March ༢༠༡༥

གསར་འགྱུར། ངེད། བཅར་འདྲི། -1 Minute

བྷི་བྷི་སིའི་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་བགྲོ་གླེང་།

     ཟླ་འདིའི་ཚེས་ ༢༤ ཉིན་བྷི་བྷི་སིའི་བདུན་རེའི་ཆེད་སྒྲིག་ལེ་ཚན་ནང་། གསར་འགོད་པ་ཇའོ་ཕུ་ཇོན་ལགས་ཀྱི་གཙོ་སྐྱོང་འོག བོད་མིའི་སྒྲིག་འཛུགས་བྱང་ཡུ་རོབ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་མཆོག་དང་། པེ་ཅིན་རྒྱལ་སྤྱིའི་འབྲེལ་ལམ་སློབ་གཉེར་ཁང་གི་རིགས་གཅིག་མཁས་པ་ཇེ་ཞོ་ཏུང་ (Jia Xiudong)། ཨ་རིའི་ཀོ་ལོམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་མཁས་པ་རའོ་བྷར་ཌི་བྷར་ཎེ་ཌི་ (Robert Barnett)། རྩོམ་པ་པོ་འཇམ་དབྱངས་ནོར་བུ་སོགས་གདན་འདྲེན་ཞུས་ཏེ། ༼མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་སྲིད་དམ།༽ཞེས་པའི་བགྲོ་གླེང་གནང་བ་ཞིག་འདིར་བོད་བསྒྱུར་ཞུས།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

ཁྱེད་ཉིད་དྲན་ཚུལ།

ཁ་སྒང་བས། ན་ནིང་ཁྱེད་དང་འཕྲད་པའི་ལས་སྐལ་དེ།། དུང་བའི་སེམས་ཀྱིས་བཞེངས་པའི་མཛེས་སྡུག་ཅིག། རྨི་ལམ་ཁྲོད་ནས་བརྙེད་པའི་བརྩེ་འདང་འདི།། བདག་གི་མི་ཚེ་ཧྲིལ་བོའི་རེ་བཞག་ཅིག། ཁྱེད་ཀྱི་བརྩེ་བ་དྭངས་གཙང་མཚོ་མོ་རེད།། བདག་གི་དུང་བ་འགྱུར་མེད་རྡོ་རྗེ་བྲག། ཅུང་ཟད་ཙམ་ལ་བྲལ་བའི་གདུང་བ་ཡང་།། བསྲོན་དུ་མི་ཚུགས་སྙིང་གི་གཅེས་ལོ་ཀྱེ།། དཀར་འཇམ་ཤ་ཡིས་བ་སྤུ་ལྡིང་བར་བྱེད།། ལྷད་མེད་འཛུམ་གྱིས་ཡིད་སེམས་གཡོ་བར་བྱེད།། རྣམ་དག་སེམས་ལ་བཅངས་པའི་བརྩེ་དུང་སྟེ།། ཡོད་ཚད་སྙིང་ཆུང་འདི་ཡི་འཕར་རྩར་འབྲེལ།། ཟླ་བ་ངུ་བའི་མཆི་མ་རྒྱ་མཚོར་འཁྱིལ།། ཉི་མ་བཤུམ་པའི་སྐད་སྒྲས་གནམ་ས་འགེངས།། རེ་སྒུག་མིག་ཟུང་བསྐམས་པའི་གཏམ་རྒྱུད་འདི།། ང་ཡི་མགོ་ལ་ལྷུང་བའི་ཞལ་ལྕེ་ཉིད།། དྲན་བཞིན་དྲན་བཞིན་ན་ཟུག་ཆེ་རུ་གྱུར།། སྨྲེང་བཞིན་སྨྲེང་བཞིན་ལག་པས་མགོ་བོ་སྐྱོར།། ངུ་བཞིན་ངུ་བཞིན་སྐྱོ་བའི་གཞས་ཤིག་བླངས།། སྙིང་གི་དམར་ཆུང་དྲན་པའི་བརྡ་ལན་ཡིན།། ངེད་དྲ་ཚིགས།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

