སྨྱུག་མདའ།
མེ་ལོང་ངོས་ཀྱི་མྱི
ང་ཡི་མིག་མཐའ་རུ་སྐྱ་བོར་གྱུར་ཏེ
མྱི་མང་བོ་ཞིག་འཆི་བའི་ཟིན་ཐོན་རུ་བྲིས
ཞིག་རལ་ཏུ་གྱུར་བའི་ས་རྡུལ་སློག
ཚེ་སྲོག་གཅིག་རེ་གཉིས་རེ་བྱས་བཏོན་ཡོང་གིན་འདུག
འབྱུང་བ་འཁྲུགས་སོང་བ་ཡིན་ནམ
སྡིག་པ་བསགས་སོང་བ་ཡིན་མིན་གླེང་གཞིར་བཟོས
དེ་མ་གཞི་ཁོམ་སོང་བ་དག་གིས་ཁ་གདངས་ཚུལ་ཡིན
སེམས་ཀྱི་སྒེའུ་ཁུང་ཕྱེ་དང “
རྣམ་ཤེས་རྣམ་ཤེས་སུ་རྒྱུན་པའི་ལྟིག་སྒྲས་གནམ་ས་སྒུལ་བར་བྱེད
རིང་ནས་རིང་དུ་བལྟས་ན་ལག་པ་རྨ་ཤུལ་མང”
དེའང་དེད་དེད་ན”
མི་སེར་དཀྱུས་མའི་འཚོ་བ་སྨུག་པས་བསྒྲིབས་ཚུལ་རེད
ཁ་སང་གི་ལྷབ་ལྷུབ་འཐོར་གྱིན་པའི་བལ་ཡུལ”
ཉིན་ག་གེར་མོའི་མིང་ཡིག་ནག་པོ་དེ་ཡིན་སྲིད
དེའི་ཚབ་ཏུ་ཤི་ཟིན་པའི་འདས་པོ་རྣམས”
བཤད་ནས་བསྡད་ཆོག་པ་ཞིག་གཏན་ནས་མིན
དེ་དག་གི་ཤུལ་ལུས་ལ་ཚ་དྲོད་དང་རྨི་ལམ་གཞན”
ཅི་ཞིག་སྒྲུབ་རྩིས་ཡོད་དམ
ངོ་གདོང་དང་ངོ་གདོང་གྱེས་ཏེ” ཁེར་ཧྲང་དུ་བཞུད་པ་དང་ལྷག་པ
ཉིན་ཁ་ཤས་ནས་གཞུག་བཀླགས་ཚར་འགྲོ་བའི་གནའ་གཏམ་ཞིག་འདྲ་བར་འཇོག་རྒྱུ་ཡིན་པ་དེ་ཡིན་ནམ
འཁྱག་སིབ་སིབ་ཀྱི་བལ་བོའི་མི་དམངས་དབྱངས་རྟ་ཞིག
གྲིབ་མའི་གཟུགས་ཕུང་དང་མུན་པའི་རི་མོ་ཞིག་
ལྡིག་སྒྲ་དེས་རྡོ་ཡི་མེ་ཏོག་དག་གཡོ་བར་བྱས”གས་སྲུབས་ཤོར
རྣམ་རྟོག་གིས་བཞེངས་པའི་བོད་པ་ཚོས”
བྱ་་རུང་ཁ་ཤོར་ལས་མིའི་ཚེ་སྲོག་་མི་མཐོང་བ་དེ
དངོས་གནས་ཡ་མཚར་བོ་ཞིག་རེད
འབྱུང་བའི་གོད་ཆགས་ཀྱིས་ས་རྡུལ་ཏུ་བཏང་བའི་བལ་བོའི”
མི་དམངས”
ཁ་སང་དེ་རིང་འཛམ་གླིང་འུར་འུར་ལྡང་གིན་འདུག
སེམས་འགྱུ་རིགས་ཤིག་ལས་ངག་སྣ་ཚོགས་ཀོ་གྲག་གིན་འདུག
གསོལ་འདེབས་ཁོ་ནར་བསྟེན་མཁན་ཚོས
སྨོན་ལམ་གྱིས་མཚམས་སྦྱོར་གྱིན་འདུག
སྙིང་ཉེ་བའི་བལ་བོའི་ཡུལ་མི་དག
རྐང་བ་ས་ནང་དུ་བཙུགས་ཏེ་ག་ལེར་སྲིངས་ཤིག
ཚེ་སྲོག་གི་གསོན་ཤུགས་ལ་མིའི་བརྩེ་དུང་ལོས་ཡོད
ཁྱེད་ཚོ་བློ་མ་ཕམ”
ཉི་མ་ནུབ་ནས་སླར་ཤར་བ་ཆོས་ཉིད་དུ་གྲུབ་པས
སང་ཉིན་གྱི་ཕ་མཐའ་ན་སང་ཉིན་མང་པོ་རེད
བལ་བོའི་མི་དམངས་་ངུ་སྙིང་དྲག་པོ་ལས་སླར་ཡང་འཛུམ་དགོས
འབྱུང་བའི་གཏུམ་དྲག་ལས་སླར་ཡང་རྒྱལ་ངེས
བལ་བོའི་མི་དམངས་”བློ་མ་ཕམ་སེམས་མ་ཞུམ
སང་ཉིན་ལ་ད་དུང་སང་ཉིན་ཡོད་ངེས
2015/4/26 ཉིན་བལ་ཡུལ་ས་སྒུལ་ལ་གདུང་སེམས་མཉམ་བསྐྱེད་དུ་སྦྱར།
ངེད་དྲྭ་ཚིགས།