བང་སོ། Ebook ཕབ་ལེན་གནོངས། PDF ཕབ་ལེན་གནོངས། རྩོམ་པ་པོ། གཟུངས་ཕྱུག་སྐྱིད། བརྗོད་བྱ། སྙན་དངགས། སྤྱིའི་དེབ་ཨང་། wokar00011 དེབ་ཨང་། Ny001 དྲྭ་དེབ། Ebook / PDF འཕྲུལ་དེབ་བཟོ་སྐྲུན་པ། འོད་དཀར་དྲྭ་ཚིགས། ཕྱི་ལོ ༢༠༡༥ ཟླ ༠༤ ཚེས ༡༠ དྲྭ་ཐོག་དུ་བཀོད།...
དེ་ལས་མང་པ།
ལ་གཞས་ཀྱི་སྙན་ངག་འགའ། (བོད)
࿑ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན། ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན ངས་འདུ་འཛི་ཆེ་བའི་སྲང་ལམ་དུ་ཆེ་རུ་ཕྱེས་པའི་མིག་ཅིག་འབྲི་འདོད འཇིག་རྟེན་འཚོ་བའི་གཟུགས་རིས་དག་་མིག་ཀོང་དུ་ཉར་ཚགས་བྱ་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན ངས་མ་ཎི་རྡོ་འབུམ་སྟེང་འཛུམ་བག་ལྡན་པའི་མིག་ཅིག་འབྲི་འདོད ཡིག་དྲུག་གཟུངས་སྔགས་བརྐོས་པའི་རྡོ་བ་དག་ལན་རེར་འཛུམ་ཞིང་བགད་ན་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན གངས་རིའི་ལྗོངས་སུ་ཤོག་སྒོར་བརྩེགས་མ་མང་པོ་འབྲི་འདོད ཤོག་སྒོར་དེ་རེ་ཞིང་སྒུག་པའི་དབུལ་ཕོངས་ཀྱི་མིག་ཟུང་དག་ཏུ་གཏོང་ན་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན རང་ཉིད་ཀྱི་སྨིན་མཚམས་སུའང་མིག་ཅིག་འབྲི་འདོད མིག་དེས་རང་ཉིད་ཀྱི་མ་འོངས་པ་དང་མ་འོངས་པའི་མཛའ་གྲོགས་མཐོང་ཐུབ་པར་རྟོག་བཟོ་བྱེད་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན ངས་དུར་སའི་རྡོ་སྟེགས་སུ་སྨྲ་ཤེས་པའི་བྱ་རྒོད་ཅིག་འབྲི་འདོད དེ་ལས་འཁང་སེམས་མཆིས་པའི་རྣམ་ཤེས་དག་གི་ཞལ་ཆེམས་ཟིན་ཐོར་འགོད་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན ངས་ནམ་ཡང་འཆི་བ་མེད་པའི་འདབ་ཆགས་ཤིག་འབྲི་འདོད འདབ་ཆགས་དེས་དུས་གཏན་དུ་གངས་ལྗོངས་ཀྱི་མཁའ་དབྱིངས་སུ་ལྡིང་སྐོར་བྱས་ན་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན ངས་ངུར་སྨུག་གི་རྒྱབ་གཟུགས་སུ་འོད་གོར་ཞིག་འབྲི་འདོད འོད་གོར་དེ་ལས་འཇའ་ཚོན་ལྟ་བུའི་ཁ་དོག་སྣ་ལྔ་འཕྲོ་བར་རྟོག་བཟོ་བྱེད་འདོད ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན སློང་མོ་བའི་ལག་མཐིལ་དུ་ཟུམ་ཡོད་པའི་མིག་ཅིག་འབྲི་འདོད མིག་དེས་དྲོད་ཁོལ་ལྡན་པའི་ལག་མཐིལ་ལ་འཁྱག་གྲང་གི་ཚོར་བ་ཡོད་མེད་མྱངས་ན་འདོད ࿑ མཚན་མོའི་གཏམ། དོ་ནུབ་ཟླ་བས་མཚན་མོ་དྲུད་ནས་མདུན་དུ་བསྐྱོད མུ་མཐུད་དེ་མདུན་དུ་སྐྱོད དར་རྩེ་མདོ་ཡི་གནམ་འོག་ཏུ གྲངས་མེད་པའི་མིག་ཟུང་མང་པོས མཚན་མུན་ཁྲོད་མདུན་དུ་སྐྱོད་པའི་ཟླ་བར་ཅེར་ནས ངུ་བའམ་དགོད་པར་བྱེད ཤུབ་བུས་ཁེར་ལབ་བམ་གསེང་མཐོའི་སྐད་སྒྲ་སྒྲོག...
དེ་ལས་མང་པ།
ཀརྨ་པ་མཆོག་ལ Talks at Google གྱི་བཅར་འདྲི།
...
དེ་ལས་མང་པ།