དུས་རྒྱུན་ “ནད་གཞི་དེར་བཅོས་ཐབས་ཡོད་མ་རེད་” ཟེར་དུས་མི་མང་པོ་ཞིག་གི་སེམས་ལ་འཇིགས་སྐྲག་ཅིག་དང་། རེ་བ་ཟད་པ་ལྟ་བུའི་སྣང་བ་ཞིག་འཆར་བཞིན་ཡོད།  དེ་ནི་ཕལ་ཆེར་ཨེ་ཙིའི་ནད་ལ་བཅོས་ཐབས་མེད་ཟེར་བའི་ཁྱབ་བསྒྲགས་ཀྱིས་ཡིན་སྲིད།  དེང་སང་ཚན་རིག་འཕེལ་རྒྱས་ཀྱི་ཉེར་ལེན་ལ་བརྟེན་ནས་ང་ཚོས་ནད་གཞི་མང་པོ་ཞིག་མེད་པར་བཟོ་ཐུབ་བཞིན་པ་མ་ཟད།  མང་པོ་ཞིག་ལ་ད་དུང་བཅོས་ཐབས་རྙེད་མེད་ཀྱང་ནད་གཞི་དེ་ཁྱོན་ཡོངས་ནས་སྟངས་འཛིན་བྱེད་ཐུབ་ཀྱིན་ཡོད།  སྔོན་ཚུད་ནས་བརྟག་དཔྱད་དང་སྨན་བཅོས་ཚུལ་བཞིན་བྱེད་པ་ཡིན་ན་དེང་སྐབས་ཨེ་ཙིའི་ནད་ཀྱང་སྟངས་འཛིན་བྱེད་ཐུབ་པའི་ཚོད་ལ་སླེབས་ཡོད། དེ་ལྟ་ནའང་། དེ་ནི་རྒྱུ་དངོས་ཀྱི་འགྲོ་གྲོན་ཧ་ཅང་ཆེ་བའི་སྨན་བཅོས་ཤིག་ཡིན་པ་མ་ཟད། འཚོ་བ་དང་བསམ་བློ་བཅས་ཕྱོགས་ཡོངས་ལ་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། དུས་རྒྱུན་ནས་རང་གི་བདེ་ཐང་ལ་དོ་སྣང་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན།
བདེ་ཐང་ལྡན་པའི་འཚོ་བ་ཞིག་རོལ་དགོས་ན་གཞི་རྩའི་ཆ་རྐྱེན་གཅིག་ཚང་དགོས་པ་ནི་འཕྲོད་བསྟེན་ཚན་རིག་ཤེས་བྱར་རྒྱུས་ལོན་བྱེད་རྒྱུ་དང་།  དེ་དག་ཉིན་རེའི་འཚོ་བའི་ཁྲོད་ཚུལ་བཞིན་ལག་ལེན་བྱེད་རྒྱུ་དེ་རེད།  དེས་ན་དེ་རིང་ང་ཚོས་འདི་ནས་འཛམ་གླིང་གང་སར་འགོས་ཁྱབ་ཆེ་བའི་ནད་གཞི་ཞིག་ལ་རྒྱུས་ལོན་བྱེད།  ནད་གཞི་དེས་ང་ཚོའི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཆེན་པོ་མིན་མོད། བསམ་བློ་ཞིབ་ཏུ་བཏང་ན་ན་ཚ་ཡིན་ན་ཆུང་ཆུང་ཞིག་ཀྱང་བྱུང་འདོད་མེད་པས། བདེ་ཐང་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་དེ་ཡང་དོན་དག་ཆེན་པོ་ཞིག་རེད། འོ།  ད་ལྟའི་ཆར་ནད་གཞི་འདི་ལ་ད་དུང་བཅོས་ཐབས་ཤིག་རྙེད་མེད་པ་མ་ཟད། དེ་ལ་གནད་དུ་འཁེལ་བའི་སྔོན་འགོག་སྨན་ཡང་མེད། དེ་བས་རང་སྲུང་སྔོན་འགོག་བྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་དེ་ཡིན།


