སྤོ་ཆུང་ཚང་དོན་གྲུབ་ལྷ་དར།
ཁ་སང་་་་
བཙན་པོ་སྲོང་བཙན་སྒམ་པོས་ཡར་ཀླུང་ནས་འཁུར་ཡོང་བའི་སྙིང་སྟོབས་ཀྱིས་བསྐྲུན་པའི་ཕ་མཁར་སྨུག་པོ།
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཁྱེན་རླབས་ཀྱིས་བླ་རུ་བཏེགས་པའི་སྤྱན་རས་གཟིགས་ཀྱི་ཞིང་ཁམས་མཆོག་གྱུར།
བོད་མིའི་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་སྤོབས་པ་ངོམས་པའི་ལོ་རྒྱུས་སྣུམ་པོ།
དེ་རིང་་་
བཙན་འཛུལ་དང་བཙན་གནོན་འོག
ཐེངས་ དང་པོའི་གསུམ་བཅུའི་སྒེར་ལངས་དང་། བུད་མེད་སྒེར་ལངས་ནས་བོད་རང་བཙན་གྱི་འབོད་སྒྲའི་ཆེད་དུ་ཟུངས་ཁྲག་གྲངས་མེད་ བཞུར་བའི་ཚེ་སྲོག་གི་ཁ་དོག་དམར་པོ།
མི་ལོ་ ༥༦ རིང་བཞུགས་ཁྲི་སྟོང་པར་ལུས་པའི་མིག་ཆུའི་ཟིན་ཐོ་སྐྱུར་མོ།
རེ་སྨོན་ཁྲི་སྟོང་གི་མ་ཎིའི་དབྱངས་རྟ་དར་དམར་གྱི་ཐག་སྒྲས་བཅོམ་པའི་ངུ་ངག་རིང་མོ།
སང་ཉིན་་
སྐར་ལྔའི་དར་དམར་གྱི་ཞྭ་མོ་གྱོན་པའི་དགྲ་བོ་རྒྱ་ནག་གི་ས་གནས་གཞུང་ལས་ཁང་ཞིག་གམ།
ཡང་ན་རྒྱལ་ཁའི་ལྷན་འཛོམས་ཀྱི་སེང་དར་ལྷབ་ལྷུབ་ཏུ་གཡོ་བའི་བོད་རྒྱལ་ཁབ་ཀྱི་དབུས་ལས་ཁུངས་ཤིག དེ་གཉིས་གང་དུ་འགྱུར་མིན་ནི། ད་ལྟའི་ང་ཚོའི་ཕུགས་དམིགས་དང་སྙིང་སྟོབས་ལ་རག་ལས་ཡོད།
བོད་པ་ཚོ། ངེད་ཅག་ནི་ལོ་རྒྱུས་ཀྱི་བདག་པོ་ཡིན་ལ། ལོ་རྒྱུས་འབྲི་མཁན་ཡང་ཡིན་པས། ད་ངོ་མ་ང་ཚོ་གཉིད་ལས་སད་རན
༢༠༡༥།༢། ༡ རེས་གཟའ་ཉི་མའི་དགོང་མོར་ནིའུ་ཡོག་ནས་བྲིས།
ངེད་དྲ་ཚིགས།