རྩོམ་པ་པོ་མི་གསལ།

༡༽ འབྲུ་རིགས་དང་ཚོད་མའི་མིང་།

གྲོ་ནས་སྲན་གསུམ་མར་ནག་འབྲས།།
སྐེ་ཚེ་མ་རྨོས་ལོ་ཏོག་དང་།།
ཡུངས་དཀར་ཡུངས་ནག་ཁྲེ་ཙེ་བོ།།
སོ་བ་ཡུག་པོ་བྲ་བོ་དང་།།
ཧྭ་ཧྲིན་ཟར་མ་ཏིལ་དཀར་ནག །
ཤིང་བལ་དང་ནི་གསོ་མ་དང་།།
ཡུང་མ་ཚོད་དཀར་ལ་ཕུག་ཀེའུ།།
ཡུང་རིལ་ལ་སེར་སྒོག་པ་ཙོང་།།
ལ་ཙེ་ཧོང་ཀྭ་ཚལ་དཀར་སོགས།།
འབྲུ་རིགས་ཞོད་མ་མང་པོ་ཡོད།།
ལོ་ལེགས་ཡོང་བར་འབད་རྩོལ་གྱིས།།
ཅན་བཞིའི་ཆེད་དུ་བྱས་རྗེས་ཞོག །


༢༽ ཞིང་ཆས་ཀྱི་མིང་།

ད་སྐབས་ཞིང་ལས་ལས་ཀ་སྟེ།།
ལོག་རྒྱབ་སོན་འདེབས་ཆུ་འདྲེན་དང་།།
བརྔ་བ་སྡུད་པ་གཡུལ་གཅོག་སོགས།།
ཕལ་ཆེར་འཕྲུལ་ཆས་བཀོལ་ཡོད་ཀྱང་།།
ལག་ཆ་རྙིང་བ་མེད་མི་རུང་།།
ཐོང་ལྕགས་གཤོལ་མདའ་གཤོལ་གསར་དང་།།
སྐེ་ཤིང་སྤོ་རྡུང་མཇོར་དང་ཤལ།།
ལྕགས་ཁེམ་ཀེག་ལེ་འདེད་མ་ཚེབ།།
ཁྱེམ་བུ་ཟོར་བ་སྟ་རེ་སྟེའུ།།
རྡོ་རིལ་འཁོར་མ་སྡུད་མ་ཁེམ།།
འཁྱབ་མ་ཚགས་མ་སླེ་བོ་བྲེ།།
ཞིང་ཆས་ཡོ་བྱད་ལེགས་བསྒྱུར་ནས།།
འཕྲུལ་ཆས་ཅན་དུ་འགྱུར་བར་འབད།།


༣༽ ཞིང་ལས་ལས་ཀའི་མིང་།

དུས་ཚིགས་བཞི་བོར་ཞིང་ལས་འབྲེལ།།
ལས་ཀ་ལས་ཤེས་མིང་འབྲི་ཤེས།།
དུས་རྒྱུན་ཟོག་རར་ལུད་ས་བླུག །
ལུད་གསོག་ལོག་རྒྱག་ས་ཚིག་བསྲེག །
སོན་འདེམ་སོན་སྦང་སྨན་གྱིས་འཁྲུད།།
ལུད་སྐྱེལ་དཔྱིད་རྨོག་གྲ་སྒྲིག་བྱེད།།
དྲོད་གཤེར་ལྡན་ཚེ་ཞིང་ས་རྨོ།།
རྐ་དང་ཡུར་བ་ཐོགས་མེད་བཤང་།།
ཞིང་བཏབ་ཚར་རྗེས་ཆུ་གཏོང་བ།།
སེར་སྲུང་དོན་དུ་ཤལ་རྒྱག་དགོས།།
ལྗང་མྱུག་བུད་རྗེས་ཡུར་མ་ཡུར།།
སྙེ་མ་འཐེན་ནས་སྨིན་པའི་དུས།།
སྟོན་འབྲེག་གཡུལ་གཅོག་ས་ཞིང་སྙོམས།།
དུས་དང་བསྟུན་ནས་སྒྲུབ་གལ་ཆེ།།
ལོ་ཏོག་དོ་དམ་ཞིབ་ཚགས་གྱིས།།