བདག་དང་ཕོ་བྲང་པོ་ཏ་ལ།

—91ལོར་ཕོ་བྲང་པོ་ཏ་ལར་ཐོག་མར་མཇལ་རྗེས། སྙིང་མིག གནའ་སྔ་མོའི་ཡིད་འཕྲོག་གི་གཏམ་རྒྱུད་དེས། རྒས་ཉམས་ཤར་བའི་ཕོ་བྲང་པོ་ཏ་ལར་གཟི་བྱིན་བསྣན། ལོ་ངོ་སྟོང་ཕྲག་གམ་ཡང་ན་དེ་བས་ཀྱང་སྔ་རོལ་ཞིག་ལ། ཁྱེད་ཀྱི་སྐྱེས་སྐར་རམ་ཡང་ན་ཐོག་མར་དབུ་བརྙེས་བའི་དུས་ནས། ཁྱོད་ཀྱིས་ད་གཟོད་སྲིད་པའི་རྩེ་མོ་ལ་ཞབས་ཀྱིས་བཅགས། ཁྱོད་ཀྱིས་ད་གཟོད་ཉི་ཟླ་དང་བར་ཐག་ཉེ་བར་ཕྱིན། བློ་ཡུལ་ལས་འགོངས་བའི་རླབས་ཆེ་བའི་བདེན་དོན་དེས། ཁོ་བོར་སེམས་ཤུགས་དང་སྤོབས་པ་ཅིག་ཅར་བསྩལ། དུས་དེ་ནས་བཟུང་།ངས་ནི་རྟག་པར་ཁྱོད་ཀྱི་ལོ་རྒྱུས་ལ་དྲི་བ་བཏོན། སྨོན་པ་བརྒྱ་ཕྲག་ཅིག་གིས་ང་རང་ཁྱོད་དང་མཇལ་བ་སྟེས་དབང་མིན། དེ་རིང་།བདག་གིས་བྱུང་འདས་ཀྱི་གླེགས་བམ་བསྐྱར་དུ་བཀླགས་ཤིང་། བསམ་གཞིགས་ཀྱི་སྐར་ཚོམ་དགུང་ནས་འདིང་དུས། འགྱེལ་ལོག་གམ་འཕག་འཚག་ཐེངས་གཅིག་གི་ངེས་ཤེས་སླར་ཡང་རྙེད། ཆོས་རྒྱལ་སྲོང་བཙན་ནས་བོད་རྒྱལ་གླང་དར་བར། རླབས་ཆེན་དང་ཉེན་ཁའི་ཁྲོད་ནས་ཁྱོད་ཀྱི་ལང་ཚོ་འབར། ཨ་ཅེ་རྒྱ་བཟའ་དང་བལ་བཟའ་ཁྲི་བཙུན་གཉིས། ཁྱེད་ཀྱི་ཕང་བ་ནས་སྐུ་ཚེ་ཐིམ་པའང་སྒྲོ་བཏགས་མིན། ལྷ་སྒྲུང་ལྟ་བུའི་བྱུང་འདས་ཀྱི་རི་མོ་རེ་རེ། ཁྲི་ཕྲག་གཅིག་གི་འཐབ་རྩོད་དང་འགལ་ཟླ་རེ་རེ། ད་ལྟ།ལོ་ཟླའི་རླུང་རླབས་ཀྱི་ལག་པས་རྒྱང་རིང་དུ་བསྣུར་ནའང་། དུས་མཐའི་བརྩེ་བྲལ་གྱི་བསྲེག་ཟས་གཟུགས་མེད་དུ་བསྒྱུར་ནའང་། ཤི་གསོས་བྱུང་བའི་ཡར་ཀླུང་གཙང་ཆབ་སྔོན་མོས། མྱ་ངན་དྲག་པོས་ལོ་རྒྱུས་ལ་ར་སྤྲོད་བགྱིད་བཞིན། བོར་རྙེད་བྱུང་བའི་གཞོན་དུས་ཀྱི་སྙན་ངག་ཚན་པ་གཅིག  ༩༡་ལོར་ལྷ་སར། ངེད་དྲ་ཚིགས།...
དེ་ལས་མང་པ།
དཔྱད་རྩོམ། རྩོམ་ཡིག -0 Minutes

རྒྱ་ནག“ཞིག”ཀྱང་མི“འཐོར”།

འབྲོག་མྱི།      རྒྱ་ནག་འཐོར་ཞིག་གི་ལུང་བསྟན་དེ་ཁ་སང་དེ་རིང་གསར་ཏུ་བྱུང་བ་ཞིག་མིན། མ་མཐའ་ཡང་གྱ་དགུ་ལོའི་གནམ་བདེ་སྒོ་མོའི་ཆེ་སློབ་མའི་དམངས་གཙོའི་ལས་འགུལ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་། དོན་རྐྱེན་དེའི་རྗེས་སུ་རྒྱ་བོད་ཕྱི་གསུམ་གྱི“ལུང་སྟོན་པ”རྣམས་ཀྱིས་མངོན་ ཤེས་རིག་འདེད་ཀྱི་ཚུལ་གྱིས་རྒྱ་ནག་འཐོར་ཞིག་ལ་འགྲོ་བའི་དུས་ཚོད་ཁ་ཚོད་བཅད་ ནས་ལུང་བསྟན་གནང་ཡོད་མོད། ལུང་བསྟན་དེ་དག་ཁ་ཐོག་དོན་ཐོག་ལ་སོང་མེད་པ་མ་ཟད། རྒྱ་ནག་ལོ་རེ་བསྡད་པའི་ཇེ་བརྟན་གྱི་ནམ་པ་ཤར་ཡོད།    ཉེ་ཆར་ཨ་མེ་རི་ཀའི་རྒྱ་ནག་གི་མཐིལ་རྟོགས་མཁན་སྐོར་ཞིག་གིས་བརྒྱུད་ལམ་སྣ་ ཚོགས་སུ་སྨྲ་བ་བརྗོད་ནས། ཞི་ཅིན་ཕེང་གི་སྲིད་འཛིན་སྐྱོང་སྟངས་ལ་ཡིད་ཐང་ཆད་པའི་རྣམ་འགྱུར་དང་མ་དགའ་ བའི་སྐྱོན་བརྗོད་དྲག་པོ་དང་མཉམ་དུ“རྒྱ་ནག་གི་གོམ་ཁ་ས་སྲོས་སུ་ཕྱོགས”།“རྒྱ་ ནག་ཚེ་སྨད་དུ་བསླེབས”། “རྒྱ་ནག་འཐོར་ཞིག་ཏུ་འགྲོ་གྲབས་ཡོད”ལ་སོགས་ལུང་བསྟན་གསར་བ་སྐོར་ཞིག་ཡང་ བསྐྱར་བཏོན་ཡོད། ལུང་བསྟན་དེ་དག་ལ་དོ་སྣང་ཡོང་དོན་ནི། ལུང་ཅི་ཞིག་བསྟན་ཡོད་པར་མ་ཡིན་པར། རྒྱ་ནག་གི་མཐིལ་རྟོགས་མཁན་དེ་ཚོའི་བསམ་བློའི་འགྱུར་ལྡོག་ཡིན། རིག་གནས་ལས་རིགས་ཀྱིས་རྒྱ་ནག་ལ་ཕྱོགས་པའི་མཐིལ་རྟོགས་མཁན་དེ་དག་ལ“དོམ་ཁྲར་ འཐམ་འཁྱུད་པའི་ཚོགས”ཞེས་ཁྱད་ཆོས་བརྗོད་པའི་མིང་ཞིག་བཏགས་ཡོད་ཅིང་། ཁོང་ཚོས་འབྲེལ་འདྲིས་དང་ཤུགས་རྐྱེན་བརྒྱུད་ནས་རྒྱ་ནག་དེ་རིམ་གྱིས་དམངས་གཙོ་ ཅན་དུ་བསྒྱུར་རྒྱུའི་ལྟ་བ་བཟུང་ཡོད། རྒྱ་ནག་གི་དཔོན་རབས་སྔོན་མ་རྣམས་ལས་ཞི་ཅིན་ཕེང་གིས་ནུབ་ཕྱོགས་གླིང་ལ་རྣམ་ འགྱུར་ཅུང་མཁྲེགས་པོ་བསྟན་ཡོད། ཕྱི་ལོ ༢༠༠༩ ལོར། རྒྱལ་ནག་གི་སྲིད་འཛིན་གཞོན་པ་ཡིན་པའི་ཞི་ཅིན་ཕེང་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་ མེ་ཀི་སི་ཀོ་རུ་འཚམས་གཟིགས་སྐབས། “ལྟོ་འགྲངས་ཤིང་ལས་རྒྱུ་མེད་པའི་ཕྱི་རྒྱལ་བ་ལ་ལས། ང་ཚོའི་ལས་དོན་ལ་རྐང་བརྡ་ལག་བརྡ་བྱས་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད། གཅིག་ནས་ང་ཚོས་གསར་བརྗེ་སྤེལ་གྱིན་མེད།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

