ཚབ་ཁྲིད་དགེ་རྒན་གྱི་དཀའ་ཁག་གཞུང་གིས་སེལ་དགོས།

      མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་གི་རྫ་རིའི་གསེང་དུ་སློབ་སྒྲུབ་ས་ཚིགས་ཤིག་ཚབ་ཁྲིད་བུད་མེད་དགེ་རྒན་ཞིག་གིས་སྒེར་གྱི་ཚོང་ཁང་ཆུང་ངུའི་མ་དངུལ་དེར་བརྟེན་ནས་བཙུགས་ཡོད་པ་དང་། ལོ་གཉིས་ལྷག་གི་འཕེལ་རྒྱས་བརྒྱུད། ད་ལྟ་སློབ་སྒྲུབ་ས་ཚིགས་དེར་ལོ་ན་ཆུང་བའི་སློབ་ཕྲུག ༢༤ ཡིས་སློབ་སྦྱོང་བྱེད་བཞིན་ཡོད། དེ་ལྟ་ནའང་གཡང་མོ་སྐྱིད་དང་མོའི་སློབ་སྒྲུབ་ས་ཚིགས་དེར་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རང་སྐྱོང་རྫོང་སློབ་གསོ་ཅུའུ་ཡིས། གལ་སྲིད་ཞིབ་བཤེར་མ་བརྒྱུད་པར་རང་གར་སློབ་གྲྭ་གཉེར་ནས་ལོ་རིམ་དང་པོ་གཉིས་པའི་སློབ་ཕྲུག་བསྡུ་ལེན་བྱས་ན། ཁྲིམས་འགལ་སློབ་སྒྲུབ་ལ་གཏོགས་པར་སྣང་་་་་་

གསར་འགྱུར་འདི་བཀླགས་རྗེས་མང་དག་ཅིག་ལ་དངན་པ་དབང་མེད་དུ་འཆོར་རྒྱུར་གོར་མ་ཆག ཕྱོགས་གཅིག་ནས་གཡང་མོ་སྐྱིད་དང་མོའི་ཚབ་ཁྲིད་དགེ་རྒན་གྲོགས་པོ་དག་གིས་ཡུལ་དེའི་ལོ་ན་ཕྲ་བའི་སློབ་ཕྲུག ༢༤ ཡི་ཕྱིར་ཁྱུང་ཉིན་སྡེ་བའི་སློབ་སྒྲུབ་ས་ཚིགས་དཀའ་བ་ཆེན་པོས་བསྲུངས་ཡོད་པ་དང་། ཡང་ཕྱོགས་གཅིག་གནས་ཡུལ་དེའི་སློབ་གསོ་སྡེ་ཁག་གིས་ནན་གྱིས། ཞིབ་བཤེར་མ་བརྒྱུད་པའི་སློབ་གྲྭ་གང་དགར་བཙུགས་ན་ཁྲིམས་འགལ་སློབ་སྒྲུབ་ཏུ་གཏོགས་ཅེས་བརྗོད་པ་རེད།

ལོ་ན་ཕྲ་བའི་ཕྲུ་གུ་འདི་དག་སློབ་མཚམས་འཇོག་པའི་ཉེན་ཁ་ཧ་ཅང་ཆེ་བ་རེད། མཇུག་འབྲས་འདི་འདྲ་བ་ཚབ་ཁྲིད་དགེ་རྒན་གྱི་སྐྱོ་གདུང (གླ་ཕོཊ་དམའ་དྲགས་ནས་མང་པོ་ཞིག་ལ་སྒྲུབ་འདོད་མེདདང་། ཁྱུང་ཉིན་སྡེ་བའི་ཁྱིམ་བདག་དང་ཕྲུ་གུ་ཚོའི་སྐྱོ་གདུང་ཡིན་ལ། དེ་བས་ཀྱང་གཞི་རིམ་སློབ་གསོའི་སྐྱོ་གདུང་ཡིན་པ་རེད།

