ཁ་སྒང་གཡང་འབུམ་ཚེ་རིང་།
དེ་རིང་གི་པོ་ཏ་ལ།
གཤིན་པོའི་ཁ་ཆེམས་ཀྱིས་བཏེགས་ཤིང་།
གསོན་པོའི་དཔའ་དམ་གྱིས་འགྱིངས།
ལུས་སྲོག་མཆོད་མེེར་བསྒྲོན་པའི་སྙིང་སྟོབས་ཀྱི་མེ་ལྕེ་དེ།
པོ་ཏ་ལའི་དྲོད་ཁོལ་ཡིན།
དྲག་པོར་ཞི་བས་རྒོལ་བའི་འགྱུར་མེད་ཀྱི་ཆོད་སེམས་དེ།
པོ་ཏ་ལའི་བརྟན་བརླིང་ཡིན།
དེ་རིང་གི་པོ་ཏ་ལ།
ཆོལ་གསུམ་ཆིག་སྒྲིལ་གྱིས་བཀན་ཅིང་།
གཞིས་བྱེས་མཉམ་རུབ་ཀྱིས་སྐྱོར།
བཙན་པོར་གཉོམ་མི་ཁུར་བའི་དཔའ་མཛངས་དེ།
པོ་ཏ་ལའི་བརྗིད་ཉམས་ཡིན།
རྫུན་པར་རྒྱབ་ཀྱིས་ཕྱོགས་པའི་དྲང་ཚུགས་དེ།
པོ་ཏ་ལའི་རང་གཤིས་ཡིན།
དེ་རིང་གི་པོ་ཏ་ལ།
སྐར་ལྔའི་དར་དམར་སྟེང་གཟི་བརྗིད་ཀྱིས་འགྱིངས་ཤིང་།
སེང་གེ་ཁ་སྤྲོད་ཟུང་གིས་ངར་ཤུགས་ཀྱིས་འདེགས།
༢༠༡༥/༠༢/༢༠
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…