འབའ་དུང་སྲས།
རིན་པོ་ཆེ།
ཁྱེད་ནི་མཁའ་ཡི་ཉི་མ་ངའི་སེམས་ཀྱི་དྲོད་ཁོལ།
ཉི་མའི་འོད་ལ་འཁྱུད་པའི་ང་རང་བོད་པ།
མུན་པ་མཐུག་པོར་མ་སྐྲག
རླུང་བུ་རྩུབ་མོར་མ་དོགས།
རང་ཚུགས་དང་ཁ་ཕྱོགས་ཡོད་པའི་
དུས་ཚིགས་དེ་ནི།
ད་ལྟ་གཏམ་རྒྱུད་ཅིག་ཡིན་པ་
གཞི་ནས་ཚོར་སོང་།
གཏམ་རྒྱུད་དེ་ནི།
སེམས་པ་ཞིག་གིས་གླེང་ནས་ཡོང་།
གཏམ་རྒྱུད་དེ་ནི།
མིག་ཆུ་ཞིག་གིས་ཁྲིད་ནས་ཡོང་།
ང་ཡི་རྩ་བའི་བླ་མ།
པཎ་ཆེན་སྣང་བ་མཐའ་ཡས།
ཁྱེད་རང་དྲན་པའི་དད་འབངས་ཁྲི་མ་འབུམ།
ཡུལ་ལྗོངས་འདིའི་
གངས་རིར་སེམས་པ་གླན་ཡོད།
རིན་པོ་ཆེ།
ཁྱེད་ནི་མཁའ་ཡི་ཉི་མ་ངའི་སེམས་ཀྱི་དྲོད་ཁོལ།
ཉི་མའི་དྲོད་ལ་འཁོར་བའི་ང་རང་བོད་པ།
ནམ་ཟླ་འཁྱག་པར་མ་སྐྲག
ཁ་ཆར་རྒོད་པོར་མ་དོགས།
དམིགས་འདུན་དང་རྒྱབ་དཔུང་མཐུག་པའི་
དུས་ཚིགས་དེ་ནི།
ད་ལྟ་རྨི་ལམ་ཞིག་ཡིན་པ་
རྨང་ནས་རྟོགས་སོང་།
རྨི་ལམ་དེ་ནི།
ན་ཟུག་ཞིག་གིས་བསླངས་ནས་ཡོང་།
རྨི་ལམ་དེ་ནི།
རེ་སྨོན་ཞིག་གིས་བཏེགས་ནས་ཡོང་།
ང་ཡི་རྩ་བའི་བླ་མ།
པཎ་ཆེན་སྣང་བ་མཐའ་ཡས།
ཁྱེད་རང་དྲན་པའི་དད་འབངས་ཁྲི་མ་འབུམ།
ཡུལ་ལྗོངས་འདིའི་
གངས་རིར་མིག་ཟུང་ཐོགས་ཡོད།
ཡོང་ཁུངས་ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…