འབྲོག་མྱིའི་བསྒྱུར།

       ཉེ་ཆར། རྒྱ་རིགས་སྒྱུ་རྩལ་བ་ལྕམ་ལིའུ་ཞ་ཡི་བརྩམས་ཆས་འཇར་མན་གྱི་གྲོང་ཁྱེར་བྷོར་ལེན་དུ་འགྲེམས་སྟོན་གནང་པ་དང་།  པར་རིས་དེ་དག་གིས་བཙོན་འོག་ན་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་གི་གཟའ་ཟླའི་འཚོ་བའི་འཇིགས་སྐུལ་དང་དངངས་སྐྲག་མཚོན་ཡོད།
ཨ་ལས་པད་གོག་གམ་འདྲ་གཟིགས་རྩེད་ཆས་བྱིས་པ་རེ་རེ་གདོང་མར་བཏགས་ནས་མར་དཔྱང་པ།  གཞུང་ཡིག་ཁྲོད་འཐུམས་པའི་འདྲ་གཟིགས་རྩེད་ཆས་བྱིས་པ།  གཡོག་ལྭ་རིང་པོ་གོན་ajax513a92755b56cཔའི་ངོ་གདོང་མེད་པའི་མི་རྣམས་འཇིགས་སྐྲག་ངང་ཕྲེང་བསྒྲིགས་པ་སོགས།  འདི་ཚང་མ་ནི་ལྕམ་ལིའུ་ཞའི་པར་ཆས་ཀྱིས་མངོན་པའི་འཇིགས་སྐྲག་དང་ཁེར་རྐྱང་གི་ མག་མོག་གི་ཡུལ་ལྗོངས་རེད། ཡུལ་ལྗོངས་དེ་ཚང་མ་བདེན་པའི་རྫུན་ལས་བླངས་པ་ཤར་སྟག་རེད་ལ། རྒྱ་ནག་གཞུང་གི་གནོད་འཚེ་ཕོག་པའི་མི་སྣ་གལ་ཆེན་ཞིག་གི་གཟའ་ཟླའི་མི་ཚེ་ལས་བླངས་པ་རྐྱང་རྐྱང་རེད།

 པར་བ། རི་མོ་བ།  སྙན་ངག་པ་ལིའུ་ཞ་ནི་རྒྱ་ནག་ཐོབ་ཐང་སྲུང་སྐྱོང་མཁན།  ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོ་ཡིས་གཟའ་ཟླ་རེད།  ཁོང་མོའི་ཁྱོ་གའི་བཙོན་པའི་མི་ཚེ་དེ་ཕྱི་ལོ ༢༠༠༨ ལོ་ནས་མགོ་བརྩམས།  སྐུ་ཞབས་ལིའུ་ཞོ་པོ་ལགས་ལ“ རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི” ཉེས་མིང་བཙུགས་ནས་ལོ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་།  ལྕམ་ལིའུ་ཞ་ཕྱི་ལོ ༢༠༡༠ ལོ་ནས་བཟང་བཙོན་དུ་བཀག
ཕྱི་ལོ ༢༠༡༠ ལོའི་དབྱར་ཀ་ནས་ལྕམ་ལིའུ་ཞ་མི་མང་གི་མཐོང་ལམ་ལས་བརླག་སོང་།  སྐབས་དེར་ལྕམ་ལིའུ་ཞ་ལགས་པེ་ཅིང་གི་མགྲོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་དང་། མགོའི་སྐྲ་བཞར་ནས་མགོ་རིལ་ཡིན་ཞིང་། རྒྱུ་སྲང་བལ་གྱི་སྟོད་ཐུང་ཞིག་གོན་ནས་མིའི་སྣང་བར་བཙུན་མ་ཞིག་དབང་མེད་དུ་ཤར་འོང་། ཕར་བལྟས་ཚོད་ཀྱི་ཧ་ཅང་ལྷོད་ཡངས་ཀྱི་རྣམ་པ་ཞིག་སྣང་པ་དང་།  ཨེ་ཊ་ལེ་ཡི་ཚིགས་ཇ་བཙན་པོར་དགའ་ཞིང་།  ཐ་མག་གཅིག་རྗེས་གཉིས་མཐུད་ནས་མཚམས་མི་གཅོད་པར་འཐེན་ཞོར་དུ།  ཁོང་མོའི་མཐའ་འཁོར་གྱི་སྐྱེས་པ་དག་ལ་ཞིབ་ལྟ་བྱེད་ཀྱིན་འདུག དེ་ནི་ཁོང་མོ་ལྟ་སྐུལ་འོག་ཚུད་ནས་ལོ་མང་ཕྱིན་ཟིན་པའི་སྐབས་ཤིག་རེད། སྐུ་ཞབས་ལིའུ་ཞོ་པོ་དང་རྒྱ་རིགས་ཤེས་ལྡན་མི་སྣ་སྐོར་ཞིག་མཉམ་རུབ་ཀྱིས ༼༠༨ རྩ་འཛིན་ཡིག་ཆ༽ ཟིན་བྲིས་སུ་བཏབས་པར་རྐྱེན་བྱས་ནས་ཡང་བསྐྱར་བཙོན་ཁང་དུ་བཅུགས་པ་རེད།
