ལོ་འཁོར་བཅུ་གཉིས་ཀྱི་ལེགས་ཉེས་རྟོག་བྱེད།

མཐོ་ལས་ཡོན་ཏན་འོད་ཟེར་གྱིས་བསྒྱུར།

དང་པོ་བྱི་བ།

  རང་གཤིས་འཇམ་ལ་དྲང་མོ་ཡིན། རིག་པ་གསལ་བས་བྱ་བ་ཐམས་ཅད་ཚོར་སྣང་གིས་ཐག་གཅོད་བྱེད། ནུས་པ་ལྡན། བྲེལ་མྱུར་ཆེ། བློ་རྩེ་གཉིས་ཡོད་པས་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཕམ་ཁ་ཡོད། བརྩེ་བ་ཡོད། ཡིད་དུ་འོང་། རང་བཞིན་འཇམ་པོ་ཡིན་པས་རང་ལ་དགའ་བའི་མི་ཧ་ཅང་མང་། གྲོགས་ཀྱི་བརྩེ་བར་ཧ་ཅང་མཐོང་ཆེན་བྱེད་པས་གྲོགས་ལ་མི་འོས་པའི་བྱ་བ་མི་སྒྲུབ། དོན་མེད་ཀྱི་སྐད་ཆ་ཉུང། རླུང་རྟ་ཚེ་གང་པོར་ཅུང་བཟང་། བྱ་གཞག་ཕྱོགས་ནས་བར་སྐབས་སུ་མི་བཟང་། འོན་ཀྱང་རྒྱུ་ནོར་གསོག་འཇོག་བྱེད་པས་སྐྱོན་མེད། སྤྱིར་བཏང་གི་འཚོ་བའི་མི་ཚེ་མཇུག་རྫོགས། བྱ་བ་སྒྲུབ་སྐབས་རང་སྣང་མཐོ་བའི་དབང་གིས་བྱ་བ་ལེགས་པ་ཞིག་བསྒྲུབས་དཀའ། སྤྲེའུ་དང་གླང་། འབྲུག་གསུམ་གྲོགས་ལ་བཟང་།
བྱ་བ།  རྩོམ་པ་པོ།  སྒྱུ་རྩལ་བ། སྨན་པ། དགེ་རྒན་བཅས་བཟང་།


གཉིས་པ་གླང་།

 རང་གཤིས་བཟང་། སྐད་ཆ་མང་པོ་མི་བཤད། གཞུང་དྲང་ཞིང་རྫུན་མི་བཤད། བརྩོན་འགྲུས་དང་སྡུག་རུས་ཆེ། རང་བཞིན་ཧ་ཅང་བརྟན་པོ་ཡིན། མི་གཞན་པར་འགོ་འཛིན་བྱེད་རྒྱུར་དགའ།ཁྱིམ་བདག་ལྟ་བུའི་རང་བཞིན་ལྡན། བྱ་བ་ཐམས་ཅད་གང་འདོད་ལྟར་འགྲུབ། རང་དབང་རང་འཐད་ཀྱི་རང་བཞིན་ལ་དགའ། བུད་མེད་ཅིག་ཡིན་ན་བཟང་། རང་བཞིན་གྱི་ནུས་པ་ལྡན་པས་བྱ་བ་ཅི་ཞིག་སྒྲུབ་ཀྱང་སེམས་རྒྱ་ཆེ་བ་དང་། བསམ་བློ་ཡང་དག་ཡིན་ན་བཟང་། རང་གཅིག་པུས་བྱ་བ་གང་ཡང་མ་སྒྲུབ་ན་བཟང་། བྱི་བ། སྦྲུལ། བྱ་གསུམ་གྲོགས་ལ་བཟང་།
བྱ་བ། རྩོམ་པ་པོ། ལས་བྱེད་པ། ཁྲིམས་ལུགས་པ་བཅས་བཟང་།


