༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་བྱེད་འདོད་ཡོད།

   ཡེ་ཤུའི་བླ་ཆེན་མཆོག་གིས་དེ་སྔོན་ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེ་རྒྱ་ནག་གཞུང་ལ་ཞེད་པ་མིན་པར་མ་འོངས་པར་མཇལ་འཕྲད་བྱེད་འདོད་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༡༩ ཉིན་ཡེ་ཤུའི་དབུ་བླ་པོབ་ཧྥན་སི་སི་མཆོག་ཧྥི་ལི་ཕིན་ནང་སྐོར་སྐྱོད་གནང་སྟེ་ཕྱིར་ལོག་པའི་གནམ་གྲུའི་ནང་།གསར་འགོད་པ་ཞིག་གིས་འདས་ལོའི་ཕྱི་ཟླ་༡༢ ནང་ཏཱ་ལའི་བླ་མ་མཆོག་རྒྱལ་ས་རོམ་ནང་ཕེབས་སྐབས་མཇལ་འཕྲད་མ་གནང་བའི་སྐོར་དྲི་བ་དོན་པར། ཁོང་གིས་དེ་ནི་ཝེ་ཌི་ཁཱན་གཞུང་གི་འགྲོ་སྟངས་ཤིག་ཡིན་པ་ལས་རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་པ་དེ་འདྲ་མིན་སྐོར་གསུངས་པ་དང་འབྲེལ། ཝུ་ཌེ་ཁཱན་གྱི་ཕྱི་སྲིད་དྲུང་ཆེས་རྒྱལ་ས་རོམ་ནང་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་སྐབས་ཚོགས་བཅར་དུ་ཕེབས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྙན་གྲགས་ཅན་གྱི་མི་སྣར་མཇལ་འཕྲད་གནང་སྲོལ་མེད་སྟབས། སྐབས་དེར་ངོས་ཀྱིས་༧གོང་ས་མཆོག་གཙོས་ཞི་བདེ་ལྷན་ཚོགས་ཐོག་བཅར་བའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སུ་གང་ལ་ཐུག་འཕྲད་བྱས་མེད་པ་མ་ཟད། འདས་ལོའི་ཟླ་ ༡༡ ནང་རྒྱལ་སྤྱིའི་ཟས་རིགས་སོ་ནམ་ལྷན་ཚོགས་ཚོགས་སྐབས་ཀྱང་རྒྱལ་སྤྱིའི་དབུ་ཁྲིད་སུ་གང་ལའང་ཐུག་མེདཅེས་སོགས་གསུངས་འདུག

བླ་ཆེན་མཆོག་གིས་དབྱིན་ཡུལ་གྱི་ཆ་འཕྲིན་ཐོག དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་ངོས་ཀྱིས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེ་ནི། རྒྱ་ནག་ལ་ཞེད་སྣང་བྱས་པ་རེད་ཟེར་བ་དེ་བདེན་པ་མ་རེད། ང་ལ་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་གང་འཚམ་གོང་ནས་མཇལ་འཕྲད་ཡོང་བའི་རེ་སྐུལ་གནང་ཡོད་སྟབས། མ་འོངས་པར་ཁོང་ལ་མཇལ་འཕྲད་གནང་རྒྱུའི་དུས་ཚོད་གཏན་ཁེལ་ཡོད་ནའང་། ད་ལྟ་མཇལ་འཕྲད་གནང་རྒྱུའི་དུས་ལ་འབབ་མེད་པར་བརྟེན། ད་ཆ་ང་ཚོ་འབྲེལ་བ་བྱེད་བཞིན་ཡོད།ཅེས་གསུངས་འདུག

ཁོང་གིས་རྒྱ་ནག་དང་ཝུ་ཌེ་ཁཱན་བར་གྱི་འབྲེལ་ལམ་སྐོར་ལ།རྒྱ་ནག་གཞུང་དང་མི་མང་ཚོས་ང་ཚོར་རྣམ་འགྱུར་ལེགས་པོ་སྟོན་གྱི་འདུག་ལ།་ང་ཚོས་ཀྱང་དེ་བཞིན་བྱེད་བཞིན་ཡོད་པ་མ་ཟད། གོམ་པ་རིམ་སྤོས་ཀྱིས་རྒྱ་ནག་གཞུང་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ངོས་རྒྱ་ནག་ནང་ཡོང་འདོད་ཆེན་པོ་ཡོད་པ་ཤེས་ཀྱི་རེད་ལ། ངོས་ནས་ཀྱང་ཝུ་ཌེ་ཁཱན་ནང་རྒྱ་ནག་གི་མགོ་ཁྲིད་ཚོ་ཕེབས་རྒྱུར་དགའ་བསུ་ཡོད་པ་ཁོ་རང་ཚོས་ཀྱང་ཤེས་གསལ་རེད།ཅེས་གསུངས་འདུག

དེ་བཞིན། ད་རེབ་ཧྥི་ལི་ཕིན་ནས་ཝུ་ཌེ་ཁཱན་དུ་ལོག་སྐབས་རྒྱ་ནག་གི་མཁའ་ལམ་བརྒྱུད་དགོས་སྟབས། ཡུལ་གྲུ་བྱེ་བྱག་པ་ཞིག་གི་མཁའ་ལམ་ཐོག་སླེབ་སྐབས་བླ་ཆེན་མཆོག་གིས་རྒྱལ་ཁབ་དེའི་སྲིད་འཛིན་ལ་ཏར་འཕྲིན་གཏོང་སྲོལ་ཡོད་པ་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཏར་འཕྲིན་བཏང་སྟེ། ངོས་ཀྱིས་ཁྱེད་དང་རྒྱ་ནག་མི་མང་ལ་བྱ་བ་ལམ་འགྲོ་ཡོང་བའི་གསོལ་འདེབས་དང་། རྒྱལ་ཁབ་ནང་འཆམ་མཐུན་དང་དར་རྒྱས་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་སོགས་གསུངས་འདུག

༡༩༥༡ ལོར་མའོ་ཙེ་ཏུང་གིས་རྒྱ་ནག་དང་ཝུ་ཅེ་ཁཱན་བར་གྱི་འབྲེལ་ལམ་བཅད་རྗེས། རྒྱ་ནག་ནང་གི་རིག་གནས་གསར་བརྗེ་མཇུག་མ་བསྒྲིལ་བར་ཡུལ་ལུང་གཉིས་བར་འབྲེལ་བ་མཐུད་ཐུབ་མེད་ཀྱང་། ཡེ་ཤུའི་བླ་ཆེན་པོབ་ཇོན་པོབ་གཉིས་པ་(John Paul II) མཆོག་གིས་རྒྱ་ནག་གཞུང་དང་འབྲེལ་ལམ་མགོ་འཛུགས་བྱས་རྗེས། པོབ་རིམ་བྱོན་གྱིས་རྒྱ་ནག་གཞུང་དང་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱས་ཡོད་པ་མ་ཟད། ད་ལྟའི་བླ་ཆེན་པོབ་མཆོག་གིས་རྒྱ་གཞུང་དང་འབྲེལ་ལམ་བཟང་དུ་གཏོང་ཆེད་ ༢༠༡༣ ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་སྐབས་འཚམས་འདྲི་ཞུས་ཡོད་ལ། ཞི་ཅིན་ཕིན་གྱིས་ཀྱང་པོབ་ཡེ་ཤུའི་དབུ་བླར་བསྐོ་བཞག་སྐབས་འཚམས་འདྲི་ཞུས་ཡོད།

གསར་འགོད་པ། དོན་གྲུབ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s