བློ་དང་རིག་པས་མནའ་མ་བདམས།

རྩོམ་པ་པོ་མི་གསལ།

      བློན་སྟོང་བཙན་བློ་རིག་རྒོད་པོ་ཞིག་ཡོད་ཀྱང་ཁོའི་བུ་ནི་དེ་ལས་ལྡོག་སྟེ་རྟུལ་པོ་ཞིག་ཡིན་པས་ཨ་ཕའི་རང་གི་བུའི་མ་འོངས་པར་བསམ་ནས་ཇི་ལྟར་བྱས་ན་ད་གཟོད་རིག་རྒོད་ཅིག་ཏུ་འགྱུར་བར་བསམ་བློ་བཏང་མཐར་ཐབས་བཀོད་ཅིག་རྙེད་སོང་།
དཔྱིད་ཀྱི་དཔལ་ཡོན་སླེབས་བྱུང་། སྟོང་བཙན་གྱིས་བུ་ལ་ལུག་བརྒྱ་དང་བརྒྱད་ལ་ཏ་ལེན་རེ་བཀལ་ནས་ཁེ་གྲི་ཞིག་དང་བཅས་བྱིན་ཏེ་ཚོང་རར་ཉོ་རུ་མངགས། བུ་འགྲོ་ཞོར་དུ་ཨ་ཕས་ང་ལ་སྒོར་སྐར་གང་ཡང་མ་བྱིན་པར་ཇི་ལྟར་ནས་ཉོ་བསམ་ནས་ཚོང་རའི་ཕྱོགས་སུ་བསྐྱོད། ཁོ་འདང་རྒྱག་གི་རྒྱ་མཚོའི་ནང་དུ་ལྷུང་ནས་མགོ་བོ་སྨད་དེ་འགྲོ་བའི་དུས། ཆུ་ཟོ་ཁུར་བའི་བུ་མོ་ཞིག་དང་གདོང་གཏུག་བརྒྱབ་ནས་ཆུ་བུ་མོའི་ངོ་རུ་འཕྱོ་བ་ན་བུ་མོ་ཁྲོས་ཏེ་གཤེ་གཤེ་བཏང་། བུས་སྙན་པའི་གཏམ་དེ་ཐོས་འཕྲལ་ཡར་བལྟས་པ་ན་ལྟ་བས་ཆོག་མི་ཤེས་པའི་བུ་མོ་དེར་སྐད་ཆའང་བཤད་མི་ཐུབ་པར་གྱུར། བུ་མོས་བུའི་ཉམ་ང་བའི་ཚུགས་ཀ་དེ་མཐོང་ནས་མུ་མཐུད་དུ་སྡིག་མོ་བྱེད་མ་ཕོད་པར་བརྩེ་བའི་ངང་། ཁྱོད་ལ་དོན་དག་རེ་ཡོད་པ་ཡིན་ནམ། ངས་རོགས་རམ་བྱེད་ཐུབ་བམ་ཞེས་དྲིས། དེ་ནས་ཁོས་བུ་མོའི་མིང་དྲིས་པ་དང་དེ་ནས་ཁོའི་གནས་ཚུལ་ཞིབ་ཏུ་བརྗོད་པ་ན། ཁོ་མོས་ཁྱོད་ཀྱི་ཨ་ཕས་ནས་ཏ་ལེན་བརྒྱ་དང་བརྒྱད་ཉོ་ཐུབ་པའི་སྒོར་བྱིན་ཟིན་པ་མིན་ནམ་ཟེར་བར། བུས་ཧ་མ་གོ་བར་ཧད་དེ་ལུས།བུ་མོའི་ཞིབ་ཏུ་ལུག་རྒྱབ་ཀྱི་བལ་བྲེགས་ཏེ་བཙོང་ནས་ཏ་ལེན་བརྒྱ་དང་བརྒྱད་ཉོ་ཐུབ་པ་མ་ཡིན་ནམ་ཟེར། བུ་རྨོངས་ཉིད་ལས་སད་པ་ཇི་བཞིན་བུ་མོའི་བཤད་པ་ཇི་བཞིད་དུ་སྒྲུབ་ནས་ཕྱིར་ཡུལ་དུ་ལོག་པ་ན་ཨ་ཕ་དགའ་ནས་ཁོ་ལ་སུས་བློ་ཡིན་དྲིས་པར་བུས་གནས་ཚུལ་ངོ་མ་ཨ་ཕར་ བཤད།
དེ་ནས་ཨ་ཕས་བུ་མོ་དེ་ངེས་པར་རང་གི་བུའི་ཆུང་མར་ལེན་དགོས་བསམ་ནས་ཉིན་ཞིག་ལ་རྫོངས་པ་དང་མཉམ་དུ་བུ་མནའ་མ་སློང་དུ་མངགས། ཡིན་ཡང་རིག་རྒོད་ཀྱི་བུ་མོ་ཡེ་ཤེས་ལྷ་མོས་ཁོ་ལ་འདྲི་ཚིག་གསུམ་དྲིས་ཤིང་དེར་ལན་འདེབས་ཐུབ་སོང་ན་རང་ཉིད་བུ་དང་མཉམ་དུ་འགྲོ་རྒྱུ་དང་མ་ཤེས་ཚེ་འགྲོ་མི་སྲིད་ཟེར། འདྲི་ཚིག་དང་པོ་ནི། མོས་ཤིང་ཐུར་མགོ་རྔ་སྦོམ་ཕྲ་མེད་པ་བསྟན་ནས་དེའི་མགོ་མཇུག་ངོས་འཛིན་བྱེད་དུ་བཅུག འདྲི་ཚིག་གཉིས་པ་ནི། མ་མོ་མ་བུ་མང་པོ་ཞིག་མཉམ་དུ་ཡོད་པའི་ནང་མ་བུ་རེ་རེ་བཞིན་ངོས་འཛིན་བྱེད་བཅུག འདྲི་ཚིག་གསུམ་པ་ནི་རྒྱང་རིང་གི་གངས་རི་བསྟན་ནས་དེར་ཀླད་པ་ཡོད་མེད་དང་། དེར་སྐ་རགས་དང་ཁོག་ན་རྒྱུ་མ་ཡོད་མེད་ཅེས་དྲིས་པར་ཁོས་འདྲི་ཚིག་གཅིག་ལའང་ལན་འདེབས་མ་ཐུབ་པས་བུ་མོས་ང་རང་ཁྱོད་དང་མཉམ་དུ་འདུག་མི་རུང་ཟེར་ནས་བུད་སོང་། བུ་ཕྱིར་སོང་ནས་རྒྱུ་མཚན་མཐའ་དག་ཕ་རྒན་ལ་བཤད་པར་ཁོ་ལ་རེ་རེ་བཞིན་ལན་བཏབ་ནས་བྱིན་པ་སྟེ། དང་པོའི་ལན། ཤིང་སྡོང་ཆུ་བོའི་ནང་འཕངས་ན་ད་གཟོད་མགོ་མཇུག་ངོས་འཛིན་བྱེད་ཐུབ་པ་དང་། མ་མོ་མ་བུ་དག་ཀྱང་སོ་སོ་ཁ་བཀར་ཏེ་ཉིན་ཞག་གཅིག་ལ་བཞག་ན་ལུ་གུ་ལྟོགས་དྲགས་ནས་རང་འགུལ་གྱིས་རང་རང་གི་མ་ཡི་ཕྱོགས་སུ་སོང་ན་མ་བུ་ངོས་འཛིན་བྱེད་ཐུབ། གསུམ་པའི་ལན། གངས་རི་ལ་ཀླད་པ་ཡོད་པ་དེ་རི་མགོའི་ཁ་བ་ནི་ཁོའི་ཀླད་པ་ཡིན། རིའི་གསེང་ན་བྱ་སོགས་ཀྱིས་ཚང་བཟོ་ཡོད་པ་སོགས་ནི་རྒྱུ་མ་ཡིན་རི་རྐེད་ཀྱི་ལམ་ཕྲན་ནི་སྐ་རགས་ཡིན་ཞེས་བཤད། དེ་ནས་ཁོ་རང་ཡང་བསྐྱར་བུ་མོ་བཙལ་དུ་སོང་ནས་རེ་རེ་བཞིན་བཤད་པས་བུ་མོ་ཡང་ཁོ་དང་མཉམ་ཏུ་ཚེ་གཅིག་ལ་འདུག་རྒྱུ་བྱས། སྟོང་བཙན་གྱིས་རང་གི་བུའི་རོགས་ན་འདི་འདྲའི་རིག་རྒོད་ཀྱི་ཆུང་མ་ཞིག་ཡོད་པས་མ་འོངས་པར་འདང་རྒྱག་མེད་བསམ་ནས་དགའ་བ་སྐྱེས།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s