གསུམ་པ་སྟག

  རང་གཤིས་དྲང་བདེན་དང་གནས་ལུགས་གཙོ་བོར་བྱེད། ཕྱི་ཚུལ་ནས་རྩུབ་ཀྱང་བསམ་པ་བཟང་། བུད་མེད་ཡིན་ན་དེ་ལས་ལྡོག་སྟེ་གསར་གཏོད་ཀྱི་ནུས་པ་ལྡན། སྤྲོ་སྣང་ཅན་ཞིག་ཡིན། མི་གཞན་གྱིས་རང་དགར་བརྩེ་དུང་སྟེར། བྱ་བ་ཐམས་ཅད་འགྲུབ། འགུལ་སྐྱོད་ཐམས་ཅད་སྤྱིར་བཏང་ཞིག་ཡིན། ལོ་འཁོར་བཅུ་གཉིས་ནང་དུ་ཆེས་བཟང་ཤོས་ཡིན། རླུང་རྟ་དར། རང་བཞིན་བརྟན་པོ་མིན། བྱ་བ་ཐམས་ཅད་དཀའ་སྤྱད་སྡུག་རུས་ཀྱིས་སྒྲུབ་ན་བཟང་། རྟ་ཁྱི་ཕག་གསུམ་གྲོགས་ལ་བཟང་།
བྱ་བ། སྤྱི་གཉེར་། ལས་བྱེད་པ། ཆེས་མཐོ་བའི་སྤྱི་གཉེར་བ་བཅས་ལ་བཟང་།


བཞི་པ་ཡོས།

      རང་གཤིས་སྤྲོ་སྣང་ཅན་དང་ཡིད་དུ་འོང་བ་ཞིག་ཡིན། ཕུགས་བསམ་གྱི་དོན་དུ་སྔོན་མར་བསྐྱོད་མཁན་ཞིག་ཡིན། འོན་ཀྱང་ནུས་པ་ཞན་པས་བྱ་བ་ཕལ་ཆེ་བ་མི་གྲུབ། ནམ་ཡིན་ཡང་མི་གཞན་གྱི་སྔོན་དུ་འགྲོ་རྒྱུ་དང་སྔོན་དུ་བྱ་བ་ལས་རྒྱུར་དགའ། ཕྱི་ནང་གཉིས་ཀ་བཟང་བ་དང་། གལ་ཏེ་སེམས་རྒྱ་ཆེ་བ་ཞིག་ཡིན་ན་བརྩེ་དུང་ཕུན་སུམ་ཚོགས་པ་ཞིག་ཐོབ་ཐུབ། ཚེ་གང་པོར་བྱ་བ་ཅུང་བཟང་། གནས་ཅིག་ཏུ་མི་འདུག རྒྱུ་ནོར་དང་འཚོ་བ་སྤྱིར་བཏང་བའི་ནང་མི་ཚེ་རྫོགས། བྱ་བ་ཅི་བྱེད་ཀྱང་སེམས་ཆུང་བྱེད་པ་ཚད་ལས་བརྒལ་ཡོད། གལ་ཏེ་ཕྲག་དོག་གི་སེམས་པ་མེད་པ་དང་སེམས་པ་རྒྱ་ཆེ་ན་གང་འདོད་གྲུབ། ལུག་ཁྱི་ཕག་གསུམ་གྲོགས་ལ་བཟང་།
བྱ་བ། ཞིང་ལས་པ་དང་བདག་གཉེར་བའོ།


ལྔ་པ་འབྲུག

  རང་གཤིས་སྡུག་རུས་ལྡན། བརྩེ་དུང་ཡོད། བྱ་བ་བཟང་པོ་བསྒྲུབ་འདོད་ཧ་ཅང་ཆེ། བློ་རིག་གསལ། འོན་ཀྱང་བྱ་བ་ཅི་ཞིག་བསྒྲུབ་ཀྱང་ཡུན་མི་རིང་བས་ལེགས་གྲུབ་དཀའ། ཕྱི་ཚུལ་ནས་ཅུང་རྩུབ་ཀྱང་ནམ་ཡིན་ཡང་མི་གཞན་གཙོ་བོར་བྱེད། ནམ་ཡིན་ཡང་བརྩེ་དུང་ལ་རེ་བ་དང་དེའི་སྐོར་གྱི་བྱ་བ་གཙོ་བོར་བྱེད། གཞོན་ནུའི་སྐབས་བརྩེ་དུང་གི་སྡུག་བསྔལ་ཡོད། ལས་དབང་ཅུང་བཟང་། གཞོན་ནུའི་སྐབས་མི་ཆེན་དང་འཕྲད་ནས་བྱ་བ་ཐམས་ཅད་འགྲུབ། ལོ་སུམ་ཅུ་བཞི་བཅུའི་སྐབས་དེ་འདྲ་བཟང་རྒྱུ་མེད། རྒྱལ་ཁ་འཐོབ་འདོད་ན་སྡུག་རུས་དགོས་ལ་ཡུན་རིང་དགོས།སྤྲེའུ་བྱི་བ་བྱ་ལོ་པ་གསུམ་གྲོགས་ལ་བཟང་།
བྱ་བ། གང་ཡིན་ཡང་བཟང་། རང་སྒེར་གྱི་ལས་ལྷག་པར་བཟང་ངོ་།


