May ༢༠༡༥

ངེད། དཔྱད་རྩོམ། རྩོམ་ཡིག -0 Minutes

རྒྱལ་ཡོངས་ནས་དབུས་ལ་སྤར་བའི་འཐབ་ཕྱོགས་གཅིག

“ རྒྱལ་ཡོངས ” ནས “དབུས” ལ་སྤར་བའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས། འབྲོག་མྱི།         ཉེ་སྔོན། རྒྱ་ནག་དབུས་གཞུང་གིས་ལྷན་ཚོགས་གལ་ཆེན་ཞིག་བསྐོངས་ཡོད་ལ། དེ་ནི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་ཟེར་བ་དེ་རེད། ལོ་ངོ་དགུ་ཡི་རྗེས་ཏེ། ཕྱི་ལོ ༢༠༡༥ ལོའི་ཟླ ༥ ཚེས ༡༨ ནས ༢༠འི་བར། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་ཟེར་བ་དེ་རྒྱ་ནག་པེ་ཅིང་དུ་འཚོགས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་། དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་སྲིད་གྲོས་ཀྱི་ཚོགས་གཙོ་ཡུས་ཀྲིན་ཧྲིན་ ཚོགས་ཞུགས་གནང་བ་མ་ཟད། གཏམ་བཤད་ཀྱང་གནང་འདུག ཕྱི་ལོ ༡༩༥༠ ལོའི་ཟླ ༣ པ་ནས་ད་བར་དུ་རྒྱ་ནག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་ཐེངས ༢༠ ལ་འཚོགས་ཡོད།
རྒྱ་ནག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་སྐབས ༢༠ པ་དེ་ཕྱི་ལོ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

དེ་རིང་ང་ལྷ་ས་ན་ཡོད།

འོད་དཀར། ལྕགས་པོ་རིའི་སྲ་བརྟན་དང་། པོ་ཏ་ལའི་བརྗིད་ཉམས་ལས་མངོན་པའི་བདག་གི་ལྷ་ས། སུ་ཞིག་གིས་ལྐོག་གྱུར་གྱི་གྲོང་ཁྱེར་ལ་བསྒྱུར་དུས། ངས་ཁྱེད་ཀྱི་མཚན་མོའི་མུན་ཁྲོད་ལ་གསང་ལྟ་བྱེད་དགོས་བྱུང་། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྒྱུར་མྱོང་པའི་བདག་གི་ཡབ་མེས་ཀྱི་ལོ་རྒྱུས། གནས་འདི་ནས་པོ་ཏ་ལའི་རྡོ་སྐས་ལྟར་རྔམ་བརྗིད་ཀྱིས་བདག་གི་མིག་མདུན་དུ་མངོན་དུས། འཇིགས་སྣང་གི་གནས་འདི་ནས་ཀྱང་ང་ལ་རེ་ཞིག་ཞི་བདེ་བག་ཕེབས་ཀྱི་སྤྲོ་སྣང་ཐོབ།   བདག་གི་ལྷ་ས། དེ་རིང་ངས་པོ་ཏ་ལའི་ཐོག་བརྩེགས་ནས། ལྷ་སའི་གྲོང་ཁྱེར་ལ་གསང་ལྟ་བྱེད་དུས། གློག་འོད་ཁྲོད་འཚེར་བའི་འོད་སྣང་རེ་རེ། དུ་སྨུག་མོག་མོག་གིས་བཏུམས་པ་མཐོང་། དུས་དེར་ངའི་སེམས་ནས། སུ་ཞིག་ལ་འཁང་ར་བྱེད་དགོས་པ་ཡང་ཤེས་མ་སོང་། བཙན་པོ་ལགས། གདོང་དམར་པའི་དཔའ་མཛངས་དང་སྙིང་སྟོབས། སུ་ཞིག་གི་བྲན་གཡོག་ཏུ་གྱུར་དུས། ཁྱེད་ཀྱི་མཁའ་དབྱིངས་ནས། ངུ་ངག་དང་སྐྱོ་གདུང་འཁོར་མྱོང་ངམ། ཡང་ན་སྔོན་གྱི་མཛད་རྗེས་ལ་འཁང་ར་དང་འགྱོད་བཤགས་ཕུལ་འདོད་དམ། སྡུག་གི་མུན་ནག་ཁྲོད་ནས་རྫོགས་ལྡན་གསར་བར་རེ་སྒུག་བྱེད་པའི་གདོང་དམར་པའི་ཕུ་ནུ་ཚོའི་མཐོང་ཆོས་རེ་རེ་སེམས་སུ་དྲན་དུས། ངས་མྱི་ཡུལ་ནས་ཁྱེད་ཅག་ལ་འཁང་ར་བྱེད་དགོས་བྱུང་། བཟོད་པར་གསོལ་དང་བདག་གི་ཡབ་མེས་དག དེ་རིང་གི་ལྷ་ས་ན། ཞི་བདེ་བག་ཕབས་ཀྱི་འཛུམ་མདངས་མེད་ལ། ཡིད་ཆེས་དང་དད་འདུན་གྱི་དགོད་སྒྲ་མེད། མེ་མདའི་སྐད་སྒྲ་དང་ལྕགས་སྒྲོག་ཀྱི་སིལ་སྒྲས། ལྷ་སའི་མ་ཎི་འཁོར་ལོ་ཁྲག་གིས་བརྫིས། འཇིགས་རུང་གཤིན་རྗེ་ཡིན་ཡང་སྙིང་རྗེ་སྐྱེས་པའི་བདག་གི་རྒྱལ་ས་འདི། ད་ནི་དགྲ་བོ་འབུམ་ཕྲག་གི་སྨད་ཚོང་ཁང་དང་མཚན་ཚོགས་ཁང་དུ་གྱུར་པའི་གྲོང་ཁྱེར་འདི་  ལྷ་ས་ཡིན་ནམ། གངས་ཅན་པའི་སེམས་ནང་གི་ལྷ་ས།...
དེ་ལས་མང་པ།
ངེད། དཔྱད་རྩོམ། རྩོམ་ཡིག -0 Minutes

ཚངས་མགུར་གསར་འགྲེལ། གཉིས་པ། (རྒྱ་གྲོལ།)

རྒྱ་གྲོལ། 4、འགྲོ་ཞོར་ལམ་བུའི་སྙིང་ཐུབ། ། ལུས་དྲི་ཞིམ་པའི་བུ་མོ། ། གཡུ་ཆུང་དྲུག་དཀར་རྙེད་ནས། ། བསྐྱུར་བ་དེ་དང་འདྲ་བྱུང༌། །       མྱོང་འགྲེལ། འགྲོ་ཞོར་དུ་ཁྱོད་ནི་འཇའ་ཚོན་གྱོན་པའི་མེ་ཏོག་བཞིན་ངའི་མིག་ལམ་དུ་ཤར་བྱུང༌། བསུང་ཞིམ་འཐུལ་བའི་མིག་མདངས་རེ་རེས་ལྕགས་ཀྱུ་བཞིན་ངའི་སེམས་པ་ཁྲིད་ནས་གང་ཞིག་ལ་བུད་སོང༌། འཚོལ་བཞིན་པའི་སེམས་པ་ཕྲ་མོ་ཕངས་སེམས་ཀྱིས་ཁྱབ་ཅིང༌། ངའི་མདུན་དུ་འགྲོ་བཞིན་པའི་ལུས་འདི་ཅི་ཞིག་བོར་བ་དང་འདྲ། ངའི་ན་ནིང་རྙེད་པའི་གཡུ་དྲུག་དཀར་དེ་བོར་བ་ཡིན་ནམ།  ངས་ལྷན་སྐྱེས་སུ་བྱུང་བའི་རང་སེམས་ཕྲ་མོ་དེ་བོར་བ་ཡིན་ནམ། སྙན་ངག་གི་ཁྱད་ཆོས། སྙན་ངག་འདིས་ལུས་དྲི་ཞིམ་པ་ཞེས་པས་ཆགས་ཉམས་ཤས་ཆེ་ལ། གཡུ་ཆུང་དྲུག་དཀར་ཞེས་པ་དང་འབྲེལ་བས་རིན་ཐང་ཆེ་བར་དགོངས་ཤིང་དེ་ལས་ཉམས་འགྱུར་དབང་མེད་དུ་ཐོན་འོང༌། ལམ་དུ་འཕྲད་པའི་བུ་མོ་དེ་དང་གྱེས་པའི་དྲན་གདུང་དེ་གཞན་ལས་ཤུགས་དྲག་པོ་ཞིག་ཡོད་པ་སྟེ།  དེ་ནི་ཆགས་པ་འདྲེས་པའི་དྲན་གདུང་ཞིག་སྟེ། ལུས་དྲི་ཞིམ་པའི་ཚོར་བ་དེ་དྲན་པ་སྔར་ལས་ལྷག་པར་ཟབ་ཅིང་འབྱམས་པར་གྱུར། 5、མི་ཆེན་དཔོན་པོའི་སྲས་མོ། ། ཁམ་འབྲས་མཚར་ལུགས་བལྟས་ན། ། ཁམ་སྡོང་མཐོན་པོའི་རྩེ་ནས། ། འབྲས་བུ་སྨིན་དང་འདྲ་བྱུང༌། །      མྱོང་འགྲེལ། ངའི་ཡིད་ལ་མེ་ཏོག་བསུ་བའི་ཁྱོད།...
དེ་ལས་མང་པ།
ངེད། དབྱིན་བསྒྱུར། བསྒྱུར་རྩོམ། -0 Minutes