འབྲུམ་ནད་དམ། འབྲུམ་ཐོར།

man-herpes-lip-5-300x200     འབྲུམ་ཐོར་(herpes/泡疹) ནི་མིའི་མཆུ་འདབས་དང་། ཡ་ཁ་དང་མ་ཁར་བུད་པའི་རྨ་འབྲུམ་གྱི་རིགས་ཤིག་ཡིན། སྐབས་རེར་ད་དུང་ཡ་ཁ་དང་སྣའི་བར་མཚམས་དང་། མིག་གི་མཐའ་འཁོར་དུ་ཡང་བུད་པ་མ་ཟད། ཕོ་མོའི་མཚན་མའི་སྟེང་དུའང་འབྲུམ་ཐོར་ཐོན་པ་རེད། ཚན་རིག་གིས་འདི་དབྱེ་བ་གཉིས་ཕྱེས་ཡོད། དེ་ནི་ལུས་སྟོད་དུ་བྱུང་བ་ལ་འབྲུམ་ཐོར་ཕྲ་སྲིན་རིགས་དང་པོ་ (Herpes simplex virus type 1/单纯疱疹病毒1型) དང་། ལུས་སྨད་དུ་བྱུང་བ་ལ་འབྲུམ་ཐོར་ཕྲ་སྲིན་རིགས་གཉིས་པ་ (Herpes simplex virus type 2/单纯疱疹病毒2型)  ཟེར་བ་རེད། ལུས་སྟོད་དུ་བྱུང་བའི་འབྲུམ་ཐོར་མང་ཆེ་བ་མཆུ་འདབས་སུ་བྱུང་བ་དང་།  ལུས་སྨད་ཀྱི་འབྲུམ་ཐོར་བྱུང་ས་ཕོ་མོའི་མཚན་མ་རེད། དེ་གཉིས་ལས་ཕྱི་མ་དེ་ཅུང་ཉེན་འཚབ་ཆེ་བའི་རིགས་ཡིན།