དྲུག་པ་སྦྲུལ།

 རང་གཤིས་ཕྱི་ཚུལ་ནས་བྱ་བ་ཐམས་ཅད་དྲང་པོར་ལས། སྡུག་རུས་ལྡན། དོན་དངོས་སུ་སྨྱོ་སྤྱོད་མཁན་ཞིག་ཡིན། བློ་རྩེ་གཉིས་པ་ཧ་ཅང་ཆེ། བློ་རིག་གསལ། སྒྱུ་རྩལ་ལ་དགའ། རང་དགའ་བའི་མི་དང་འཕྲད་ན་མེ་ལྕེ་ལྟ་བུའི་བརྩེ་དུང་ཡོད་ཀྱང་ཐེ་ཚོམ་དང་ཕྲག་དོག་ཧ་ཅང་ཆེ། འོན་ཀྱང་བརྩེ་དུང་ལ་དོ་སྣང་མི་བྱེད་པས་མི་དྲང་མོ་ཞིག་མིན། གལ་ཏེ་བརྩོན་འགྲུས་ཕུན་སུམ་ཚོགས་པ་ཡོད་ན་མཚན་སྙན་གྲགས་དང་རྒྱུ་འབྱོར་བ་སོགས་གང་འདོད་དུ་འགྲུབ། བློ་རིག་གསལ་བའི་དབང་གིས་བྱ་བ་སྒྲུབ་སྐབས་སེམས་ཆུང་བྱས་ན་བཟང་། ཕྱོགས་གཞན་ཞིག་ནས་གདུག་རྩུབ་ཆེ་བའི་མི་ཉེས་ཅན་ཞིག་ཀྱང་ཡིན། གླང་བྱ་གཉིས་གྲོགས་ལ་བཟང་།
བྱ་བ། སྒྱུ་རྩལ་པ་དང་ཁྱད་པར་ཅན་གྱི་བྱ་བ་དག་བཟང་། །


བདུན་པ་རྟ།

 མི་གཞན་ལ་བརྩེ་དུང་ཡོད། སྙིང་རྗེ་ཆེ། ཚོད་དཔག་གི་ནུས་པ་ཡོད། བློ་རིག་གསལ། ཁ་ལྕེ་བདེ། བྲེལ་མྱུར་ཆེ། རང་གཤིས་བརྟན་པོ་ཡིན། བཟང་ངན་གཉིས་ཀའི་རྣམ་པ་ཕྱི་རུ་མངོན། སྐད་ཆ་ཡག་པོ་མི་བཤད། བརྩེ་དུང་གི་ཉེན་ཁ་ཧ་ཅང་ཆེ། ལོ་རྒས་ན་རྒྱུ་འབྱོར་འབྲིང་། བར་སྐབས་སུ་བྱ་བ་མི་བཟང་མོད། ཧུར་ཐག་གིས་བསྒྲུབ་ན་བྱ་བ་འབྲིང་ཡིན། བྱ་བ་ཅི་ཞིག་སྒྲུབ་ཀྱང་ཡུན་རིང་དགོས་པ་གཙོང་བོ་ཡིན།  སྟག་ལུག་ཁྱི་གསུམ་གྲོགས་ལ་བཟང་།
བྱ་བ། རྩོམ་པ་པོ། སྒྱུ་རྩལ་པ།།