འགྲོ་བ་མིའི་དོན་དུ་སྒྱུ་རྩལ་བསྐྲུན།

སོར་རིན་ནཱེ་ཆེན(སུའུ་ལེན)   སྙིང་བུས་བསྒྱུར།      འགྲོ་བ་མི་ལ་གནའ་རབས་ནས་འཛམ་གླིང་རྩོམ་རིག་ཅེས་པ་ཞིག་ཡོད། དེ་ནི་མི་རིགས་རྩོམ་རིག་གི་ཡང་སྟེང་དུ་གྲུབ་པ་ཞིག་དང་། དེ་དང་གཞི་གཅིག་ཏུ་འབྲེལ་བ། ངོ་བོ་གཅིག་ཏུ་འདྲེས་པ། རྩོམ་རིག་བསམ་བློའི་རླབས་རྒྱུན་ཏུ་འདུས་པ་ཡིན། འོན་ཀྱང་། འདིའི་བརྒྱུད་རིམ་ལ་དུས་ཡུན་རིང་བོ་ཡོད་པས།ཀློག་པ་བོ་དང་རྩོམ་པ་བོས།  སྐབས་རེར་མི་རབས་མང་བོ་སོང་རྗེས་ད་གཟོད་རྒྱལ་ཁབ་གཞན་པའི་རྩོམ་པ་པོ་ངོ་ཤེས་པ་དང་རྒྱུས་ལོན་ཐུབ། རྒྱུ་དེའི་རྐྱེན་གྱིས་ཕན་ཚུན་བར་ཤུགས་ཐེབས་པ་འགོར་འགྱངས་བྱས། མི་རིགས་སོ་སོའི་རྩོམ་རིག་ཕྱོགས་གཅིག་ཏུ་འདུས་ནས་འཛམ་གླིང་རྩོམ་རིག་གི་སྲོག་རྒྱུན་ཏུ་གྱུར་ཏེ། དུས་སྐབས་དེར་ནུས་པ་གཙོ་འདོན་བྱེད་མ་ཐུབ་པར། བུ་རབས་ཚ་རྒྱུད་ལ་ཤུགས་རྐྱེན་ཐེབས་པ་ཙམ་ཡིན།  ལས་བསྐལ་བཟང་བས།   དེ་རིང་རྒྱལ་ཁབ་སོ་སོའི་ཀློག་མཁན་དང་རྩོམ་མཁན་ཕན་ཚུན་བར།  འགྲིམ་འབྲེལ་དང་ཤུགས་རྐྱེན་ཐེབས་པར་དུས་ཚོད་ཆེར་བསྟུང་ཡོད།   དོན་འདི་ང་རང་ལ་ལུས་སེམས་ངོས་ཉིད་ཀྱི་ཚོར་མྱོང་ཡོད།  རྒྱལ་ནང་ནས་དཔེ་སྐྲུན་བྱེད་མི་ཐུབ་པའི་ངའི་བརྩམས་ཆོས་དག   ལོ་ཙྭ་བའི་སྨྱུ་གུ་དེ་དག་ཇི་འདྲ་ཧོལ་རྒྱུག་བྱས་ཀྱང་། གང་ལྟར་འཛམ་གླིང་ས་ཁུལ་སོ་སོར་ཐོས་མྱོང་ཡོད་པར་གྱུར། ཉེ་བའི་ལོ་འདི་དག་ལ།   ངའི་བརྩམས་ཆོས་དང་ངའི་རང་དབང་དམ་དུ་བཏགས་དུས་སུ།  དེ་དག་རྟེན་ས་ཆགས་ས་མེད་པར “ལྗིད་ཚད་ལྡོག་ཤུགས” ཆོས་ཉིད་ཀྱི་རྣམ་པས་དབྱིངས་སུ་འཕྱང་དུས། བསམ་ཡུལ་ལས་འདས་པ་ཞིག་ལ། རྒྱལ་ཁབ་སོ་སོའི་ལས་མཐུན་གྲོགས་པོ་རྣམས་ཀྱིས་རྒྱབ་སྐྱོར་མཛད་པའི་བཀའ་དྲིན་ནི་སྨྲ་བརྗོད་ཀྱིས་ནུས་པ་ཞིག་མ་ཡིན། དོན་འདིས་ང་ལ་འཛམ་གླིང་རྩོམ་རིགས་ནི་སྒྲ་སྤྱི་ཙམ་གྱི་ཐ་སྙད་ཅིག་མ་ཡིན་པར།  དེ་ནི་རྣམ་པ་ངེས་ཅན་ཡོད་པ།  འགྲོ་བ་མིའི་སྤྱི་མཐུན་གྱི་བསམ་བློ་འདུས་པ།    གཅིག་གྱུར་གྱི་ཁྲག་རྒྱུན་རྒྱུ་བའི་སྙིང་གི་དུམ་བུ་ཞིག་ཡིན་པ་ཤེས་སུ་བཅུག   དོན་འདིས་འགྲོ་བ་མིའི་བསམ་བློའི་ཁ་ཕྱོགས་གཅིག་མཐུན་ཡིན་པ་མཚོན་ཐུབ་སྨྲ་མི་དགོས་པར། ...
དེ་ལས་མང་པ།
ངེད། -0 Minutes

