ཡུ་གུར་མ་བུ་གཉིས་དང་རྒྱ་དམག་རླངས་འཁོར་གང་། ཁཱ་ཞི་སྒར་གྲོང་ཁྱེར།

འབྲོག་མྱི།

     ཕྱི་ལོ ༢༠༡༤ ལོར་ཞིན་ཅང་དུ་དོགས་གཞི་མི་སྣ ༢༧༡༦༤ལ་གཞུང་གི་ཆོག་མཆན་ཐོབ་ནས་འཛིན་བཟུང་བྱས་ཡོད་འདུག
དེ་ཡང༼རྒྱ་ནག་ཉིན་རེའི་ཚགས་པར༽གྱིས་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཞིབ་བཤེར་འགན་འཛིན་ནེ་ཞན ཨེ་པུ་ར་ཨེམ་གྱི་གཏམ་བཤད་ལུང་དྲངས་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ༢༠༡༤ལོར། ཞིན་ཅང་ཞིབ་བཤེར་ཚན་པས་ཆོག་མཆན་ཐོབ་ནས་ཉེན་ཅན་དོགས་ཡོད་མི་སྣ ༢༧༡༦༤འཛིན་བཟུང་བྱས་པ་དང་། གྲངས་ཀ་དེ ༢༠༡༣ལོ་ལས ༩༥ %འཕར་ཡོད་པ་དང་། མི ༣༤༨༡༦  ཁྲིམས་ལ་གཏུགས་པ་དང་། གྲངས་ཀ་དེ ༢༠༡༣ ལོ་ལས ༥༩.%འཕར་ཡོད་འདུག
ནེ་ཞན ཨེ་པུ་ར་ཨེམ་གྱིས་ཞིན་ཅང་དམངས་ཆེན་ཚོགས་འདུའི་ཞིབ་བཤེར་ལས་དོན་སྙན་ཞུ་སྐབས། ཞིབ་བཤེར་ལས་ཁང་གིས་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་ཡོད་གྱོད་དོན་ཁྲོད་ཁྲིམས་གཏུག་དང་འཛིན་བཟུང་བར་གྱི་དུས་ཡུན་ཇེ་ཐུང་དུ་བཏང་ནས་མགྱོགས་མྱུར་ངང་དོགས་ཡོད་མི་སྣར་ཁྲིམས་གཅོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་ལ། དེ་ཡིས་ས་གནས་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གི་ཆོད་སེམས་མཚོན་ཡོད་ཅེས་ཀྱང་བརྗོད་འདུག
ལོ་སྔོན་མར་ཞིན་ཅང་དང་ས་ཁུལ་གཞན་དུ་དྲག་པོའི་དོན་རྐྱེན་བསྟུད་མར་བྱུང་ནས་མ་མཐའ་ཡང་མི ༢༠༠ ལྷག་རྐྱེན་འདས་སུ་སོང་ཡོད། རྒྱ་ནག་གཞུང་གིས་ཆོས་ལུགས་ཐལ་དྲགས་པ་དང་། ཁ་བྲལ་བ། འཇིགས་སྐུལ་དྲག་སྤྱོད་པས་དྲག་པོའི་དོན་རྐྱེན་སྤེལ་ལུགས་སུན་འབྱིན་དང་སྐྱོན་འཛུགས་བྱས་པ་དང་ཆབས་ཅིག  ༢༠༡༤ ལོའི་ཟླ ཚེས ༢༣ ནས་ཞིན་ཅང་ལྗོངས་ཡོངས་སུ་ལོ་གཅིག་རིང་གི་དྲག་རྡུང་ལས་འགུལ་སྤེལ་ཡོད་པ་དང་། ཉུང་མཐའ་མི ༥༠ ལ་ཡོངས་ཁྱབ་སྲོག་ཁྲིམས་བཅད་པ་རེད།
ཞིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཁྲོན་ཞན་གྱིས་འཇིགས་སྐུལ་ལ་འཐབ་རྩོད་ཀྱི་ལས་དོན་དེ་རྣོ་ངར་ཆེ་བའི་རིམ་པ་གསར་བ་ཞིག་ལ་བསླེབས་ཡོད་པས། ཆོས་ལུགས་ཐལ་དྲགས་བསམ་བློའི་ཡོང་ཁུངས་དང་འགྲེམ་སྤེལ་བརྒྱུད་ལམ་ཡོད་ཚད་བཅད་ནས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ལ་བཏང་འཛིན་བྱེད་དགོས་ཞེས་བརྗོད་ཡོད་འདུག
ཡིན་ན་ཡང་། འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཁང་གིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ཆོས་ལུགས་དད་མོ་རང་དབང་ལ་བཀག་སྡོམ་དང་བུད་མེད་ཚོས་གདོང་ཁེབས་གཡོགས་ལྭ་སོགས་གོན་རྒྱུར་ཚད་བཀག་བྱས་པ་ནི་་པར་དྲག་པོའི་དོན་རྐྱེན་གྱི་འབྱུང་ཁུངས་ཡིན་ཞེས་བརྗོད་འདུག

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d