དངོས་འབྲེལ་བྱས་ན། གནས་ཚུལ་འདི་འདྲ་བ་ཡོད་པའི་ས་ཁུལ་མི་ཉུང་བ་ཞིག་ཡོད། གཞི་གྲངས་ལྟར་ན། ༢༠༠༠ ལོ་ནས ༢༠༡༠ བར་ལོ་བཅུའི་རིང་ལ་རང་རྒྱལ་གྱི་གྲོང་གསེབ་ཀྱི་སློབ་ཆུང་ཕྱེད་ཀ་ཇེ་ཉུང་དུ་ཕྱིན་པ་སྟེ། མ་གཞིའི་ཁྲི ༥༥ ནས་ཁྲི ༢༦ ཏུ་གྱུར་ཅིང་། ཆ་སྙོམས་ཉིན་རེར་གྲོང་གསེབ་སློབ་ཆུང ༥༦ རེ་མེད་པ་ཆགས་པ་དང་སློབ་འབྲིང་མ་གཞིའི་ཁྲི . ནས་ཁྲི . བར་ཇེ་ཉུང་དུ་ཕྱིན་པ་རེད། གནས་ཚུལ་འདི་སློབ་མ་སློབ་མཚམས་འཇོག་པའི་རྒྱུ་རྐྱེན་གསར་པ་ཞིག་ཀྱང་ཆགས་ཡོད། (༢༠༡༢ ལོའི་ཟླ པའི་ཚེས ༡༣ གྱི《ལྷོ་ཕྱོགས་ཉིན་ཚཊ》སུ་གསལ) དེའི་མཇུག་འབྲས་ཐད་ཀ་བ་ནི་རྒྱང་རིང་ལུང་ཀྱོག་གི་ཕྲུ་གུ་ཚོ་སློབ་གྲྭ་དང་ཁ་ཐག་རིང་དྲགས་ནས་སློབ་གྲྭར་འགྲོ་སྟབས་མི་བདེ་བཟོས་པ་མ་ཟད། བདེ་འཇགས་ཐད་ཀྱང་གནད་དོན་མང་པོ་བྱུང་།

གནས་ཚུལ་འདི་ལྟ་བུར་དམིགས་ནས། ༢༠༡༢ ལོའི་ཟླ པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གྲོང་གསེབ་འོས་འགན་སློབ་གསོའི་སློབ་གྲྭའི་བཀོད་སྟངས་ལེགས་སྒྲིག་གི་བསམ་འཆར》སྤེལ་ཏེ།གྲོང་གསེབ་འོས་འགན་སློབ་གསོའི་སློབ་གྲྭ་རྨོངས་ཚོད་ཀྱིས་མེད་པའམ་ཟླ་སྒྲིལ་བཟོ་བ་གཏན་འགོག” དང མེད་པའམ་ཟླ་སྒྲིག་བཟོས་ཟིན་པའི་སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་དངོས་འབྲེལ་དགོས་མཁོ་ཆེ་ན་ཡུལ་དེའི་མི་དམངས་སྲིད་གཞུང་གིས་འཆར་འགོད་དང་གོ་རིམ་བཞིན་སློར་གསོ་དགོས” “སོར་འཇོག་བྱས་པའམ་སླར་གསོ་བྱས་པའི་གྲོང་སྡེའི་སློབ་གྲྭ་དང་སློབ་སྒྲུབ་ས་ཚིགས་ལ་ཐབས་ཤེས་སྣ་ཚོགས་བཏང་ནས་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་དང་སློབ་གསོའི་སྤུས་ཀ་མཐོར་འདེགས་ལ་ཤུགས་གང་ཡོད་རྒྱག་དགོས“”ལོ་གཉིས་ཀྱི་དུས་ཚོད་ཕྱིན་སོང་། རིམ་པ་དང་ས་ཁུལ་སོ་སོས ངེས་པར་དགོས་པའི” སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་ག་ཚོད་བསྐྱར་གསོ་བྱས་ཡོད་དམ། དེ་འབྲེལ་གཞི་གྲངས་མི་རྙེད་པས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་རྟོགས་མི་ཐུབ་ནའང་། དཀའ་ཚེགས་ཆེན་པོསཁྲིམས་འགལསློབ་སྒྲུབ་ས་ཚིགས་སྐྱོང་མཁན་ཚབ་ཁྲིད་དགེ་རྒན་གཡང་མོ་སྐྱིད་ལྟ་བུའི་དཀའ་ངལ་སེལ་ཅི་ཐུབ་བྱ་དགོས། རིམ་པ་སོ་སོའི་སློབ་གསོའི་གཙོ་འགན་སྡེ་ཁག་ཚང་མས་གནད་དོན་ཐག་ལེགས་པོར་གཅོད་རྒྱུ་དང་ཕྲུ་གུ་ཚང་མའི་སློབ་གསོ་མྱོང་དབང་ལ་བརྩི་བཀུར་གྱི་རྣམ་འགྱུར་ཡོད་ཆོག་ཆོག་ཡིན་ལ། དངོས་ཐོག་བདེན་འཚོལ་གྱིས ངེས་པར་དགོས་པའི” སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་བསྐྱར་གསོ་བྱེད་དགོས་ཤིང་། འདི་དགོས་གལ་ཤིན་ཏུ་ཆེའོ། (རྩོམ་པ་པོ་སྨྱན་བྱད་དཔྱད་གཏམ་པ་ཡིན)

