༢༠༡༤དང་༢༠༡༥ལོའི་བར་རང་ལྗོངས་སུ་ཨེ་ཙིའི་ནད་དུག་འགོད་ཁྱབ་བྱུང་ཡོད་པའི་མི་གྲངས་ཀྱི་ཕྱོགས་བསྡོམས།


ཨེ་ཙིའི་ནད་ཞེས་པ་ནི་ཆེས་འཇིགས་སུ་རུང་བའི་འཆི་བདག་གི་གཤེད་མ་སྡུག་རྩུབ་ཅན་ཞིག་ཡིན། འོན་ཀྱང་དེས་ཨེ་ཙིའི་ནད་ཀྱི་སྔོན་འགོག་བྱ་བཞག་དང་སྨན་བཅོས་བྱ་བཞག་སོགས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་སྲིད་ཀྱི་མ་རེད་འདོད། དེ་ལས་ལྡོག་ཏེ་མི་རྣམས་ཀྱི་ཨེ་ཙིའི་ནད་ཀྱི་ཤེས་བྱ་ལ་སྔར་བས་དོ་སྣང་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཨེ་ཙིའི་ནད་ཞེས་པ་ཞིག་འདི་རྟེན་འདི་ནས་ཕྱིར་འབུད་ཐུབ་ངེས་རེད་འདོད།
མ་གཞི་ནད་ངན་དེས་མིའི་རིགས་སྟོངས་པར་བྱེད་པའི་ཉན་ཁ་ཡོད་ནའང་མིའི་རིགས་ཀྱིས་ཀྱང་ནད་ངན་དེའི་མིང་ཙམ་ཡང་གོ་བ་མེད་པ་ཞིག་ལ་འབད་ཐུབ་པའི་ཡིད་ཆེས་བརྟེན་པོ་ཡོད།


