་ཡང་སྐུ་གཤེགས་ནས་ལོ་བཅུ་འཁོར་བའི་དུས་དྲན་གྱི་ལོ་དེ་ཡིན།
སྐུ་ཞབས་ཀྲོ་ཙི་ཡང་ལགས་ཀྱིས་ཕྱི་ལོ ༡༩༨༠ ལོར། རྒྱ་ནག་གི་སྲིད་བློན་གྱི་གོ་ས་བཞེས་པ་དང་། དེ་ནས་ཕྱི་ལོ ༡༩༨༧ལོར། རྒྱ་ནག་དམར་ཤོག་དབུས་དྲུང་ཆེའི་ཁྲི་ལ་བཞུགས། ཕྱི་ལོ ༡༩༨༩ ལོའི་ཟླ ཚེས ༡༥ཉིན་སྐུ་ཞབས་ཧའོ་ཡོ་པང་སྐུ་གཤེགས་པ་དེས་དམངས་གཙོ་ལས་འགུལ་བསླངས་པ་དང་། སྐུ་ཞབས་ཀྲོ་ཙི་ཡང་གིས་སློབ་མར་དྲག་གནོན་བྱེད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་སྟབས། ལྟ་བ་མཁྲེགས་འཛིན་མཁན་ཏིང་ཞོ་ཕེང་གིས་གཙོས་ཆབ་སྲིད་རྒད་པོ་ཚོས་ཁོང་གོ་ས་ནས་གནས་དབྱུང་བཏང་བ་མ་ཟད། པེ་ཅིང་གི་རང་ཁྱིམ་དུ་བཟང་བཙོན་ལ་བཅུགས་པ་དང་། ལོ ༡༦ གི་རྗེས་ཏེ། ཕྱི་ལོ ༢༠༠༥ ཟླ ཚེ༣ས ༡༧ ཉིན་སྐུ་གཤེགས་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ལ་དབང་བསྒྱུར་རྗེས། མི་གཉིས་ལ་ཡོངས་ཁྱབ་ཀྱིས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་འཕེལ་རིམ་ལ་རྒྱབ་སྐྱོབ་དང་སྐུལ་མ་བྱས་པའི་དམར་ཤོག་དབུས་དྲུང་ཆེ་རུ་ངོས་འཛིན་བྱས་ཡོད། གཅིག་ནི ༨༩ ལོའི་དམངས་གཙོའི་ལས་འགུལ་ལངས་པའི་རྒྱུ་རྐྱེན་དུ་གྱུར་བའི་ཧའོ་ཡོ་པང་ཡིན་ཞིང་། གཞན་པ་དེ ༨༩ ལོའི་དམངས་གཙོའི་ལས་འགུལ་གྱི་མཇུག་འབྲས་སུ་གྱུར་བའི་ཀྲོ་ཙི་ཡང་རེད། ཧའོ་ཡོ་པང་བཙན་དབང་གི་གོ་ས་ནས་དགོངས་པ་ཞུ་རུ་བཅུག་པ་དང་། ཀྲོ་ཙི་ཡང་གོ་ས་ནས་གནས་དབྱུང་བཏང་བ་རེད།
སྐུ་ཞབས་ཀྲོ་ཙི་ཡང་སྐུ་གཤེགས་ནས་ལོ་བཅུ་ཕྱིན་ཡང་། རྒྱ་ནག་དེང་གཞུང་གིས་ད་དུང་ཡང་ཁོང་དང་འབྲེལ་ཡོད་གནད་དོན་རིགས་ལ་བཀག་སྡོམ་ནན་མོ་བྱས་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་སྐུ་ཞབས་ཧའོ་ཡོ་པང་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་ཐེབས་ཡོད་པའི་མ་ཚད། རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཁག་གིས་ད་ལོའི་ཕྱི་ཟླ ༡༡ར་སྤེལ་འཆར་ཡོད་པའི་ཧའོ་ཡོ་པང་འཁྲུངས་ནས་ལོ ༡༠༠ འཁོར་བའི་དུས་དྲན་དེ་གཞུང་འབྲེལ་དུས་དྲན་གལ་ཆེན་བཅུའི་གྲོས་སུ་བཞག་འདུག
གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་རྒྱུ་རྐྱེན་དེ་ལ་གཞིགས་ནས་རེ་བ་ཡག་པོ་ཞིག་བཅངས་ཡོད་ལ། ནང་སྒོས་སུ་ལོ་མང་རིང་སྐུ་ཞབས་ཀྲོ་ཙི་ཡང་གི་དྲུང་ཡིག་བྱེད་མྱོང་པའི་སྐུ་ཞབས་པའོ་ཐོན་ལགས་ཀྱིས་ཀྱང་རེ་བ་བཟང་པོ་ཞིག་བཅངས་འདུག སྐུ་ཞབས་པའོ་ཐོན་གྱི་རེ་བ་བཅོལ་ས་ནི་ལོ་སྔོན་མའི་མཇུག་ཏུ་བསྐོངས་པའི་ཚོགས་ཐེངས་བཞི་བའི་སྟེང་བཏོན་པའིཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བཞུས་པ་དེ་རེད། རྒྱལ་ཁབ་སྐྱོང་སྲོལ་ཁྲིམས་ལུགས་ལྟར་བྱེད་དགོས་ན། མི་དམངས་ཀྱིས་རེ་འདུན་ལྟར་ཀྲོ་ཙི་ཡང་དཀར་འདོན་བྱེད་རྒྱུ་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་ཏུ་ཁོངས་གིས་ངོས་འཛིན་བྱས་འདུག
ཡིན་ན་ཡང་ད་བར་དུ། རྒྱ་ནག་གཞུང་གིས་སྐུ་ཞབས་ཀྲོ་ཙི་ཡང་དཀར་འདོན་བྱ་རྒྱུའི་རྣམ་པ་ཅི་ཡང་མི་མཐོང་བ་དང་། དེ་ཡང་གཙོ་བོ་རྒྱ་ནག་དེང་གཞུང་གིས་དྲུག་བཞི་དམངས་གཙོའི་ལས་འགུལ་དཀར་འདོན་བྱེད་མིན་དང་། ཏིང་ཞོ་ཕེང་གི་དར་ཆ་མི་མཐུན་ནས་བསྒྲེང་མིན་ལ་ཐུག་ཡོད་པ་རེད། དེའི་ཐད་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་རྒྱ་རིགས་ཁྲིན་ཕའོ་ཁོན་ལགས་ཀྱིས།དེ་རིང་གི་རྒྱ་ནག་གི་དབུ་ཁྲིད་ཚོས་ད་དུང་ཡང་ཏིང་ཞོ་ཕེང་གི་དབང་གྲགས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ། ཏིང་ཞོ་ཕེང་གི་དར་ཆ་དགུང་ལ་འཕྱར་ཡོད། དེ་བས། ཏིང་ཞོ་ཕེང་ལ་བསྐྱར་ཞིབ་དུ་བྱེད་མ་ནུས་ཚེས། ཏིང་ཞོ་ཕེང་གི་དྲུག་བཞིའི་དོན་རྐྱེན་ལ་དྲག་གནོན་གྱི་ཐག་གཅོད་ལའང་བསྐྱར་ཞིབ་བྱེད་མི་ནུས། དེ་བས་ན། ཀྲོ་ཙི་ཡང་ལ་དཀར་འདོན་ཡང་བྱེད་མི་ནུསཟེར། ཕྱི་ཚེས ༡༨ རྒྱ་ནག་གཞུང་འབྲེལ༼མི་དམངས་ཉིན་རེའི་ཚགས་པར༽གྱི་ཡན་ལག༼གོ་ལའི་དུས་བབ༽ཟེར་བས་སྐུ་ཞབས་ཀྲོ་ཙི་ཡང་དང་འབྲེལ་ཡོད་དཔྱད་རྩོམ་ནངདབུས་གཞུང་གིས་རྣམ་འགྱུར་མ་བཏོན་པ་དེའང་རྣམ་འགྱུར་ཞིག་ཡིནཞེས་དེའི་སྐོར་ལ་གདེང་འཇོག་མི་བྱེད་པ་དང་ཡང་ན་གནས་དུས་རན་མེད་ཚུལ་བསྟན་འདུག
ཀྲོ་ཙི་ཡང་དང་ཧའོ་ཡོ་པང་གཉིས་ཀར་ལྟ་བ་གུ་ཡངས་། ཆབ་སྲིད་བཅོས་བསྒྱུར་ལ་མོས་པ་ཡོད་པ་གཅིག་འདྲ་ཡིན་ཡང་། ཁོང་གཉིས་ཀྱི་མ་འདྲ་ས་གཙོ་བོ་དེ། ཧའོ་ཡོ་པང་གིས་ཡང་དང་བསྐྱར་དུ་རང་སྐྱོན་རང་བརྗོད་ཀྱི་ཡི་གེ་རིམ་པ་ཕུལ་ནས་རང་སྐྱོན་ངོས་ལེན་བྱས་ཡོད། ཀྲོ་ཙི་ཡང་གིས་རང་ཉིད་ཀྱི་གང་བྱས་གང་བཤད་ལ་ཁུར་ལེན་ངང་རང་ལྟ་མཁྲེགས་འཛིན་དང་ངེས་ཤེས་གསལ་བོའི་སྒོ་ནས་སྐྱོན་ཆ་ཟེར་བ་ངོས་ལེན་བྱས་མེད། རྒྱ་ནག་གི་ལོ་རྒྱུས་སུ་རང་སྐྱོན་རང་བརྗོད་མ་བྱས་པའི་དབུ་ཁྲིད་གཉིས་བྱུང་ཡོད་ལ་དེ་གཉིས་ནི། ཁྲིན་ཏུའུ་ཞིག་དང་ཀྲོ་ཙི་ཡང་རྣམ་པ་གཉིས་ཡིན།
ཧའོ་ཡོ་པང་དང་ཀྲོ་ཙི་ཡང་གཉིས་ཀར་མི་ཆོས་རིང་ལུགས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་བསམ་བློ་ལྡན་ཞིང་། ཀྲོ་ཙི་ཡང་གིས་གུང་ཁྲན་ལམ་ལུགས་སམ་དམར་པོའི་ལམ་ལུགས་ལ་མངའ་བའི་མི་གཤིས་རྩ་མེད་གཏོང་བའི་རང་བཞིན་དེ་གསལ་བོར་མཐོང་ཡོད། དེ་ནི་ཁོང་ཉིད་དེང་རབས་དམངས་གཙོའི་སྤྱི་ཚོགས་ཤིག་ལ་རེ་སྨོན་བྱེད་པའི་སྐུལ་ཤུགས་ཡིན་སྲིད་ལ། བཅོས་བསྒྱུར་སྒོ་འབྱེད་ཁྲོད་སྐྱོ་གར་དཔའ་བོ་ཞིག་གི་རྣམ་པས་རང་ཉིད་ཀྱི་ཆབ་སྲིད་ཚེ་སྲོག་མཐར་སྐྱིལ་དོན་ཡང་ཡིན་སྲིད།

ངེད་དྲ་ཚིགས། 

དཔྱད་མཆན་སྤེལ།

%d bloggers like this: