རྒྱལ་སྤྱིས་ཉེས་ཡང་ཚོགས་པའི་སྙན་ཐོ།

    ༄༅། །རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཉེ་འཆར་ཕྱི་ལོ་ ༢༠༡༤ ནང་རྒྱལ་ཁབ་ ༡༦༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བཏོན་འདུག་པ་དེའི་ནང་། བོད་ནང་དུ་བོད་མི་ཚོའི་ཆོས་དད་དང་འདུ་འཛོམས། སྨྲ་བརྗོད་སོགས་ཀྱི་རང་དབང་ལ་རྒྱ་ནག་གཞུང་གིས་མུ་མཐུད་ནས་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། བོད་མི་རྣམས་ལ་དབྱེ་འབྱེད་བྱེད་བཞིན་ཡོད་སྐོར་འཁོད་འདུག ཕྱོགས་མཚུངས་སྙན་ཐོའི་ནང་བོད་ནང་དགོན་པ་ཁག་གི་གཙོ་འཛིན་དང་། རྩོམ་པ་པོ། དེ་བཞིན་བོད་མི་ཞི་རྒོལ་བ་བཅས་དོ་དམ་བཀག་ཉར་བྱས་ཡོད་སྐོར་འཁོད་འདུག  དེ་ཡང་སྙན་ཐོའི་ནང་བོད་མིར་དམ་བསྒྲགས་བྱས་སྐོར་འཁོད་ཡོད་པ་དེའི་ནང་།
ཕྱི་ལོ་ ༢༠༡༤ ཟླ་ ༨ ནང་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་རྫོང་དུ་རྒྱ་མིའི་ཉེན་རྟོག་དམག་མིས་བོད་མི་ངོ་རྒོལ་བྱེད་མཁན་ཚོར་མེ་མདའ་བརྒྱབ་ཡོད། བོད་མི་དེ་དག་གིས་ངོ་རྒོལ་བྱེད་དགོས་དོན་ནི་ཁོང་ཚོའི་གྲོང་གི་འགོ་དཔོན་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀག་དཀྱིལ་བྱས་པ་དེ་གློད་བཀྲོལ་ཡོང་ཆེད་ཡིན་འདུག  སྐབས་དེར་བོད་མི་ངོ་རྒོལ་བ་བཞི་ལ་མེ་མདས་སྨྲས་སྐྱོན་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། བཀག་དཀྱིལ་འོག་ཡོད་པའི་ངོ་རྒོལ་བྱེད་མཁན་ཁྲོད་བོད་མི་གཅིག་གིས་རང་ཤི་བརྒྱབ་འདུག  ཅེས་འཁོད་འདུག ཕྱོགས་མཚུངས་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༠༩ ནས་བོད་མི་ཚོས་རང་ལུས་མེར་སྲེག་གཏུད་མར་བཏང་ཡོད་སྐོར་འཁོད་དོན།  ཕྱི་ལོ་ ༢༠༡༤ ལོར་བོད་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་མི་བདུན་གྱིས་རང་ལུས་མེར་སྲེག་བཏང་ནས་བོད་མི་གཉིས་འདས་གྲོངས་སུ་གྱུར་ཡོད།  ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ནས་ད་བར་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་ ༡༣༡ རང་ལུས་མེར་སྲེག་བཏང་འདུག  རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་པོ་སྤུན་མཆེད་དང་ཉེ་འབྲེལ་རྣམས་ལ་རང་ལུས་མེར་སྲེག་གཏོང་རྒྱུར་རྒྱུད་སྐུལ་བྱས་ཚུལ་ལ་བསྙད་ནས་ཁོང་ཚོར་དམིགས་བཙུགས་བྱས་ནས་སུན་གཙེར་བཟོ་བཞིན་ཡོད་འདུག  རྫོང་འགའ་ཤས་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་འམ་རྒྱ་གར་དུ་༸གོང་ས་ཏཱ་ལའི་བླ་མའི་བཀའ་ཆོས་ཞུ་བར་བཅར་མཁན་ཚོར་ཏཱ་ལའི་རུ་ཚོགས་ལ་ཤ་ཚ་བྱས་པ་དང་ཕྱི་རྒྱལ་དང་འབྲེལ་བ་ཡོད་ཚུལ་བསྙད་ནས་གོ་གནས་མ་སྤར་བ་དང་།  གྲོང་གི་འོས་འདུའི་སྐབས་འོས་མིར་ལང་རྒྱུའི་ཐོབ་ཐང་འཕྲོག་འདུག  ཤོག་གྲངས་ ༤༠༠ ཙམ་ཡོད་པའི་སྙན་ཐོ་འདི་ལོ་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༥ ཉིན་འདོན་སྤེལ་གནང་འདུག

ཡོང་ཁུངས་བོད་གཞུང་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s