མཁན་པོ་ཕུན་ཚོགས་སྤྲུལ་སྐུ ༄༅།། སྣང་སྟོང་ཟུང་འཇུག་ལྟ་བའི་ཡང་རྩེ་མཆོག། ཇི་བཞིན་སྟོན་པ་འདྲེན་མཆོག་ཤཱཀྱའི་ཏོག། གང་གི་གསུང་རབ་དམ་པའི་རྗེས་ཞུགས་ཏེ།། གནས་ལུགས་འཚོལ་བར་བློ་མིག་འདི་ལྟར་གཡོས།། རྟེན་འབྱུང་བསམས་ན་གང་ཡང་འབྱུང་སྲིད་འདྲ།། སྟོང་ལུགས་དྲན་ན་ཐམས་ཅད་མི་སྲིད་འདྲ།། མ་བརྟགས་ཙ་ན་ཐམས་ཅད་ཡོད་ཡོད་འདྲ།། རིགས་པས་དཔྱད་ན་ཅི་ཡང་མེད་མེད་འདྲ།། དངོས་ཡོད་བདེན་འཛིན་འཁོར་བའི་རྒྱུ་ཡིན་འདྲ།། མ་དཔྱད་མྱོང་བར་འཛིན་ཙམ་རྒྱུ་ཡིན་འདྲ།། དོན་ལ་ཆགས་སོགས་སྤང་བྱ་ཡིན་ཡིན་འདྲ།། དེས་ན་བྱམས་སོགས་བླང་བྱར་དཀའ་དཀའ་འདྲ།། རྨི་ལམ་བཞིན་དུ་ཡོད་ཚད་འཁྲུལ་བ་འདྲ།། དཔེ་དོན་ཁྱད་པར་ངེས་པར་འབྱེད་དགོས་འདྲ།། ཡར་མཆོད་མར་སྦྱིན་ཁྱད་པར་ཆེ་ཆེ་འདྲ།། ཐམས་ཅད་བཟང་ངན་རོ་གཅིག་འཐད་འཐད་འདྲ།། ལས་འབྲས་མི་བདེན་བསམས་ན་ཆད་ལྟ་འདྲ།། ལས་འབྲས་བདེན་གྲུབ་བཟུང་ན་རྟག་མཐའ་འདྲ།། འགལ་མེད་འཇོག་ཚུལ་གསུངས་པ་བདེན་བདེན་འདྲ།། ཇི་བཞིན་ཚད་མས་རྟོགས་པ་ཉུང་ཉུང་འདྲ།། སེམས་ཅན་རྨོངས་པར་ཚུད་ལུགས་འདོད་དགོས་འདྲ།། ཀུན་རྫོབ་གཞན་ངོར་བལྟོས་ནས་འཇོག་དགོས་འདྲ།། ཕན་ཚུན་ལྟོས་གྲུབ་བཤད་པ་ལེགས་ལེགས་འདྲ།། ལྟོས་གྲུབ་བཙལ་ནས་རྙེད་དཀའ་མཚར་མཚར་འདྲ།། གཞུང་ལུགས་བསྡུར་ན་ཞིག་དངོས་འགལ་མེད་འདྲ།། བློ་ཆུང་རིགས་པར་ཞིག་པ་མེད་དགག་འདྲ།། གསུང་རབ་ལྟར་ན་རང་རིག་འགོག་འགོག་འདྲ།། གཞན་རིག་འཇོག་པར་རང་རིག་དགོས་དགོས་འདྲ།། ལས་འབྲས་རྟེན་དུ་ཀུན་གཞི་མི་འདོད་འདྲ།། རྒྱུ་མཚན་རིགས་པས་དཔྱད་བཟོད་མེད་པས་འདྲ།། དཔྱད་ནས་ང་ཙམ་རྟེན་དུ་བཞེད་བཞེད་འདྲ།། རིགས་པའི་ཞིབ་ཆ་འབྱེད་མཁན་དཀོན་དཀོན་འདྲ།།...