རྩོམ་འགན་པ། སྒྲོལ་ཚེ།)                                                                                                 ཡོང་ཁུངས་བོད་ནང་གི་དྲ་བ།


བོད་ཀྱི་དུས་བབ་ལས།

     ཁ་སང་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཁོངས་ཀྱི་འཕྲལ་སེལ་དགེ་རྒན་གཡང་མོ་སྐྱིད་ཞུ་བ་ཞིག་གིས་སྒེར་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་མ་དངུལ་ལ་བརྟེན་ཏེ། ཡ་རྫི་རྫོང་ཁྱུང་ཉིན་སྡེ་བ་རུ་སྒེར་གཉེར་སློབ་གྲྭ་ཞིག་བཙུགས་ཡོད་པ་དེར། ཡ་རྫི་ས་ལར་རང་སྐྱོང་རྫོང་སློབ་གསོ་ཁང་ཞེས་པས་ཞིབ་བཤེར་མ་བརྒྱུད་པར་རང་དགར་སློབ་གྲྭ་གཉེར་བའི་ཉེས་འཛུགས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་སློབ་མཚམས་འཇོག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག སྒེར་གཉེར་སློབ་གྲྭ་དེ་བཙུགས་ནས་ལོ་ངོ་ ༢ ལྷག་འགྲོ་བཞིན་ཡོད་པ་དང་། ཁྱོན་སློབ་ཕྲུག་ ༢༤ ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཡ་རྫི་ས་ལར་རང་སྐྱོང་རྫོང་སློབ་གསོ་ཁང་ཟེར་བས་བཀའ་རྒྱ་ཞིག་བསྒྲགས་པའི་ནང་། ཁོ་མོའི་སློབ་གྲྭ་དེར་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ཐོབ་མེད་པས་ཁྲིམས་འགལ་གྱིས་སློབ་གསོ་སྤེལ་བའི་ཁོངས་སུ་ཚུད་ཡོད་སྟབས། བརྡ་ཁྱབ་བསྒྲགས་པའི་ཉིན་མོ་ནས་བཟུང་སྟེ་སློབ་མཚམས་འཇོག་དགོས་པ་མ་ཟད། སློབ་མ་ཡོངས་ཀྱི་མིང་གཞུང་ལ་འབྲེལ་ཡོད་ལས་ཁུངས་ནས་ལེགས་སྒྲིག་བྱས་པ་བརྒྱུད་ས་གནས་ཀྱི་ཞི་ཁྲང་སློབ་ཆུང་དུ་གནས་སྤོར་གཏོང་རྒྱུ་ཡིན་པས། སློབ་མའི་ཁྱིམ་བདག་ཚོས་དཔྱིད་དུས་སློབ་མགོ་འཛུགས་སྐབས་བྱིས་པ་རྣམས་ས་གནས་ཀྱི་ཞི་ཁྲང་སློབ་ཆུང་ལ་དུས་ཐོག་ཏུ་སྐྱེལ་དགོས། གལ་སྲིད་མ་བསྐྱལ་བ་ཡིན་ན་གནད་དོན་དེའི་མཇུག་འབྲས་ཡོད་ཚད་ལ་རང་ཉིད་ཀྱིས་འགན་ཁུར་དགོས་སྐོར་བརྗོད་འདུག