འབྲུམ་ཐོར་འདི་གང་ནས་བྱུང་བ་ཡིན་ནམ།

      འབྲུམ་ཐོར་ནི་ཕྲ་འབུའམ། སྲིན་འབུས་(virus/病毒)བསྐྱེད་པའི་ནད་ཅིག་ཡིན། དུས་རབས་ལྔ་པའི་ནང་ལ་འབྲུམ་ཐོར་འདི་ལོ་རྒྱུས་ཡིག་ཚགས་སུ་ཐོག་མར་བཀོད་འདུག་པ་དང་། ནད་འདིའི་ཞིབ་ཕྲའི་གནས་ཚུལ་ཡིག་ཐོག་ཏུ་བཀོད་girl-herpes-lipsཔ་ནི་དུས་རབས་བཅོ་བརྒྱད་པའི་ནང་རེད། ཡིན་ན་ཡང་། ཕྱི་ལོ་1970 ལོའི་ནང་བར་དུ་འབྲུམ་ཐོར་འདིའི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་བྱུང་མེད། ཕྱི་ལོ་1970 ལོ་ནས་བཟུང་ནད་འདི་སྲིན་འབུས་བསྐྱེད་པ་ཙམ་དུ་མ་ཟད། དེ་ནི་ལུས་སྦྱོར་བརྒྱུད་མི་ནས་མིར་འགོ་བའི་འགོས་ནད་ (STD/性病)  ཅིག་ཡིན་པའི་ར་སྤྲོད་གསལ་བོར་བྱུང་བ་རེད།  ཕྲ་འབུ་འདི་ང་ཚོའི་ཉེ་འཁོར་གྱི་ཕྱུགས་རིགས་དང་སྲོག་ཆགས་གཞན་ནས་མིར་འགོ་བའི་དཔང་རྟགས་གང་ཡང་རྙེད་མེད།  དེ་བས། འབྲུམ་ཐོར་ནི་ལུས་སྦྱོར་བརྒྱུད་མི་ནས་མིར་འགོ་བའི་འགོས་ནད་ཅིག་ཡིན།
འབྲུམ་ཐོར་ཕྲ་སྲིན་རིགས་དང་པོ་ (Herpes simplex virus type 1/单纯疱疹病毒2型) འདིས་ང་ཚོའི་མཆུ་འདབས་དང་ཁའི་ནང་རྨ་འབྲུམ་མམ་ཡང་ན་གྲང་ངར་ཆེ་དུས་ཁའི་ནང་དང་མཆུ་འདབས་སུ་རྨ་འབྲུམ་བསྐྱེད། གལ་སྲིད་ཁྱོད་ལ་དགུན་ཁར་ཁའི་ནང་དང་མཆུ་འདབས་བཅས་སུ་ཆུ་སེར་བསགས་པའི་རྨ་འབྲུམ་ཐོན་བཞིན་ཡོད་ན།  དེ་ཕལ་ཆེར་འབྲུམ་ཐོར་ཡིན་པའི་ཉེན་ཁ་བརྒྱ་ཆའི་བརྒྱད་ཅུ་ལྷག་ཡོད་པ་རེད། ཆུ་སེར་བསགས་པའི་རྨ་འབྲུམ་དེ་ཁ་དང་མཆུ་ཙམ་དུ་མ་ཟད། མིད་པ་དང། ཁུར་ཚོས། མ་ནེ། སྣ། མཛུབ་མོ་བཅས་སུ་ཐོན།
འབྲུམ་ཐོར་ཕྲ་སྲིན་རིགས་གཉིས་པ་(Herpes simplex virus type 2/单纯疱疹病毒2型) ནི་ཕོ་མོའི་ མཚན་མར་བྱུང་ཞིང་། རྨ་ཡི་རྣམ་པ་དང་ངོ་བོ་ནི་གོང་དང་གཅིག་མཚུངས་ཡིན།  ནད་འབུ་འདི་མིའི་ལུས་པོར་ཞུགས་ཚར་ན་དེར་བཅོས་ཐབས་མེད། ཡིན་ན་ཡང་། དགུན་དུས་ལྟ་བུ་གྲང་ངར་ཆེ་དུས་མ་གཏོགས་ནད་འབུ་འདི་མིའི་ལུས་པོར་ཁུ་སིམ་མེར་སྡོད་པ་ཡིན་པས། གནས་སྐབས་དེར་ནད་རྟགས་གང་ཡང་མངོན་རྒྱུ་མེད།  རྨ་འདི་ལུས་པོའི་སྟོད་སྨད་གང་དུ་བྱུང་རུང་། གལ་ཆེ་བ་ནི་དེར་ལག་པར་མི་ཐུག་རྒྱུ་དེ་ཡིན། གལ་སྲིད་ལག་པས་ཐུག་ནས་དེའི་གཤེར་ཁུ་འགོས་པ་ཡིན་ན། འབྲུམ་ཐོར་འདི་ལག་པ་ནས་མིག་དང་སྣ་སོགས་ལུས་ཀྱི་ཆ་ཤས་གཞན་ལ་འགོས་པ་མ་ཟད། མི་གཞན་ལ་ཡང་འགོས་ཁྱབ་འགྲོ་ངེས་ཡིན།  འབྲུམ་ཐོར་འགོས་ནས་ལུས་ཀྱི་སྟོད་སྨད་གང་རུང་ལ་དངོས་སུ་མངོན་པའི་སྐབས་སུ་ང་ཚོའི་ལུས་ཀྱི་ཡམས་འགོག་མ་ལག་གིས་ནད་འབུ་འདིར་འཐབ་འཛིང་བྱེད་པ་ཡིན། འཐབ་འཛིང་ཤུགས་ཆེ་རུ་ཆེ་རུ་འགྲོ་རིམ་བཞིན་ཕན་ཚུན་གཉིས་ཀར་ཕམ་ཉེས་ཆེན་པོ་བྱུང་བ་ཡིན་པས། ང་ཚོའི་ལུས་ཀྱི་ཡམས་འགོག་མ་ལག་ལ་ཉམས་པའམ་ཤུགས་ཆུང་དུ་གཏོང་བཞིན་ཡོད་པས། གནས་སྐབས་དེར་ཆམས་ནད་ཕོག་པ་སོགས་ཡོང་གི་ཡོད་པ་མ་ཟད།  ནད་གཞི་རྙིང་པ་ཡོད་ཚེ་བསྐྱར་འཕར་ཡོང་བའི་ཉེན་ཁ་ཧ་ཅང་ཆེ། དེ་བས། འབྲུམ་ཐོར་ཡོད་མཁན་ཚོས་དུས་རྒྱུན་འབྲུམ་ཐོར་གྱི་ནད་རྟགས་མི་མངོན་པར་བྱེད་རྒྱུ་གལ་ཆེན་པོ་ཡིན།
འདིའི་རྗེས་སུ་ང་ཚོས་མཚན་མའི་འབྲུམ་ཐོར་དང་། དེ་ཇི་ལྟར་འགོས་ཚུལ། དེ་ལས་རང་ཉིད་སྲུང་ཐབས་སོགས་ཀྱི་སྐོར་ལ་གླེང་རྒྱུ་ཡིན་པས། ལེའུ་ཕྱི་མར་གཟིགས་རོགས།

ཡོང་ཁུངས་བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ།

དཔྱད་མཆན་སྤེལ།

%d bloggers like this: