February ༡༥, ༢༠༡༥

རྩོམ་ཡིག སྙན་ངག -0 Minutes

སྐད་ཆ་མི་འདུག

སྨྱུག་མདའ། དགའ་བ་ཚོ་ཡང་དུ་བ་ཞིག་གི་སྣེ་ལ་གཡེང མི་ཚོགས་ཀྱི་ཁ་མིག་ནག་ས་ཞིག་ཏུ རྨི་ལམ་ལྟ་བའི་འཁྲུལ་སྣང་བཞག་པས འཇིགས་སྣང་གིས་ཁེངས་ཤིང གཏམ་རྒྱུད་ཀྱིས་སྨྱོས་སོང ཐག་རིང་གི་སྐད་ཆ་ཉན་ཞོར ལག་པས་བྲང་ཁར་ཡང་ཡང་རེག་དགོས་བྱུང བསམ་གཞིགས་ཧ་ཅང་ལྕི་བའི་རྡོག་ཁྲེས་ཤིག་ཏུ་གྱུར དགའ་བ་དང་སྐྱོ་བའི་བདག་ཉིད་དུ་གྱུར་བའི་སེམས་པ ས་རྡུལ་གྱི་ཕུང་བོ་གང་ནས་འཚུབ་ཡོང་ལ ཤེལ་ངོར་སྐུང་བའི་ལག་པ་དེ་བས་ཀྱང་འཚང་ཀ་ཤིག་ཤིག མི་གཉིས་དབྱིངས་ལ་འཐིམ་བྱུང འཐིམ་བྱུང་བས་སྙིང་ག་ནས་བར་སྣང་དུ་འཐེན གྱ་གྱུ་ངང་འཁྲིད་བཞིན་པའི་ང་ཚོའང་ཡང་ཞིང་ཡང་བ བག་ཡངས་ཀྱི་མཛེས་པ་ཞིག་མེད་པ ཡི་གེ་མུན་པར་ཟུག་ཡོད་པས་རེད་འདུག གཞུང་ལུགས་ནང་གི་ཡི་གེ་དེ་དག་ཀྱང ང་ཚོར་དུག་ཏུ་གྱུར་སྟེ དཀར་བོ་ཞེས་པ་གསུབ་ཅི་ཐབས་བྱས གཉིད་ལ་ཤོར་བའི་མགོ་བོ་མང་དག་ཅིག་གིས བདག་གི་མིག་ཀྱང་རབ་རིབ་ཉིད་དུ་བཟོས རིས་ཀྱི་ཚོན་དེ་རྒྱན་ཞིག་ཟེར་ཞོར མི་ཡི་སྐད་དེ་སེམས་ཤིག་ཟེར་ཞོར ལམ་གྱི་མཐའ་དེ་རྨི་ལམ་ཟེར་ཞོར ཤར་ནུབ་ཀྱི་ཐ་སྙན་འགའ་རེ་བར་གསེང་དུ་བླུགས གྲོག་མའི་ཁ་ཚུབ་ཀྱང་ཕྱེས་ནས་འདུག ༢༠༡༥། ༠༢། ༡༤ མཚན་མོ། ངེད་དྲ་ཚིགས།...
དེ་ལས་མང་པ།