གོང་གི་གནས་ཚུལ་དེའི་ཐད་དཔྱད་བརྗོད་པ་ཞིག་གིས། དངོས་འབྲེལ་བྱས་ན་གནས་ཚུལ་འདི་འདྲ་བ་ཡོད་པའི་ས་ཁུལ་མི་ཉུང་བ་ཞིག་ཡོད། བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་གྱི་ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་ཆུང་ཕྱེད་ཀ་ཇེ་ཉུང་དུ་ཕྱིན་ཏེ། མ་གཞིའི་སློབ་མ་གྲངས་ཁྲི་ ༥༥ ནས་ཁྲི་ ༢༦ ཏུ་གྱུར་ཅིང་། ཆ་སྙོམས་ཉིན་རེར་གྲོང་གསེབ་སློབ་ཆུང ༥༦ རེ་མེད་པ་ཆགས་པ་དང་། སློབ་འབྲིང་མ་གཞིའི་སློབ་མ་ཁྲི་ ༦.༤ ནས་ཁྲི་ ༥.༥ བར་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། གནས་ཚུལ་འདི་སློབ་མས་སློབ་མཚམས་འཇོག་པའི་རྒྱུ་རྐྱེན་གསར་པ་ཞིག་ཆགས་ཡོད་ལ། གྲོང་གསེབ་ཀྱི་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་བའམ་སྒོ་བརྒྱབ་པ་དེས། རྒྱང་རིང་ལུང་ཀྱོག་གི་ཕྲུ་གུ་ཚོ་སློབ་གྲྭ་དང་ཐག་རིང་དྲགས་ནས་སློབ་གྲྭར་འགྲོ་སྟབས་མི་བདེ་བ་བཟོས་ཡོད་པ་མ་ཟད། བདེ་འཇགས་ཐད་ཀྱང་གནད་དོན་མང་པོ་བྱུང་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༢ ཟླ ༩ པའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼གྲོང་གསེབ་འོས་འགན་སློབ་གསོའི་སློབ་གྲྭའི་བཀོད་སྟངས་ལེགས་སྒྲིག་གི་བསམ་འཆར་༽ཞེས་པ་སྤེལ་ཏེ། གྲོང་གསེབ་འོས་འགན་སློབ་གསོའི་སློབ་གྲྭ་རྨོངས་ཚོད་ཀྱིས་མེད་པའམ་ཟླ་སྒྲིལ་བཟོ་བ་གཏན་འགོག་དགོས་པ་མ་ཟད། གྲོང་གསེབ་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཚུལ་བསྒྲགས་ཡོད་པ་ལྟར། གཡང་མོ་སྐྱིད་ཀྱི་སྒེར་གཉེར་སློབ་གྲྭའི་དཀའ་ངལ་སེལ་ཐབས་དགོས་པའི་སྐོར་ལ་གོང་གི་དཔྱད་བརྗོད་པ་དེས། ལོ་གཉིས་ཀྱི་དུས་ཚོད་ཕྱིན་པའི་ནང་རིམ་པ་དང་ས་ཁུལ་སོ་སོས་ངེས་པར་དགོས་པའི་སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་ག་ཚོད་བསྐྱར་གསོ་བྱས་ཡོད་དམ། དེ་འབྲེལ་གཞི་གྲངས་མི་རྙེད་པས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་རྟོགས་མི་ཐུབ་ནའང་། དཀའ་ཚེགས་ཆེན་པོས་སློབ་སྒྲུབ་ས་ཚིགས་སྐྱོང་མཁན་དགེ་རྒན་གཡང་མོ་སྐྱིད་ལྟ་བུའི་དཀའ་ངལ་སེལ་ཅི་ཐུབ་བྱ་དགོས། རིམ་པ་སོ་སོའི་སློབ་གསོའི་གཙོ་འགན་སྡེ་ཁག་ཚང་མས་གནད་དོན་ཐག་ལེགས་པོར་གཅོད་རྒྱུ་དང་ཕྲུ་གུ་ཚང་མའི་སློབ་གསོ་མྱོང་དབང་ལ་བརྩི་བཀུར་གྱི་རྣམ་འགྱུར་ཡོད་ཆོག་ཆོག་ཡིན་ལ། དངོས་ཐོག་བདེན་འཚོལ་གྱིས་ངེས་པར་དགོས་པའི་སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་བསྐྱར་གསོ་དགོས་པ་གལ་ཤིན་ཏུ་ཆེའོ། ཞེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s