ངའི་འཇིག་རྟེན་ངུ་མ་དགོད།

སྨྱུག་མདའ། (སེ་ར) ཉི་འོད་ཀྱིས་བཀྲུས་པ་མཛེས་ཉམས་ཤིག། མེ་ཏོག་གི་མགོ་དཀྲིས་འཇའ་ཚོན་ལྷག། སྐུད་པ་ལ་ཤར་མར་རྨི་ལམ་འཁོར།། མུན་པ་ཡི་ཐིག་ལེར་གསལ་ལ་དྭངས།། སྙན་ངག་གི་དུམ་བུ་མཚོ་ལ་ཟགས།། མཚོ་མཐའ་ཡི་རླབས་ངོགས་སྒྱུ་རྩལ་སྦར།། གྲོང་ཁྱེར་གྱི་གཞུང་ལ་དར་ལམ་བྲིས།། རྐང་སྣམ་གྱིས་ཤ་རྩ་བཅུམ་པ་ཤེས།། རི་ལུང་གི་འདོད་པ་སྦྲེན་བ་ན།། སྙན་ངག་གི་མཆི་སྒྲོས་དམར་ཐག་ཆོད།། སྐད་འཕྲིན་གྱི་མགྲིན་པ་ཉེ་ས་ནས།། བདག་ཉིད་ཀྱི་ཡི་གེར་འོ་བརྒྱལ་བཟོས།། སྒྱུ་འཕྲུལ་གྱི་རོལ་མོ་དཀྲོལ་བས་ན།། ཚོར་བ་ནི་གཏིང་གི་གཏིང་ཞིག་རེད།། དམིགས་འདུན་གྱི་སྤར་ཁ་མ་ལྷོད་པར།། དུས་ཚོད་ཀྱི་ཐག་སྣེར་ཤེར་རབ་བྲི།། ངུ་ཤུམ་ལ་ཁྲེལ་དགོད་ལན་གསུམ་བསྐུར།། ཚ་སྨུག་གི་ཀློང་དུ་དམ་པོར་བསྡམས།། རྨི་སྙེག་གི་ཁ་ཕྱོགས་གཡོག་ཏུ་ཚུད།། ན་ནིང་གི་ཡི་གེ་རྐུབ་སྟེགས་རེད།། བྱེ་ཐང་གི་བཙོན་ཁང་དྲུད་དེ་ཟུག། འདོད་རྔམས་ཀྱི་ཁ་རུ་ཡང་ཡང་བརྡབས།། ཆབ་སྲིད་ཀྱི་ཀླད་པ་གླེང་རྒྱུར་དགའ།། བདེན་རྫུན་གྱི་སྲིན་འབུ་ཐང་ལ་བརྡལ།། རི་བོ་དེའི་སླ་ང་ཆུང་དྲགས་པས།། ཡར་ཀླུང་གི་རྒན་མོ་གྱད་ཀྱིས་ཅེར།། ཁ་མིག་གི་སོ་བ་ཡོད་ཚད་འདུས།། བྱ་རོག་གི་གྲིབ་མ་རྐྱེན་དུ་གྲུབ།། མཆི་མ་ལ་ཉར་བའི་སྙན་ངག་འདི།། ས་མཐའ་རུ་གཏོར་བ་ཚོད་ཅིག་མེད།། ༢༠༡༥། ༠༣།...
དེ་ལས་མང་པ།
གཞས་ཚིག -0 Minutes

འགྱུར་མེད་ཀྱི་བརྩེ་འདང་།

ཁ་སྒང་གཡང་འབུམ་ཚེ་རིང་། ལྷན་གཅིག་འཛོམས་སོང་། འཛུམ་མདངས་བསྟན་སོང་། དམར་ཆུང་སེམས་པ་འདི་ཁྱེད་ཀྱི་ཕྱོགས་ལ་དབང་མེད་ཤོར་སོང་། ཡང་ཡང་འཕྲད་སོང་། ཟུར་མིག་འཕངས་སོང་། ཁྱེད་དང་ང་ཡི་སེམས་ནང་གི་གསང་བ་སུ་ཡིས་རྟོགས་སམ། ཡིད་འཕྲོག་ལགས། ཡིད་འཕྲོག་ལགས། ཡིད་ཆེས་གནོངས་དང་། སྙིང་སྡུག་ལགས། སྙིང་སྡུག་ལགས། བརྩེ་བ་འདི་ལྷད་མེད། སྙིང་སྡུག་ལགས། སྙིང་སྡུག་ལགས། བརྩེ་བ་འདི་ལྷད་མེད། སྣང་བ་མཐུན་སོང་། ཞེ་སེམས་འདྲེས་སོང་། ལྷད་མེད་དག་གཙང་གི་བརྩེ་སེམས་སྣུམ་པོར་དྲོད་ཁོལ་རྒྱས་སོང་། སྙིང་གཏམ་གླེང་སོང་། གསང་གཏམ་བཤད་སོང་། ཁྱེད་དང་ང་ཡི་ལས་དབང་གི་རྨུ་ཐག་གཅིག་ཏུ་སྦྲེལ་སོང་། སྙིང་ཆུང་ཡ། སྙིང་ཆུང་ཡ། ཡིད་ཆེས་གནོངས་དང་། མཛའ་མོ་ཡ། མཛའ་མོ་ཡ། བརྩེ་སེམས་འདི་འགྱུར་མེད། མཛའ་མོ་ཡ། མཛའ་མོ་ཡ། བརྩེ་སེམས་འདི་འགྱུར་མེད། མེ་ཏོག་བཞད་སོང་། བརྩེ་འདང་རྒྱས་སོང་། མི་ཚེ་འདི་ཡི་མཛེས་སྡུག་གི་རི་མོ་སྙིང་ལ་སིམ་སོང་།...
དེ་ལས་མང་པ།