February ༦, ༢༠༡༥

ནང་ཆོས། -0 Minutes

ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་།

གུང་ཐང་བསྟན་པའི་སྒྲོན་མེ། ༄༅།།སྐྱེ་བའི་ས་བོན་སྤངས་པ་ཡིས། །རྒ་ཤིའི་སྡུག་བསྔལ་མི་འབྱུང་བ། ། ཟག་ཟད་ཐུབ་པ་རྣམས་ལ་འདུད། །འཁོར་བའི་རྒྱུན་ལམ་བཅད་དུ་གསོལ། ། སྲིད་པའི་འབྲོག་དགོན་ཐང་དཀྱིལ་ན། །རྒས་འཁོག་རྒད་པོ་ཉལ་བ་ལ། ། ལང་ཚོས་དྲེགས་པའི་གཞོན་ནུ་ཞིག །འོངས་ཏེ་ཅོ་འདྲི་འདི་སྐད་གླེང༌། ། རྒད་པོ་འགྲོ་འདུག་བྱ་བྱེད་ཀུན། །གཞན་དང་མི་མཐུན་ཅལ་ཅོལ་རང༌། ། བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར། །དེ་ལ་རྒད་པོས་ལན་སྨྲས་པ། ། ཡོག་ལི་ཤ་དར་ཁྲག་དར་གྱི། །འཕུར་མ་ལྡིང་ཁྱོད་ང་ལ་ཉོན། ། ང་ཡང་ལོ་འགའ་སྔོན་ཙམ་ན། །ཁྱོད་ལས་ལྷག་སྒོས་ལྷག་ཅིག་ཡིན། ། བརྒྱུག་ན་གྱི་ལིང་རྟ་ཡང་ཟིན། །བཟུང་ན་བྱང་ཁའི་འབྲོང་ཡང་ཐུབ། ། ཡང་ཟོར་ནམ་མཁའི་བྱ་དང་མཚུངས། །མཛེས་པ་ལྷ་ཕྲུག་གཞོན་ནུ་འདྲ། ། བཀྲག་མདངས་ཅན་གྱི་གོས་ཀྱང་གྱོན། །རིན་ཐང་ཅན་གྱི་རྒྱན་ཡང་བཏགས། །...
དེ་ལས་མང་པ།
གསར་འགྱུར། -0 Minutes

ཨོ་བྷ་མས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས།

         ཨོ་བྷ་མས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས།  དེ་རིང་ཨ་རིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ སྟེང་། ཨ་རིའི་རྒྱལ་ས་ཝ་ཤཱིན་ཊོན་དུ། ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་སྟེང་། སྐུ་མགྲོན་གཙོ་བོ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གཏམ་བཤད་དབུ་འཛུགས་དང་འབྲེལ་ཏེ། བོད་མིའི་འདུ་ཕྱིའི་སྐྱབས་གནས་༧གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་གསུང་བཤད་གནང་འདུག          སྐབས་དེར་ཨོ་བྷ་མས་གསུངས་དོན།  “ངས་འདིར་དམིགས་བསལ་གྱིས་འཚམས་འདྲི་ཞུ་ཡུལ་ཞིག་ནི། ངའི་གྲོགས་པོ་བཟང་པོ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཡིན།  ཁོང་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་རླབས་ཆེན་དཔེ་མཚོན་ཞིག་ཡིན་ལ།  ཁོང་གིས་ང་ཚོར་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་གི་ཆེད་དུ་སྐད་ཆ་ཤོད་རྒྱུའི་སེམས་ཤུགས་སྤར་གནང་གི་ཡོད།  ངས་དེ་སྔོན་༧གོང་ས་མཆོག་ཕོ་བྲང་དཀར་པོར་གདན་འདྲེན་ཞུ་རྒྱུའི་གོ་སྐབས་ཐེངས་མང་ཐོབ་བྱུང་ལ།  དེ་རིང་འདིར་སླར་ཡང་༧གོང་ས་མཆོག་མཉམ་ཞུགས་གནང་རྒྱུ་བྱུང་བར་དགའ་བོ་བྱུང་།”   ཞེས་སོགས་བརྗོད་འདུག ཐེངས་འདིའི་སྨོན་ལམ་གསོལ་སྟོན་དེ་ནི།  ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་ཁག་ཅིག་གིས་གོ་སྒྲིག་ཞུ་བཞིན་པའི་ཡེ་ཤུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་དང་།  གསོལ་སྟོན་དེར་ཆོས་ལུགས་ཁག་གི་མི་སྣ་གདན་ཞུ་བྱེད་སྲོལ་ཡོད་ཅིང་།  ལོ་ལྟར་གསོལ་སྟོན་གྱི་སྐུ་མགྲོན་གཙོ་བོར་ཨ་རིའི་སྲིད་འཛིན་དང་།  གལ་སྲིད་འཛིན་ཕེབས་མ་ཐུབ་ཚེས་དམིགས་བསལ་སྐུ་མགྲོན་ཆོས་དཔོན་ཚོས་གཏམ་བཤད་གནང་བའི་ལུགས་སྲོལ་ཡོད་འདུག         ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་འདི་ནི་ ༡༩༡༥ ལོར་མགོ་འཛུགས་གནང་སྟེ་ད་རེས་ཀྱི་མཛད་སྒོ་དེ་ཐེངས་ ༡༠༠ པ་དེ་ཡིན་པ་དང་།   ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་དང་ཁོང་གི་སྐྱེས་དམན་མེ་ཤཱལ་ཨོ་བྷ་མ་གཙོས་རྒྱལ་ཁབ་བརྒྱ་ལྷག་གི་ཆོས་ལུགས་དང་ཆབ་སྲིད་མི་སྣ་བཅས་སྐུ་མགྲོན་  ༣༥༠༠...
དེ་ལས་མང་པ།