སྨྲེང་བུའི་སྙན་ངག་བདམས་བཀོད།

སྨྲེང་བུ།  སྐྱེས་མིང་ལ་དོན་གྲུབ་ཚེ་རིང་།  ཕ་ཡུལ་མདོ་སྨད་བྱ་མདོ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་རྩོམ་རིག་ཚན་ཁག་གི་འགན་འཛིན། དགེ་ཆེ་གཞོན་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་སོགས་ཐོབ།

བརྩམས་དེབ་ཀྱི་སྐོར་ལ། ༼མཁས་པའི་ཞལ་གདམས༽༼ཁང་བ་སྔོན་པོའི་གཏམ་རྒྱུད༽༼རྩོམ་ཉམས་དཔེ་ཁྲིད༽༼བོད་རྩོམ་འཕྱོར་འབྲི་དང་སྒྱུ་རྩལ་མྱོང་རོལ༽༼སྨྲེང་བུའི་འདྲ་འབག༽༼འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས༽༼འཕྲིན་ཡིག་ཕྱོགས་བསྒྲིགས་མར་མེའི་རྩེ་མོ༽སོགས་ཡོད།


མཚན་མོའི་གཤོག་པ།



མཚན་མོས་ངའི་དྲན་པའི་སྐར་ཁུང་ཕྱེས།

འཁྲིས་དང་རྒྱང་རིང་གི།

དབྱིབས་དང་ཁ་དོག་སྣ་ཚོགས།


མིག་ལམ་དུ་སིལ་བུར་སྤུངས།

རྒྱང་རིང་གི་ཞིང་གྲོང་ཞིག་ན།

ཨ་མ་ལགས་ཀྱི་དངན་པ་རིང་མོ།

འཁྱག་པའི་སྟོན་རླུང་གིས་ཕབ་པའི།

ལོ་མ་སེར་པོས་སྐྱེལ་འོང་།

ལོ་ཟླ་ལགས།

ང་ཚོས་རང་ཉིད་སྲུང་ཞིང་།

རང་ཉིད་གློད་པའི་དུས་ཚོད་དེ་ག་དུས་སླེབས་ཐུབ།

འཁྲིས་དང་གཡས་གཡོན་ན།

མི་སྐད་གོ་བའི་སྤྲིན་དང་འདབ་ཆགས་ཡོད་དམ།

གཙང་པོ་དང་ལམ་བུ།

རིའི་རྔོག་མ་དེ་དག་ཡང་སྙིང་གང་དུ་འཐེན་ཡོད།

ཁ་སང་ཟེར་བ་དེ་ཚར་སོང་ངམ།

སང་ཉིན་ཟེར་བ་དེ་མཐོང་སྲིད་དམ།

རྒྱང་གིས་ཆོད་པའི་སེམས་པ།

ཨ་མ་ལགས་ཀྱི་དངན་པས་བརྐུས་ཚར།

སྐྱེལ་དཀའ་བའི་མཚན་མོའི་ཕྲེང་བ་ནི།


ཨ་མ་ལགས་དྲན་པའི་དུས་ཚོད་ཡག་ཤོས་དེའོ།།

༢༠༡༤.༡༠.༢༡ཞེས་སྲོད་དུ་དབུས་ཀྱི་སྨིན་དྲུག་རྫ་རིའི་འདབས་ཞོལ་དུ་སྦྱར།


ཆར་པ།

ཆར་པ་འཚོ་གཞེས་སུ་སྒོམ་མཁན།

ཁུ་བྱུག་དང་ལྷོ་རི།
ཆར་པ་ཆར་པར་སྒོམ་མཁན།
ང་དང་ངའི་ཚ་སྡུག

ཁུ་བྱུག་དང་ལྷོ་རིར་མཚོན་ན།
གསུང་སྐད་འགག་ཀྱང་།
སྐྱ་ཟད་སྔོ་རྡིབ་ཤར་ཡང་།
ཆར་པ་ལས་ལྷག་པའི་འཚོ་གཞེས་མ་རྙེད།
ང་དང་ངའི་ཚ་སྡུག་ལ་མཚོན་ན།
ཁེར་རྐྱང་རལ་ཡང་།
དངན་པ་ཤོར་ཡང་།
ཆར་པ་ལས་ལྷག་པའི་ན་ཟུག་མ་རྙེད།

ཁ་སང་དེ་རིང་།
ཁ་ཅིག་གི་ཆར་པ་ཆང་ས་ཡིན།
ཁོང་ཚོ་ཤོ་དང་ཆང་ལ་འཐིམས་འདུག
ཁ་ཅིག་གི་ཆར་པ་སློབ་ཐོན་ཡིན།
ཁོང་ཚོ་ཁ་བཏགས་ཀྱི་གསེབ་ནས་ཐོན་སོང་།
ཁ་ཅིག་གི་ཆར་པ་སྤོ་ལོ་ཡིན།
ཁོང་ཚོས་མཚན་མོ་བསྲུངས་ནས་གཉིད་མ་ཐུབ།

གནས་སྐབས་འདིར།
ཆང་ལ་རོལ་ཡང་ཆང་ས་དེ་ངའི་ཆར་པར་མ་སོང་།
ཁ་བཏགས་སྤུངས་ཀྱང་སློབ་ཐོན་དེ་ངའི་ཆར་པར་མ་གྱུར།
མཚན་མོ་སླེབས་ཀྱང་སྤོ་ལོ་དེ་ངའི་ཆར་པར་མ་སྨིན།

ཆར་པ།   ངའི་ཁེར་རྐྱང་དང་རྒྱང་དུ་བོར་སོང་།

ཆར་པ། ངའི་ཚ་སྡུག་དང་རྒྱང་དུ་བཀྱེད་སོང་།

ཆར་པ། ངའི་ཆར་པ།

༢༠༡༤ལོའི་ཟླ༦ཚེས༡༣ཉིན་གྱི་ཉི་མ་ནུབ་ཁར་ལྷོའི་སྨིན་དྲུག་རྫ་རིའི་འདབས་ཞོལ་དུ་སྦྱར་རོ།།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s