“ངས༼༠༨ རྩ་འཛིན་ཡིག་ཆ༽ དེ་མཐོང་དུས། བཀྲ་མི་ཤིས་པའི་དོན་དག་ཅིག་བྱུང་ངེས་ཡིན་པ་ཚོར་སོང་།” ཞེས་ལྕམ་ལིའུ་ཞ་ཡིས་དོན་རྐྱེན་རྗེས་གསུངས་འདུག  ལྕམ་ལིའུ་ཞ་ཡིས་ནམ་རྒྱུར་ཁོང་མོ་ཆབ་སྲིད་ལ་འབྲེལ་བ་མེད་ཅེས་བཤད་ཀྱིན་ཡོད་ཀྱང་། ཁོང་མོས་གཟའ་ཟླར་རྒྱབ་སྐྱོར་གང་ཐུབ་བྱས་ཡོད། དེའི་རྐྱེན་གྱིས་ཁོང་མོ་ཡང་དཀའ་ངལ་ཆེན་པོར་ཐུག སྐུ་ཞབས་ལིའུ་ཞོ་པོ་དང་བསྡུར་ན་ལྕམ་ལིའུ་ཞ་ཡིས་གནོན་ཤུགས་དེ་དག་ཐེག་དཀའ་བ་དང་། ཁོང་མོ་མུ་ནས་མུ་རུ་ཁེར་རྐྱང་གི་གནས་སུ་ལྷུང་། སེམས་ཐག་ཉེ་བའི་གྲོགས་པོ་འགའ་ཤས་དང་ཁ་བརྡ་བྱེད་རྒྱུ་དང་། ཡང་ན་པར་རྒྱག་པ། རི་མོ་འབྲི་བ། དེབ་ཀློག་རྒྱུའི་ལས་མེད། “ང་དཔེ་ཆའི་འཇིག་རྟེན་ལ་འགྲིམ་ནས། དཔེ་ཆའི་ཁྲོད་གཞན་དང་མི་འདྲ་བའི་འཚོ་བ་ཞིག་རོལ་བ་ཡིན།” ཞེས་འཇར་མིན་གྱི༼དུས་རབས་གཟའ་དེབ༽ལ་བརྗོད་འདུག
ཕྱི་ལོ ༢༠༠༩ ལོར། ལིའུ་ཞོ་པོ་ཡི་ཁྲིམས་ཁང་དུ“ངས་མི་གཅིག་ལ་དོམ་མང་པོ་ཆེད་ཡོད། དགོངས་འགལ་ཡོད། དེ་ནི་ངའི་གཟའ་ཟླ་ཡིན།” ཞེས་འགྱོད་སེམས་བཏོན་ཡོད་པ་རེད།
ལིའུ་ཞ་ཡིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་པེ་ཅིང་གི་སྔོན་ཐོན་ སྒྱུ་རྩལ་དོ་ར་རུ་ལིའུ་ཞོ་པོ་ངོ་ཤེས་པ་དང་། རྗེས་སུ་ཁོང་གཉིས་གཉེན་སྒྲིག་བྱས། ༨༩ ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་མའི་དམངས་གཙོའི་ལས་འགུལ་ཁྲོད། འཆད་ཁྲིད་དགེ་རྒན་ཡིན་པའི་ལིའུ་ཞོ་པོ་ནི་སྣེ་ཁྲིད་པ་གཙོ་གྲས་ཡིན།
སློབ་མའི་ལས་འགུལ་ལ་དྲག་གནོན་བྱས་རྗེས། ལིའུ་ཞོ་པོ་བཙོན་ལ་བཅུགས་པ་དང་། ལོ་རབས ༩༠འི་ནང། ལྕམ་ལིའུ་ཞ་ཡིས་ཐོག་དང་པོར་ཤེས་ལྡན་མི་སྣ་དང་མང་ཚོགས་བར་གྱི་འབྲེལ་མཐུད་ པའི་རྣམ་པ་བཟུང་། ༢༠༠༨ལོར་ལིའུ་ཞོ་པོ་ཡང་བསྐྱར་བཟུང་རྗེས་ཁོང་མོས་ལག་ཁྱེར་ཁ་པར་བཀོལ་སྲོལ་མི་ སློབ་རང་སློབ་ཏུ་གྱུར་བ་དང་། ཁོང་མོསTwitter ལ་ཐོ་བཀོད་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དྲྭ་རྒྱའི་སྤྱི་ཚོགས་དང་འབྲེལ་བ་བཟུང་། “ད་ལྟ་ཁྱེད་རང་བསམ་བློའི་འཆར་སྒོའི་ཁྲོད་ལྗོངས་རྒྱུ་བྱས་ཆོག་ཡང་། ང་དངོས་ཡོད་འཚོ་བའི་ནང་མི་འཚོ་རང་འཚོ་ཡིན”ཞེས་ཁོང་མོའི་ཁྱོ་གར་བཤད་འདུག