སྔགས་རིམ་ཆེན་མོ།

སྔགས་རིམ་ཆེན་མོ། ཕབ་ལེན་གནོངས། རྩོམ་པ་པོ།  རྗེ་ཙོང་ཁ་པ། བརྗོད་བྱ།  གསང་སྔག སྤྱིའི་དེབ་ཨང་།  0108 དེབ་ཨང་།  G-ng009 དྲྭ་དེབ།   PDF འཕྲུལ་དེབ་བཟོ་སྐྲུན་པ། སེར་སྨད་འཇམ་དབྱངས་བསོད་ནམས། ཕྱི་ལོ ༢༠༡༥ ཟླ ༠༥ ཚེས ༢༨ ཉིན་དྲྭ་ཐོག་ལ་བཀོད།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

གསར་སྨྱུག་གི་ཚོམས། (བོད)

རི་མོར་བབས་པའི་རྟོག་འགྱུ།  སྤྲིན་པ། ལྗོན་པའི་མགོར་བབས་པའི་བྱེའུ་དེ། མཚར་སྣང་ལས་ཐོན་པའི་མེ་ཏོག་ཅིག་གོ། བདག་ཇི་སྲིད་དུ་གསོན་ནམ། གོར་མར་ཕབ་པའི་ཡིག་ཆུང་གི་ཚོམ་བུ་འདི། བདག་གི་བླ་སྲོག་གི་གཏིང་རིམ་ན་ཉུལ་བའི་ན་ཟུག་ཡིན། ཚོར་ཤེས་དང་རྟོག་པས་ངག་འབྱིན་ཚེ། འཇིག་རྟེན་གྱི་ཀུན་རྟོག་དག་ཀྱང་ཡོམ་ཡོམ་འགུལ་ངེས། གློག་དམར་འུར་འུར། མེ་ལྕེ་ཡང་འུར་འུར། ངག་མི་སྨྲ་བའི་བདག་གི་སྙིང་གི་འཕར་ལྡིང་དེ། སྙིང་ཁྲག་གི་བཞུར་ལམ་བརྒྱུད་དེ། དཀར་གཙང་གི་ཤོག་ངོས་འདི་རུ་བསྐྱུགས། དེ་ནས་འཕུར་བའི་བྱེའུ་ཆུང་ཆུང་དེས་ཀྱང་། བར་སྣང་གི་ཁམས་ནས་རང་གི་ལྡོག་ལམ་སྟོར། དེ་དུས། ཞེ་སྡང་འུར་འུར། འགྲན་སེམས་འུར་འུར། སྲིད་པར་ལུས་པའི་རྐང་རྗེས་འདི། དམྱལ་ཁམས་ནས་ཐོན་པའི་གླུ་སྐད་འདི། མི་མངོན་པའི་དབྱིངས་ནས་བདག་གི་པང་ལ་ལྷུང་བ་ན། བདག་ཀྱང་སེམས་ཁྲལ་གྱི་བེམ་པོ་ཞིག་ཏུ་མ་གྱུར་བར་སྡོད་མ་བཟོད། ཆེས་སྐྲག་སྣང་གིས་བསྐྲུན་པའི་མཚན་ཐུན་རེ་རེ། བདག་གི་རྨི་ལམ་ནང་གི་པོ་ཏཱ་ལ། རྟོགས་བརྗོད་རེ་རེའི་མཚམས་ན་སིམ་པ་མེད་མཁན་དེ་ཁྱེད་རང་ཡིན་ནམ། དེས་ན། བདག་གི་བླ་སྲོག་ཁྱེད་ལ་འབུལ། བདག་གི་རྣམ་ཤེས་ཀྱང་ཁྱེད་ཀྱིས་བཙོན་དུ་འཇུག་རོགས། ཡང་ན། མེ་ཕུང་གི་སྙན་ངག་འབྲི་མཁན་དག་ཀྱང་ང་ཚོ་ཡིན་ཆོག ༢༠༡༥/༤/༡༨/ རླུང་བུ།  ...
དེ་ལས་མང་པ།