དེ་ལས་མང་པ།
བཙའ་རྒྱག་གི་རེད། ལྷག་བསམ་རྣམ་དག
ལྷག་བསམ་རྣམ་དག རེས་གཟའ་ཉི་མའི་ཉིན་མོ་མི་ཞིག་ལྷ་ཁང་དུ་ཕྱིན། ལྷ་ཁང་དེའི་གནས་འཛིན་གྱིས་དེར་ཡོད་མང་ཚོགས་རྣམས་ལ་གཞན་ལ་གནོད་པ་བྱེད་རྒྱུ་མེད་པ་དང་། ཕན་ཐོགས་གང་ཡོང་ཡོང་བྱེད་དགོས་ཞེས་བཤད་པར། མི་དེའི་བསམ་པར་ཕན་སེམས་བྱེད་དགོས་ཡོད་ས་རེད་སྙམ་པའི་བསམ་བློ་འཁོར་བ་རེད། དེ་ནས་དུས་ཚོད་སྐར་མ་ཁ་ཤས་ལས་མ་སོང་བའི་སྐབས་ཤིག་ལ་ཁོའི་མདུན་དུ་ཡོད་པའི་ཨ་མ་རྒྱགས་པ་ཞིག་ཡར་ལང་གི་ཡོད་པའི་སཱརི་(sari)ཁོང་མོའི་རྐུབ་ནང་ལ་འཚུད་ཡོད་པ་ཁོས་མཐོང་། ཁོས་སེམས་པ་བཟང་པོ་བྱེད་དགོས་བསམས་ནས་སཱ་རི་དེར་ལག་པ་འཆང་ནས་མར་བཏོན་པ་རེད། ཨ་མ་དེ་ཁོང་ཁྲོ་ཟ་ཐག་ཆོད་ནས་ཁོ་ལ་འགྲམ་ལྕག་ཅིག་བཞུས་པས་ཁོ་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཁོ་རང་གི་གྲོགས་པོར། “དེ་རིང་ངས་སེམས་བཟང་བྱས་ནས་དེ་ལྟར་བྱས་ཀྱང་ང་ཉེས་ཏག་བཟེད་དགོས་བྱུང་།” ཞེས་བཤད་པར་གྲོགས་པོ་དེས། “དེང་སང་སེམས་པ་བཟང་མདོག་བྱེད་རྒྱུ་ཡོད་མ་རེད།” གནས་སྟངས་ག་རེ་ཡིན་ནའང་རང་འཇགས་བཞག་དགོས་རེད། ཅེས་བཤད་པར། ཁོས་བདེན་པར་བསམས་ནས་སང་ཉིན་ལྷ་ཁང་དུ་འགྲོ་སྐབས་མདུན་དུ་ཁ་སང་གི་ཨ་མ་རྒྱགས་པ་དེ་ཡོད་པས་ཁོས་ཁ་སང་སཱ་རི་རྐུབ་ནང་འཛུལ་འདུག་པ་དེ་རིང་ཁ་སང་ནང་བཞིན་རང་འཇགས་བཞག་ན་ཡག་ཤོས་རེད་བསམ་ནས་སཱ་རི་ཡི་ཟུར་ནས་འཇུས་ཏེ་ཨ་མ་རྒྱགས་པའི་རྐུབ་ནང་ཡར་བླུགས་པར་ཨ་མ་རྒྱགས་པ་སྐད་་ཤོར་བས་མི་ཚང་མས་ཁོ་ལ་བལྟས་པས་ཁོ་ཧ་ཅང་ངོ་ཚ་པོ་ཆགས་པ་རེད། བཙའ་རྒྱག་གི་རེད། ཉིན་ཞིག་རྫས་སྦྱོར་རིག་པའི་རྒན་ལགས་རྒས་འཁོགས་ཤིག་གིས་འཛིན་གྲྭའི་ནང་གི་སློབ་ཕྲུག་ཚོར། “གལ་སྲིད་ང་ཚོས་ཁང་པའི་ཕྱི་ལོགས་ལ་ལྕགས་ཧྲེང་ཞིག་བཞག་ན་ག་རེ་ཆགས་ཀྱི་རེད་དམ།” ཞེས་བཀའ་འདྲི་གནང་བར། སློབ་ཕྲུག་ཅིག་གིས། “རྒན་ལགས། ལྕགས་ལ་བཙའ་ཐེབས་ཀྱི་རེད།” ཅེས་ཞུས་པ་རེད། རྒན་ལགས་་དབུ་ལྕོག་ཙམ་གནང་སྟེ། ཡང་བསྐྱར་གསུང་དོན། “གལ་སྲིད་ང་ཚོས་གསེར་རྡོག་རྡོག་ཅིག་ཕྱི་ལ་བཞག་ན་ག་རེ་ཆགས་ཀྱི་རེད་དམ།” ཞེས་བཀའ་འདྲི་གནང་བར།...
དེ་ལས་མང་པ།