ཕྱི་ལོ ༢༠༡༠ ལོའི་དབྱར་ཀར། ཁོང་མོས་ལོ་བཅུའི་རིང་གི་སྐད་ཆ་ལས་ཀྱང་མང་པ་ཞིག་བཤད་དགོས་པར་ཐུག རྒྱབ་ཀྱི་ཁུར་བོས་མནན་ནས་ཡིད་ཐང་ཤིན་ཏུ་ཆད་ཀྱང་། ཁོང་མོས་ད་དུང་ཡང་དུས་ཚོད་མོད་པོ་པར་ལེན་རྒྱུར་བཀོལ་འདོད་སྐྱེས། རང་དབང་བྲལ་བའི་ཉིན་མོ་ནས་སྒྱུར་རྩལ་ནི་རང་ཉིད་མཚོན་བྱེད་ཀྱི་རྣམ་པ་ཁོ་ན་རུ་གྱུར། “ཞོ་པོ་བཙོན་གློལ་ཐོབ་རྗེས།  ཁོང་ཉིད་གླེང་རྒྱུ་ལས་གཞན་ངས་ད་དུང་དོན་དག་གཞན་ཞིག་ཀྱང་བསྒྲུབས་ཡོད་པ་ཁོང་གིས་མཐོང་གི་རེད།  འདི་ལྟ་བུའི་ལས་ཀས་ངས་རྒྱུན་རྣམ་ཞིག་རྒྱུན་འཁྱོངས་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་།” ཞེས་ཁོང་མོས་རེ་སྒུག་གི་རྣམ་པས་བརྗོད་འདུག
བསམ་ཡུལ་འདས་པ་ཞིག་ནི། ཟླ་འགའི་རྗེས་སུ་ཁོང་མོའི་འཚོ་བའི་ཁྲོད་ཀྱི་ཧ་ཅང་ཚད་ཡོད་ཀྱི་རྒྱུན་རྣམ་དེ་ཡང་བཙན་གྱིས་འཕྲོགས་སོང་། ནོ་བྷེལ་ཞི་བདེ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཕྱི་ལོ ༢༠༡༠ ཟླ ༡༠ར་སྐུ་ཞབས་ལིའུ་ཞོ་པོ་ལ་གཟེངས་རྟགས་དེ་རག་པ་གསལ་བསྒྲགས་བྱས་རྗེས། ཁོང་མོའི་གོམ་ཁར་བཀག་རྒྱ་ཐེབས་ནས། རང་ཁྱིམ་གྱི་ཕྱི་རོལ་དུ་སོང་མི་ཆོག་པར་བཟང་བཙོན་དུ་བཀག ཁོང་མོའི་ཁ་པར་དང་དྲྭ་ལམ་བཅད་ནས། རང་གི་ཁྱིམ་གཞི་དྲོད་མོ་དེ་གཞན་དབང་གིས་བཙན་ཁང་དུ་གྱུར་།
ད་ལྟ་འཇར་མིན་བྷོར་ལེན་དུ་འགྲེམས་སྟོན་བྱས་པའི་པར་རིས་དག་ནི་དུས་རབས་སྔོན་མའི་ལོ་རབས ༩༠འི་ནང་གི་བརྩམས་ཆས་རྐྱང་རྐྱང་རེད།  སྐབས་དེར།  མཚམས་མཚམས་ཀྱི་བཙོན་ཁང་ནང་གི་ཐུག་འཕྲད་ཀྱང་ཁོང་མའོ་འཚོ་བའི་རྒྱུན་རྣམ་ཞིག་ཏུ་གྱུར།  ཐེངས་འདིའི་འགྲེམས་སྟོན་ཁྲོད་ཁོང་མོའི་པར་རིས་བརྩམས་ཆས་ལས་གཞན་སྙན་ངག་ཁག་ཅིག་ཀྱང་ཡོད་པ་རེད།
ཉེ་ཆར།  ལྕམ་ལིའུ་ཞ་སྐབས་སྐབས་ལ་གྲོགས་པོ་དང་མཉམ་དུ་ཟ་ཁང་སོགས་སུ་ཞལ་ལག་བཞེས་ཆེད་ཕེབས་ཆོག ཡིན་ན་ཡང་དེ་དག་ཚང་ན་ཉེན་རྟོག་པའི་ལྟ་ལྐུལ་འོག་ན་ཡོད།
ད་ལོའི་ཤིང་མོ་ལུག་གི་ལོ་སར་དེ་ཁོང་མོའི་ཨ་མ་ལགས་དང་མཉམ་དུ་རོལ་ཡོད་འདུག

དཔྱད་མཆན་སྤེལ།

%d bloggers like this: