འབྲོག་མྱི།

        ཉེ་ལམ། ཨ་རིའི་ཕྱི་སྲིད་འབྲེལ་ལམ་མཐུན་ཚོགས་ཀྱིས་དམིགས་བསལ་སྙན་ཐོ་ཞིག་འགྲེམས་ སྤེལ་བྱས་ཏེ། ཨ་རིའི་ཚབ་བྱས་ནས་ཨེ་ཞི་ཡར་དབང་བསྒྱུར་བྱ་རྒྱུའི་རྒྱ་ནག་གི་འཐབ་ཇུས་ཆེན་མོ་ དེར་དམིགས་ནས། ཨ་རིས་རང་ཉིད་ཀྱི་རྒྱ་ནག་ཐད་ཀྱི་འཐབ་ཇུས་ཆེན་མོ་ཞིག་ཇུས་འགོད་གཏན་འབེབ་ བྱེད་དགོས་ལ། དེ་ཡི་ཡང་སྙིང་ནི་འབུར་དུ་ཐོན་གྱིན་པའི་རྒྱ་ནག་གི་སྟོབས་ཤུགས་སྙོམས་སྒྲིག་དང་། དེ་ལ་ལྡན་པའི་ཅུང་བཟང་བའི་གནས་བབ་ལ་མཐུན་རྐྱེན་མི་སྤྲོད་རྒྱུ། དེ་སྔོན་གཏན་འབེབས་བྱས་ཟིན་པ་དང་ད་ལྟ་ལག་ལེན་དུ་བསྟར་གྱིན་པའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་རིགས་ལ་བཅོས་བསྒྱུར་བྱས་ནས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་དམག་དོན་རྒྱ་སྐྱེད་ལ་ཚད་ཡོད་ཚུལ་མཐུན་ངང་ཚོད་འཛིན་བྱས་ཏེ་སྒོས་སུ་ཨེ་ཞི་ཡ་དང་ཡང་སྒོས་འཛམ་གླིང་ཧྲིལ་བོའི་ཨ་མེ་རི་ཀའི་ཁེ་ཕན་ལ་ཉེན་ཁ་མི་ཡོང་རྒྱུར་ཁག་ཐེག་བྱེད་དགོས། ཞེས་ནན་གྱིས་བརྗོད་འདུག
དམིགས་བསལ་སྙན་ཐོ་དེའི་ཁ་བྱང་ལ༼ ཨ་རིའི་རྒྱ་ནག་ཐད་གྱི་འཐབ་ཇུས་ཆེན་མོར་བཟོ་བཅོས༽(Revising U.S. Grand Strategy Toward China) ཞེས་བཀོད་ཡོད་པ་དང་། རྩོམ་མཁན་ནི་ཨ་རིའི་ཕྱི་སྲིད་འབྲེལ་ལམ་མཐུན་ཚོགས་ཀྱི་མཐོ་རིམ་ཞིབ་འཇུག་པ་སྐུ་ཞབས་རའོ་བྷར་ཊི བྷི་ལག་བཱ་ཡེལ་དང་ཁར་ནེ་ཇེ(Carnegie)ཐེབས་རྩའི་མཐོ་རིམ་ཉམས་ཞིབ་པ་ཨཱ་ཞི་ལི ཊེ་ལེ་སི་ལགས་གཉིས་རེད།


 
རྒྱ་ནག་ལ་ཨ་མེ་རི་ཀའི་ཨེ་ཞི་ཡའི་གོ་སའི་ཚབ་བྱེད་འདོད་ཡོད།

      སྙན་ཐོའི་ནང་། འབྱུང་འགྱུར་ལོ་བཅུ་ཕྲག་འགར། རྒྱ་ནག་ནི་མུ་མཐུད་ནས་ཨ་རིའི་འགྲན་རྩོད་འཐབ་ཡ་གཙོ་བོ་དེ་ཡིན། པེ་ཅིང་དང་ཝ་ཞིན་ཊོན་གཉིས་དུས་ཡུན་རིང་པོ་འཐབ་ཇུས་དོ་བསྡོ་བའི་གནས་སྟངས་འོག་གནས་རྒྱུའི་ངེས་པ་ཤིན་ཏུ་ཆེ། རྒྱ་ནག་དེ་ད་དུང་ཡང་ཨ་རི་བ་མང་པོའི་རེ་བ་ཇི་བཞིན་འོས་འགན་ཁུར་དུ་ལེན་པའི་ཁེ་ཕན་དང་འབྲེལ་ཡོད་ཅན་ཞིག་ཏུ་གྱུར་མེད།
དེ་མིན་སྙན་ཐོའི་ནང་ད་དུང་ཡང་། རྒྱ་ནག་གིས་འཐབ་ཇུས་ཆེན་མོ་ཞིག་གཏན་ལ་ཕབ་ཡོད། ནང་ཁུལ་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་ལ་དོ་དམ་་དང་བཏང་འཛིན་ནན་མོ་བྱེད་རྒྱུ་ དང་། རྒྱལ་ཁབ་ཕྱི་རོལ་དུ་མཐའ་འཁོར་རྒྱལ་ཁབ་དག་ལ་བསླུ་བྲིད་དང་མགོ་སྐོར་སེམས་གསོ་ བྱས་པ་བརྒྱུད་ནས་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་གོ་གནས་སྲུང་སྐྱོབ་དང་འཕེལ་ རྒྱས། དེ་ནས་རིམ་གྱིས་ཨེ་ཞི་ཡའི་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་ས་བཟུང་ནས་ཨ་རིའི་ཚབ་བྱ་རྒྱུ་དེ་རེད།
གཞི་རྩའི་དཔྱད་དཔོག་དེར་གཞིགས་ནས། སྙན་ཐོ་ཡིས་ཨ་རིས་རང་ཉིད་ཀྱི་རྒྱ་ནག་ཐད་ཀྱི་འཐབ་ཇུས་ཆེན་མོ་ཞིག་ཇུས་འགོད་ དང་གཏན་འབེབ་བྱེད་དགོས་ལ། དེ་ཡི་ཡང་སྙིང་ནི་འབུར་དུ་ཐོན་གྱིན་པའི་རྒྱ་ནག་གི་སྟོབས་ཤུགས་སྙོམས་སྒྲིག་ དང་། དེ་ལ་ལྡན་པའི་ཅུང་བཟང་བའི་གནས་བབ་ལ་མཐུན་རྐྱེན་མི་སྤྲོད་རྒྱུ། ཞེས་འབོད་སྐུལ་ཞུས་འདུག
དེ་བཞིན་ཡང་སྙན་ཐོ་ཡིས། ཨ་རིའི་ད་ལྟའི་སྲིད་ཇུས་ལ་བཅོས་བསྒྱུར་ཆེན་པོ་བཏང་ཏེ་རྒྱ་ནག་གི་དཔལ་འབྱོར་ འཕེལ་རྒྱས་དང་དམག་དོན་རྒྱ་སྐྱེད་ལ་ཚད་ཡོད་ཚུལ་མཐུན་ངང་ཚོད་འཛིན་བྱས་ཏེ་ སྒོས་སུ་ཨེ་ཞི་ཡ་དང་ཡང་སྒོས་འཛམ་གླིང་ཧྲིལ་བོའི་ཨ་མེ་རི་ཀའི་ཁེ་ཕན་ལ་ཉེན་ཁ་ མི་ཡོང་རྒྱུར་ཁག་ཐེག་བྱེད་དགོས། ཞེས་ནན་གྱིས་བརྗོད་འདུག


རྒྱ་ནག་ཚོད་འཛིན་གྱི་སྲིད་ཇུས་རབ་དང་རིམ་པ་འཛུགས་རྒྱུའི་བསམ་འཆར།

         སྙན་ཐོ་དེས་བཏོན་པའི་ཞིབ་ཕྲའི་སྲིད་ཇུས་བསམ་འཆར་ཁོངས་སུ། ཨ་རིའི་དཔལ་འབྱོར་མུ་ནས་མུ་རུ་འཕེལ་ཞིང་རྒྱས་ནུས་པའི་སྲིད་ཇུས་གཏན་འབེབ་བྱ་ རྒྱུ། རྒྱ་ནག་མེད་པའི་ཨེ་ཞི་ཡའི་ཚོང་དོན་གྲོས་ཆོད་འཇོག་རྒྱུ། རྒྱ་ནག་ལ་དམིགས་བསལ་གཟབ་ནན་ཅན་གྱི་ཚན་རིག་ལག་རྩལ་ཕྱི་བཙོང་སྲིད་ཇུས་གཏན་ འབེབ་བྱ་རྒྱུ། གཞི་རྒྱ་སྔར་ལས་ཆེ་བ། ནུས་སྟོབས་སྔར་ལས་ཆེ་བ། གསོན་ཉམས་འཁྲུག་ཆ་སྔར་ལས་ཆེ་བའི་མཁའ་དམག་དང་མཚོ་དམག་ཨེ་ཞི་ཡའི་ས་ཁུལ་དུ་གནས་རྒྱུ། ཉི་ཧོང་། ལྷོ་ཀོ་རེ་ཡ། རྒྱ་གར། དེ་བཞིན་ལྷོ་ཤར་ཨེ་ཞི་ཡ་དང་ཐེ་ཝན་སོགས་རྒྱལ་ཁབ་བར་མཛའ་མཐུན་གྱི་འཐབ་ཇུས་ འབྲེལ་བ་འཛུགས་རྒྱུ། དྲྭ་རྒྱའི་སྟེང་རྒྱ་ནག་ལ་དོ་བསྡོ་བའི་སྲིད་ཇུས་བཙན་མཁྲེགས་ཅན་ཞིག་གཏན་འབེབ་བྱ་རྒྱུ།
དེ་ལས་གཞན་སྙན་ཐོའི་ནང་། ཨ་རི་དང་རྒྱ་ནག་བར་ད་ལྟ་ལས་ལྷག་པའི་མཐོ་རིམ་དང་སྒེར་གྱི་ཐད་ཀར་འབྲེལ་མོལ་མང་པོ་བྱེད་དགོས། ཡིན་ན་ཡང་། འབྲེལ་མོལ་དེ་དག་ངལ་བ་འབྲས་མེད་ཀྱི་རྒྱ་ནག་གི་ནང་ཁུལ་ཆབ་སྲིད་ལས་དོན་རིགས། དཔེར་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མནའ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བར་སུན་ འབྱིན་བྱེད་རྒྱུ་སོགས་མིན་པར་དམིགས་ས་གཙོ་བོ་དེ་ཨེ་ཞི་ཡའི་བདེ་འཇགས་སྐོར་ཡིན་དགོས་ཞེས་ཀྱང་བཀོད་འདུག


ད་ལྟའི་ཨ་རིའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་རིགས་ནི་ཁྱབ་ཆུང་ཞིང་གོ་མི་ཆོད་པ་རྐྱང་ཡིན།

        ཨ་རིའི་ད་ལྟ་གཏན་འབེབས་དང་ལག་བསྟར་བྱེད་ཀྱིན་པའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་ནི། རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ལ་ཁག་ཐེག་བྱས་པ་བརྒྱུད་ནས་རྒྱ་ནག་དེ་རིམ་ གྱིས་རང་དབང་ཅན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་ནང་འདྲེན་ཐབས་སུ།  ཨ་རིའི་སྣེ་ཁྲིད་གྱི་གོ་ས་དང་དུས་ཡུན་རིང་པོའི་འཐབ་ཇུས་ཁེ་ཕན་ཡོད་ཚད་རིན་ དོད་བྱས་ཡོད། འཐབ་ཇུས་ཀྱི་ཆ་ནས་ཆེན་པོ་མིན་ལ་གོ་ཆོད་ཕན་འབྲས་ཅན་ཞིག་དེ་བས་ཀྱང་མིན། ཨ་རི་ལ་སྔ་ས་ནས་ཉི་མ་རེ་རེར་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ནག་ལ་དོ་ བསྡོ་བའི་སྲིད་ཇུས་ཤིག་ཡོད་ཆོག་ཅེས་སྙན་ཐོའི་ནང་བཀོད་འདུག
ཨ་རིའི་ཕྱི་སྲིད་འབྲེལ་ལམ་མཐུན་ཚོགས་ཞེས་པ་དེ། ཕྱི་ལོ ༡༩༢༡ ལོར་བཙུགས་ཤིང་། མཐུན་ཚོགས་དེ་ནི་ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་སྤྱིའི་ལས་དོན་ལ་ཞིབ་འཇུགས་ བྱེད་ཀྱིན་པའི་གཞུང་འབྲེལ་མིན་པ། ཚོགས་ཁག་གི་ལྟ་བའང་མེད་པའི་རིག་མཛོད་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རིའི་ཆེས་ཤུགས་རྐྱེན་ཅན་གྱི་ཕྱི་འབྲེལ་སྲིད་ ཇུས་ཉམས་ཞིབ་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་བྱས་ཡོད།

ངེད་དྲྭ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading