འོད་དཀར།
ཤར་གྱི་ནགས་ཀླུང་འཁྱིལ་བའི་སྐྱེད་ཚལ་ལ།།
དམར་སེར་ཚོན་གྱིས་བྱུགས་འདྲའི་རང་བྱུང་ཁམས།།
དྭངས་གཙང་ཆུ་བོ་མཛེས་པའི་ཉམས་འགྱུར་ལས།།
སེམས་ཀྱི་ལྷ་ཡུལ་འདི་ལ་ཐེངས་གཅིག་རོལ།།
མཐོང་ན་མིག་གི་དབང་པོར་འཁྲུལ་སྣང་སྟེར།།
བསྐྱོད་ན་ལུས་ཀྱི་ཁམས་ལ་རླུང་བུ་རྒྱུ།།
རང་བྱུང་ཁམས་ཀྱིས་བརླན་པའི་སྣང་བ་འདི།།
ཚང་ཚིང་ནག་ཀླུང་འདི་ཡི་བཅུད་ན་འདུག།
མ་བཅོས་རང་བྱུང་ཁམས་ཀྱི་མངོན་འགྱུར་འདིས།།
སྣང་བ་འཁྲུལ་བའི་ངོས་ལ་ངལ་གསོ་སྦྱིན།།
རྟོག་པའི་དྲན་ཤེས་རྟ་ལ་སྲབ་ཅིག་བསྐོན།།
ཐ་སྙད་ཚད་གྲུབ་འཇོག་ལ་ཞེ་རེ་སྨོན།།
༢༠༡༤། ༡༠། ༢༧ ཉིན་བྲིས།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…