བརྒྱད་པ་ལུག

  ཡིད་དུ་འོང་ཞིང་བརྟན་པོ་ཡིན། བྱམས་བརྩེ་ཡོད། བསམ་བློའི་ནུས་པ་ལྡན། ཕྱི་ཚུལ་དེ་དང་ནང་དུ་ནུས་པ་ལྡན་པའི་མི་ལ་ངོ་རྒོལ་བྱེད། རང་གི་བཟང་ཆ་རང་གིས་སྔོན་འགོག་བྱེད། སྡུག་རུས་ཡོད། མི་གཞན་པར་མགོ་སྐོར་གཏོང་བའི་ནུས་པ་ལྡན། རང་གཤིས་ལ་བཟང་ངན་གཉིས་ཡོད། བརྩེ་དུང་ཧ་ཅང་གིས་གཙོ་བོར་བྱེད་ཅིང་འདིའི་ཕྱོགས་ལ་སྡུག་རུས་མེད། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་མཚན་སྙན་གྲགས་དང་རྒྱུ་འབྱོར་བ་སོགས་ཀྱང་དེ་བཞིན་འཕེལ། གཞོན་ནུའི་དུས་སུ་མི་ཆེན་དང་ཕྲད་ནས་རོགས་བྱས་ན་བྱ་བ་ཐམས་ཅད་བདེ་ལེགས་ངང་འགྲུབ། སྙིང་ནད་ཚབས་ཆེ། བྱ་བ་སྒྲུབ་སྐབས་དཔྱད་པ་བཏང་ནས་སྒྲུབ་ན་ཧ་ཅང་བཟང་། ཡོས་ལུག་ཁྱི་གསུམ་གྲོགས་ལ་བཟང་།
བྱ་བ།  རི་མོ་བ། སྤྱི་གཉེར་བ། མཛེས་རྩལ་འགྲེམ་སྟོན་པ། །


དགུ་པ་སྤྲེལ།

   བློ་རིག་གསལ་ཞིང་སྙིང་ཉེ་བ། ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཡིན། འོན་ཀྱང་མཚན་སྙན་གྲགས་གཙིགས་སུ་འཛིན། རང་གཙོ་བོར་བྱེད། རང་ལ་ཡིད་ཆེས་ཡོད། རྐང་ལག་བདེ། སེམས་རྒྱ་ཆེ། ཐེ་ཚོམ་ཅན་གྱི་གྲོགས་པོ་མང་། རང་གཤིས་བརྟན་པོ་མིན། བརྩེ་དུང་ངོ་མ་ཞིག་ཡིན་ཡང་རྫུན་མར་གཏོང་། བྱ་བ་ཅི་ཞིག་བྱེད་ཀྱང་ཐམས་ཅད་རང་ཉིད་ཁོ་ནའི་ཆེད་ཡིན། རྒྱུ་འབྱོར་འབྲིང་། ཆུང་དུས་བྱ་བ་ཐམས་ཅད་འབྲིང་ཡིན་ལ་ཡུན་རིང་ཚེ་ཐམས་ཅད་བདེ་ལེགས་ངང་འགྲུབ་ཐུབ།  བྱི་བ་དང་འབྲུག་གཉིས་གྲོགས་ལ་བཟང་།
བྱ་བ། རང་སྒེར་གྱི་བྱ་བ་ཐམས་ཅད་བཟང་།


བཅུ་པ་བྱ།

   མཚམས་སྦྱོར་ལ་མཁས། ཡིག་རིགས་དང་སྐད་རིགས་སོགས་ཀྱི་སྒོ་ནས་བསམ་ཚུལ་བརྗོད་པའི་ནུས་པ་ཡོད། དོན་གྱི་ཕྲ་རགས་འབྱེད། གཞན་ལ་ཡིད་འོང་དུ་བལྟ། ང་རྒྱལ་མེད་ལ་ནན་ཏན་ཡིན། བྱ་བར་སེམས་ཁྲལ་ཆེ། ནང་བསམ་པའི་འདུ་ཤེས་དང་ཕྱི་དངོས་པོའི་དཔལ་འབྱོར་གྱི་འབྲེལ་ཚུལ་ཤེས། སྤྲོ་སྣང་ལ་དགའ། དེང་རབས་ཀྱི་བྱ་བར་ཧ་ཅང་དགའ་བས་དེ་ཕྱོགས་སུ་འཁོར་བ་ལ་རང་དབང་མེད། བརྩེ་དུང་ཕྱི་ནང་གཉིས་ཀ་རྫུན་ཡིན། ཚིག་ཡག་པོའི་སྒོ་ནས་བཤད། ཐེ་ཚོམ་ཧ་ཅང་ཆེ། མིག་རྒྱང་རིང་། འོན་ཀྱང་དགའ་གྲོགས་དེས་རང་ལ་བློ་མ་གཏད་ན་དུས་ཡུན་ཐུང་ངུའི་ནང་རལ་གྲི་རྣོ་བ་ཞིག་གིས་དངོས་པོ་ཞིག་དུམ་བུ་གཉིས་སུ་བགོས་པ་ལྟ་བུ་ཡིན། གནས་གང་དུ་སོང་ཡང་བདེ། རྒྱུ་འབྱོར་ལོངས་སྤྱོད་བཟང་། བྱ་བ་མཐའ་དག་འགྲུབ། འོན་ཀྱང་ནོར་རྟག་ནས་མི་འདུག རང་མཐོང་ཆེ། གཞན་ལ་ལྟ་རྟོག་བྱེད་པར་དགའ། སྐད་ཆ་རྡབ་རྡིབ་བཤད་པ་མང་། རང་མི་འབྲེལ་བའི་བྱ་བའི་ནང་དུ་བཞུགས་རྒྱུར་དགའ། གླང་རྟ་སྦྲུལ་གསུམ་གྲོགས་ལ་བཟང་།
བྱ་བ། རང་དོན་གྱི་བྱ་བ་ཐམས་ཅད་བཟང་།