༤ ཕྱུགས་ཟོག་གི་མིང་།

མཐའ་ཡས་རྩ་ཐང་ཆེན་པོ་རུ།།
སྙན་པའི་གླུ་གཞས་ལྷང་ལྷང་གྲགས།།
འབྲོག་པས་ཕྱུགས་ལས་འབུངས་ཀྱི་སྤེལ།།
ཕྱུགས་ཟོག་མིང་ཡིག་བློ་ལ་ཟུངས།།
ཁལ་རྟ་རྟ་དང་རྒོད་མ་གསེབ།།
རྟེའུ་ཐོ་རུ་ཐོར་མོ་དྲེལ།།
བོང་བུ་བོང་ཕྲུག་བོང་གསེབ་དང་།།
རྔ་མོང་རྔ་གསེབ་རྔ་ཕྲུག་རྔེའུ།།
འབྲི་གཡག་ཤད་མོ་ཡ་རུ་བེའུ།།
ཆགས་གཡག་བ་གླང་མཛོ་མཛོ་མོ།།
རྟོལ་གོག་རྟོལ་མོ་འགར་པ་ནོར།།
ཁྲོམ་ལུག་མ་མོ་ཤབ་གཟན་དང་།།
ལག་ག་ལག་མོ་ཐོང་བ་འཚེར།།
ར་མ་ར་ཤབ་ར་ཐོང་རེའུ།།
རྟ་ནོར་ལུག་གསུམ་རྩ་སར་ཁྱབ།།


༥ རི་དྭགས་དང་གཅན་གཟན་གྱི་མིང་།

རི་དྭགས་ཤ་བོ་ཡུ་མོ་དང་།།
འབྲོང་དང་ཁ་ཤ་ཕག་རྒོད་སྤྲ།།
དགོ་བ་གཙོད་རྣ་གླ་གཉན་རྐྱང་།།
འཕྱི་བ་རི་བོང་བྱི་ལོང་སྤྲེལ།།
གཅན་གཟན་སེང་གེ་སྟག་གཟིག་དོམ།།
དྲེད་མོང་འཕར་བ་སྤྱང་ཀི་གཡི།།
ཝ་མོ་གྲུམ་པ་སྲེ་མོ་སྲམ།།
རི་དྭགས་རྩ་ཆེན་སྲུང་སྐྱོབ་གྱིས།།
སྤྱང་ཀི་ཨ་བྲ་བྱི་ལོང་སོད།།


༦ འབྲོག་པའི་ཡོ་བྱད་ཀྱི་མིང་།

འབྲོག་པར་མཁོ་བའི་ཡོ་བྱད་མིང་།།
ཅུང་ཟད་བྲིས་པ་གཤམ་དུ་གསལ།།
སྦྲ་ནག་སྦིས་གུར་རས་གུར་གསུམ།།
ངོ་ཐག་ཕུར་བ་ཆ་རུ་དང་།།
ཆོན་ཐག་ཀ་ར་མེད་མི་རུང་།།
ཁལ་མར་སྒ་འབྲེང་ཐག་གསུམ་དང་།།
བཞོན་པར་སྒ་རྨེད་གོང་ཐག་དགོས།།
མཐུར་དང་མཐུར་མདའ་སྲབ་སྐྱོག་སྲབ།།
གློ་དང་ཕྱི་གློ་ཡོབ་ཆེན་དང་།།
སྒ་གཡོག་ཤ་ཐག་རྟ་ཡི་སྒྲོག །
སྒྲོ་བ་སྒྱེ་མོ་དོ་བོ་གསུམ།།
དཀར་ཡོལ་ཟངས་ང་སྡེར་མ་གྲི །
ཐུར་མ་ཇ་ནེ་ཇ་ཚགས་སྐྱོགས།།
འོ་ཟོ་བཞོ་ཟེའུ་བཞོ་བཟུང་དོམ།།
མར་སྒམ་རྩམ་ཤིང་རྩམ་ཁུག་དང་།།
འུར་ཆ་ཐབ་ཀ་བ་མ་ཐོམ།།
མེ་ཐུར་ཐལ་གཞོང་ཁོལ་མོ་འབིགས།།
ལྕགས་རྟ་ལྕགས་ཐབ་བཟོ་འཁོར་དང་།།
བརྙན་འཕྲིན་སྒྲ་སྡུད་སྒྲ་ཕབ་སོགས།།
ཁྱིམ་ལ་མཁོ་བའི་ཡོ་བྱད་ཡིན།།
གཅེས་སྤྲས་བྱས་ན་བཀོལ་ཡུན་རིང་།།


༧ འབྲོག་ལས་ཀྱི་མིང་།

ནོར་ལུག་འཚོ་དང་འོ་མ་བཞོ།།
འོ་བཤིགས་མར་ལེན་ཆུར་བ་བསྐོལ།།
སྐུད་པ་འཁེལ་ཞིང་ས་འཐག་འཐག །
རྩྭ་ཆུ་བསྙེགས་ནས་མཚེར་ས་སྤོར།།
བལ་འབྲེག་རྩྭ་འབྲེག་ཟོག་ར་བསྐོར།།
བྱི་ལིང་ཨ་བྲ་ཆ་ག་གསོད།།
རྩྭ་སར་ཆུ་འདྲེན་རྩྭ་བཟང་འདེབས།།
ཚན་རིག་སྤྱད་ནས་ཕྱུགས་ཟོག་སྤེལ།།

ཡོངས་ཁུངས་བོད་ནང་གི་དྲྭ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading