མཁན་པོ་ཕུན་ཚོགས་སྤྲུལ་སྐུ
༄༅།། སྣང་སྟོང་ཟུང་འཇུག་ལྟ་བའི་ཡང་རྩེ་མཆོག།
ཇི་བཞིན་སྟོན་པ་འདྲེན་མཆོག་ཤཱཀྱའི་ཏོག།
གང་གི་གསུང་རབ་དམ་པའི་རྗེས་ཞུགས་ཏེ།།
གནས་ལུགས་འཚོལ་བར་བློ་མིག་འདི་ལྟར་གཡོས།།
རྟེན་འབྱུང་བསམས་ན་གང་ཡང་འབྱུང་སྲིད་འདྲ།།
སྟོང་ལུགས་དྲན་ན་ཐམས་ཅད་མི་སྲིད་འདྲ།།
མ་བརྟགས་ཙ་ན་ཐམས་ཅད་ཡོད་ཡོད་འདྲ།།
རིགས་པས་དཔྱད་ན་ཅི་ཡང་མེད་མེད་འདྲ།།
དངོས་ཡོད་བདེན་འཛིན་འཁོར་བའི་རྒྱུ་ཡིན་འདྲ།།
མ་དཔྱད་མྱོང་བར་འཛིན་ཙམ་རྒྱུ་ཡིན་འདྲ།།
དོན་ལ་ཆགས་སོགས་སྤང་བྱ་ཡིན་ཡིན་འདྲ།།
དེས་ན་བྱམས་སོགས་བླང་བྱར་དཀའ་དཀའ་འདྲ།།
རྨི་ལམ་བཞིན་དུ་ཡོད་ཚད་འཁྲུལ་བ་འདྲ།།
དཔེ་དོན་ཁྱད་པར་ངེས་པར་འབྱེད་དགོས་འདྲ།།
ཡར་མཆོད་མར་སྦྱིན་ཁྱད་པར་ཆེ་ཆེ་འདྲ།།
ཐམས་ཅད་བཟང་ངན་རོ་གཅིག་འཐད་འཐད་འདྲ།།
ལས་འབྲས་མི་བདེན་བསམས་ན་ཆད་ལྟ་འདྲ།།
ལས་འབྲས་བདེན་གྲུབ་བཟུང་ན་རྟག་མཐའ་འདྲ།།
འགལ་མེད་འཇོག་ཚུལ་གསུངས་པ་བདེན་བདེན་འདྲ།།
ཇི་བཞིན་ཚད་མས་རྟོགས་པ་ཉུང་ཉུང་འདྲ།།
སེམས་ཅན་རྨོངས་པར་ཚུད་ལུགས་འདོད་དགོས་འདྲ།།
ཀུན་རྫོབ་གཞན་ངོར་བལྟོས་ནས་འཇོག་དགོས་འདྲ།།
ཕན་ཚུན་ལྟོས་གྲུབ་བཤད་པ་ལེགས་ལེགས་འདྲ།།
ལྟོས་གྲུབ་བཙལ་ནས་རྙེད་དཀའ་མཚར་མཚར་འདྲ།།
གཞུང་ལུགས་བསྡུར་ན་ཞིག་དངོས་འགལ་མེད་འདྲ།།
བློ་ཆུང་རིགས་པར་ཞིག་པ་མེད་དགག་འདྲ།།
གསུང་རབ་ལྟར་ན་རང་རིག་འགོག་འགོག་འདྲ།།
གཞན་རིག་འཇོག་པར་རང་རིག་དགོས་དགོས་འདྲ།།
ལས་འབྲས་རྟེན་དུ་ཀུན་གཞི་མི་འདོད་འདྲ།།
རྒྱུ་མཚན་རིགས་པས་དཔྱད་བཟོད་མེད་པས་འདྲ།།
དཔྱད་ནས་ང་ཙམ་རྟེན་དུ་བཞེད་བཞེད་འདྲ།།
རིགས་པའི་ཞིབ་ཆ་འབྱེད་མཁན་དཀོན་དཀོན་འདྲ།།
དོན་ལ་དཔྱད་བཟོད་གང་ཡང་མི་སྲིད་འདྲ།།
ཚད་མས་མ་གྲུབ་ཤེས་བྱ་མེད་ལུགས་འདྲ།།
དེ་ལྟར་བསམས་ན་ཐམས་ཅད་འགལ་འགལ་འདྲ།།
མང་མང་དཔྱད་ན་གང་ཡང་ཤོར་ཤོར་འདྲ།།
མ་དཔྱད་གནས་ལུགས་མཐོང་བ་མི་སྲིད་འདྲ།།
ཚུལ་བཞིན་དཔྱད་ན་ཐམས་ཅད་འགྲིག་པ་འདྲ།།
མདོར་ན་དྲན་ཚད་ཁ་ནས་ཤོར་བ་འདྲ།།
ཡ་མཚན་ལྟ་བ་བཙལ་ནས་བཟི་བ་འདྲ།།
ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༤ ལ་ལས་ཀའི་བར་གསེང་ཞིག་ནས།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…