བཅུ་གཅིག་པ་ཁྱི།

 མི་དྲང་པོ་ཡིན་པས་ཁྲིམས་ལུགས་དང་འགལ་བའི་བྱ་བ་མི་སྒྲུབ། རྒན་པར་གུས་བཀུར་བྱེད། རྒན་པའི་ཚིག་ལ་དང་ལེན་བྱེད། ནན་ཏན་ཡིན། རང་གཙོ་བོར་མི་འཛིན་པས་རང་ལ་འཐོབ་དགོས་པ་དག་ཧ་ཅང་ཐོབ་དཀའ། རང་གི་བཟང་ངན་གང་ཡིན་ཡང་ཕྱི་རུ་མངོན། རང་དགའ་བའི་མི་ལ་བློ་རྩེ་གཅིག་གིས་བདག་སྐྱོང་བྱེད། ཆུང་དུས་གཉེན་བསྒྲིགས་མང་དུ་བྱེད། ཚེ་སྲོག་འབྲིང་། ལོ་སུམ་ཅུ་བཞི་བཅུའི་ནང་མི་ཆེན་གྱིས་རོགས་བྱས་ཚེ་བྱ་བ་ཐམས་ཅད་བཟང་། སྡུག་རུས་དང་ལྡན་ན་དེ་བས་ལྷག སྙིང་ནད་ཚབས་ཆེ་བས་མཉམ་འཇོག་མ་བྱས་ཚེ་བྱ་བ་གང་ལ་ཡང་རང་དབང་མེད་པས་འཐོབ་དགོས་པ་དག་ཐོབ་དཀའ། སྟག་ཡོས་རྟ་གསུམ་གྲོགས་ལ་བཟང་།
བྱ་བ། དགེ་རྒན། སྨན་པ། བདག་གཉེར་བའོ།


བཅུ་གཉིས་པ་ཕག

དྲང་བདེན་སྐྱོང་བར་དགའ། མི་གཞན་པར་ཧ་ཅང་བཟང་། སྐད་ཆ་རྡབ་རྡིབ་མང་པོ་མི་བཤད།  ཁེེར་འགྲོ་ཁེར་འདུག་ལ་དགའ། སེམས་རྒྱ་ཆེ། བརྩེ་དུང་ཕྱིི་རུ་མི་མངོན་ཡང་ནང་དུ་བརྩེ་དུང་མེ་ལྕེ་བཞིན་མཆེད། ལོ་འཁོར་བཅུ་གཉིས་ལས་ཆེས་བཟང་ཤོས་ཡིན། གཞོན་ནུའི་དུས་སུ་བྱ་བ་ཐམས་ཅད་ཕྱོགས་ལས་རྣམ་པར་རྒྱལ་བ་ཡིན་པས་བརྙན་འཕྲིན་ནང་གི་ནོ་ཏྲ་དང་མཚུངས་པར་བཤད། བྱ་བ་ཅི་བྱས་ཀྱང་ཡུན་རིང་བས་མཉམ་འཇོག་བྱེད་དགོས།  ལུག་དང་ཡོས་གྲོགས་ལ་བཟང་།
བྱ་བ།  ཤེས་ཡོན་ཅན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པའོ།

ཡོངས་ཁུངས་བོད་ནང་གི་དྲྭ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s