བཅུད་པར་གཡང་མཁོ་རྒྱལ། ཕ་ཁྱིམ་སྨུག་པོ། ངའི་ཕ་ཁྱིམ་མཐིང་སྨུག་གི་སྦྲ་ནག་རེ་རེ མཐའ་སྐོར་ན་ནོར་ལུག་གི་རྫོངས་པ་བསྐྱིལ་ཡོད དེ་རིང དྲན་གདུང་གི་ན་ཟུག་དེ སང་ཉིན་གྱི་གནའ་གཏམ་ཇི་བཞིན མུན་པ་ཟབ་ས་ན་ལྷ་སྒྲུང་གི་ལོ་ཟླ་རེ་རེ ང་ཚོ་དང་རྒྱང་དུ་བཀྱེད་དུས ངའི་ཕ་ཁྱིམ་སྨུག་པོའི་གནའ་གཏམ་དེ ང་དང་མཉམ་དུ་རྫོགས་ཚིག་ཅིག་མ་ཡིན་ནམ ༢༠༡༤ལོའི་ཟླ༩་ཚེས་༡༣་ཉིན་རྡ་ས་བཞུགས་སྒར་སྐོར་ལམ་དུ་བྲིས། མགོ་ཐོག་གི་སྟོན་ཟླ། སྟོན་ཟླ་འདི་དལ་གྱིས་མི་ཡུལ་དུ་སླེབས་འོང དོ་ནུབ ...
དེ་ལས་མང་པ།
སྨྲེང་བུའི་སྙན་ངག་བདམས་བཀོད།
སྨྲེང་བུ། སྐྱེས་མིང་ལ་དོན་གྲུབ་ཚེ་རིང་། ཕ་ཡུལ་མདོ་སྨད་བྱ་མདོ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་རྩོམ་རིག་ཚན་ཁག་གི་འགན་འཛིན། དགེ་ཆེ་གཞོན་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་སོགས་ཐོབ། བརྩམས་དེབ་ཀྱི་སྐོར་ལ། ༼མཁས་པའི་ཞལ་གདམས༽༼ཁང་བ་སྔོན་པོའི་གཏམ་རྒྱུད༽༼རྩོམ་ཉམས་དཔེ་ཁྲིད༽༼བོད་རྩོམ་འཕྱོར་འབྲི་དང་སྒྱུ་རྩལ་མྱོང་རོལ༽༼སྨྲེང་བུའི་འདྲ་འབག༽༼འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས༽༼འཕྲིན་ཡིག་ཕྱོགས་བསྒྲིགས་མར་མེའི་རྩེ་མོ༽སོགས་ཡོད། མཚན་མོའི་གཤོག་པ།
མཚན་མོས་ངའི་དྲན་པའི་སྐར་ཁུང་ཕྱེས། འཁྲིས་དང་རྒྱང་རིང་གི། དབྱིབས་དང་ཁ་དོག་སྣ་ཚོགས།
མིག་ལམ་དུ་སིལ་བུར་སྤུངས། རྒྱང་རིང་གི་ཞིང་གྲོང་ཞིག་ན། ཨ་མ་ལགས་ཀྱི་དངན་པ་རིང་མོ། འཁྱག་པའི་སྟོན་རླུང་གིས་ཕབ་པའི། ལོ་མ་སེར་པོས་སྐྱེལ་འོང་། ལོ་ཟླ་ལགས། ང་ཚོས་རང་ཉིད་སྲུང་ཞིང་། རང་ཉིད་གློད་པའི་དུས་ཚོད་དེ་ག་དུས་སླེབས་ཐུབ། འཁྲིས་དང་གཡས་གཡོན་ན། མི་སྐད་གོ་བའི་སྤྲིན་དང་འདབ་ཆགས་ཡོད་དམ། གཙང་པོ་དང་ལམ་བུ། རིའི་རྔོག་མ་དེ་དག་ཡང་སྙིང་གང་དུ་འཐེན་ཡོད། ཁ་སང་ཟེར་བ་དེ་ཚར་སོང་ངམ། སང་ཉིན་ཟེར་བ་དེ་མཐོང་སྲིད་དམ། རྒྱང་གིས་ཆོད་པའི་སེམས་པ། ཨ་མ་ལགས་ཀྱི་དངན་པས་བརྐུས་ཚར། སྐྱེལ་དཀའ་བའི་མཚན་མོའི་ཕྲེང་བ་ནི།
ཨ་མ་ལགས་དྲན་པའི་དུས་ཚོད་ཡག་ཤོས་དེའོ།། ༢༠༡༤.༡༠.༢༡ཞེས་སྲོད་དུ་དབུས་ཀྱི་སྨིན་དྲུག་རྫ་རིའི་འདབས་ཞོལ་དུ་སྦྱར། ཆར་པ། ཆར་པ་འཚོ་གཞེས་སུ་སྒོམ་མཁན། ཁུ་བྱུག་དང་ལྷོ་རི། ཆར་པ་ཆར་པར་སྒོམ་མཁན། ང་དང་ངའི་ཚ་སྡུག ཁུ་བྱུག་དང་ལྷོ་རིར་མཚོན་ན། གསུང་སྐད་འགག་ཀྱང་།...
དེ་ལས་མང་པ།