༡ ཨེ་ཙིའི་ནད་དུག་སྐོར་གྱི་ད་ལྟའི་གནས་བབས།

      མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙིའི་ནད་དུག་འཆར་འགོད་ཧྲུའུ་ཡིས་༢༠༡༤ལོར་སྤེལ་བའི་སྙན་ཞུ་ལྟར་ན། ༢༠༡༣ལོའི་ལོ་མཇུག་བར་གོ་ལ་ཧྲིལ་པོར་ཨེ་ཙིའི་ནད་དུ་འགོད་ཁྱབ་བྱུང་བའི་མི་གྲངས་ཁྲི་༣༥༠༠ལྷག་ཡོད་པ་དང་། འགོད་ཁྱབ་འགྲོ་ཚད་ཉིན་རེ་བཞིན་མི་གྲངས་༦༠༠༠ལ་འཕར་སྣོན་ཡོང་གི་ཡོད་པའི་ཆོད་བསྡོམས་གནང་འདུག དེ་ལས་སྐྱེ་པའི་མཚན་ཐུན་གཉེན་སྒྲིག་སྤྱོད་ལམ་དེས་འགོད་ཁྱབ་བྱེད་པའི་སྡུར་ཚད་ཅུང་ཆེ་བར་ཟིན་ཚུལ་གསུང་གནང་འདུག །ད་ལྟ་ཀྲུང་གོའི་ཨེ་ཙིའི་ནད་དུག་འགོད་ཁྱབ་བྱུང་བའི་མི་གྲངས་ནི་གོ་ལ་ཧྲིལ་པོའི་ཨང་༡༢ཙམ་ལ་བསླེབས་ཀྱི་ཡོད་ཅིང་། དེ་སྔོན་དང་སྡུར་ན་རྐྱེན་ལམ་དུ་ཤོར་ཚད་རྒྱ་ཆ་༦༣ཙམ་ཉུང་དུ་ཕྱིན་པར་ཆོད་བསྡོམས་གནང་གི་འདུག །
ཡིན་ནའང་འདི་ལོ་གསར་དུ་འཕུལ་བའི་སྙན་ཞུ་ལྟར་ན། ཉེ་བའི་ལོ་ཤས་ནང་བོད་ཁུལ་དུ་ཨེ་དུག་འགོད་ཁྱབ་བྱུང་བའི་མི་གྲངས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ངོས་འཛིན་གནང་བཞིན་ཡོད་ལ། འདི་ལོའི་ཟླ་༡པོའི་ཚེས་༡༡ཉིན་སྤེལ་བའི་སྙན་ཞུ་ལྟར་ན། བོད་ཡོངས་ལ་ཨེ་ཙིའི་ནད་དུག་གསར་དུ་འགོད་ཁྱབ་བྱུང་བའི་མི་གྲངས་༧༥ཙམ་ཡོད་ཅིང་། འདི་ལས་ད་དུང་ནད་རྟགས་མི་མངོན་པ་དང་ནད་པས་ནད་ངོ་མི་ཆོད་པར་རང་གར་སྣང་མེད་དུ་བཏང་ནས་ལུས་པ། དེ་བཞིན་གསང་བ་བྱས་ནས་ལུས་པའི་ནད་པའི་གྲངས་ག་ཚོད་ཡོད་མེད་ནི་ཤིན་ཏུ་ནས་ཚོད་དཔག་དཀའ་བའི་གནས་སུ་འགྱུར་ཡོད་འདུག སྙན་ཞུའི་སྐབས་ཕུར་བུ་སྒྲོལ་མས་བོད་ཀྱི་ཨེ་ཙིའི་ནད་དུག་འགོད་ཁྱབ་སྐོར་གི་གནས་ཚུལ་ཕྱི་ཕྱོགས་ལ་གསལ་བསྒྲགས་བྱེད་ཅིང་། བོད་རང་སྐྱོང་ལྗོངས་རིམ་ནད་སྔོན་འགོག་ས་ཚིགས་ཀྱི་ཀྲུའུ་རན་གཞོན་པ་ཝང་ཝན་ཅིང་གིས་ངོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་ཨེ་ཙིའི་ནད་དུག་འགོད་ཁྱབ་ལམ་བུ་གཙོ་བོ་ལུས་འབྲེལ་བྱེད་པའི་རྐྱེན་ལས་བྱུང་བར་གསུང་ཞིང་། འདི་ལོའི་སྙན་ཞུ་ལྟར་ན་བོད་ཁུལ་དུ་ཨེ་ཙིའི་ནད་དུག་འགོད་ཁྱབ་བྱུང་བའི་ཁྲོད་བརྒྱ་ཆ་༩༡.༨༩ཙམ་ལུས་འབྲེལ་བྱས་པ་ལས་འགོད་ཡོད་པ་དང་། དེ་ལས་སྐྱེ་པའི་མཚན་ཐུན་གཉེན་སྒྲིག་གིས་བརྒྱ་ཆ་༦.༧༦ཙམ་ཟིན་ཡོད་འདུག འདི་ལོའི་སྙན་ཞུ་ལྟར་ན། ཨེ་ཙིའི་ནད་དུག་འགོད་ཁྱབ་བྱུང་བའི་ཁྲོད་ཕོ་མོའི་གཉེན་སྒྲིག་སྡུར་ཚད་ནི་༢:༡ཡིན་པ་དང་། དེ་ལས་ལོ་གྲངས་༢༡ནས་༥༠བར་གྱིས་གཞོན་ནུས་ཁྱོན་ཡོངས་ཀྱི་བརྒྱ་ཆ་༨༡.༠༨ཟིན་འདུག །
ད་སྐབས་རིམ་པ་གོང་མའི་སྲི་གཞུང་གིས་བྱ་ཐབས་རབ་དང་རིམ་པ་སྤེལ་ནས་ཨེ་ཙིའི་ནད་དུག་སྔོན་འགོག་གི་ས་ཚིགས་ལོ་རེ་བཞིན་ཇེ་མང་དུ་གཏོང་བཞིན་ཡོད་འདུག་ལ། ད་བར་ས་ཁུལ་དྲུག་དུ་ཆེས་ཉེན་ཁ་ཆེ་བའི་གཞོན་ནུ་ལོ་ཆུང་དང་སྦྲུམ་མ། དེ་བཞིན་སྐྱེ་པའི་མཚན་ཐུན་གཉེན་སྒྲིག་སོགས་ལ་དམིགས་ནས་ད་བར་རྒྱལ་ཁབ་རིམ་པའི་ཨ་ཙིའི་ནད་དུག་བརྟག་དཔྱད་ས་ཚིགས་༡༣ཙམ་བཙུགས་ཡོད་ཅིང་། འཆར་གཞི་ལྟར་ན་རྗེས་སུ་མུ་ཐུད་ནས་ས་གནས་ཁག་དང་རྫོང་ཁག་༧༤ཙམ་ལ་རྟགས་དཔྱད་ས་ཚིགས་འཛུགས་རྩིས་འདུག་པས་སྤུན་ཟླ་ཚོས་ཡ་ཡུག་བྱས་ནས་མ་ཞུགས་པར་དུས་ཐོག་དུ་བརྟག་དཔྱད་དང་ནད་ངོ་ཟིན་པ་བྱས་ནས་གཞན་ལ་འགོད་ཁྱབ་མི་ཡོང་བ་དང་རང་གི་ཚེ་སྲོག་རིང་དུ་བསྲིངས་ཐུབ་པར་འབད་པ་བྱེད་དགོས་གལ་ཆེ་བར་འདུག

ཡོང་ཁུངས་བོད་ནང་གི་དྲྭ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading