གླུ་ཚིག བཅུད་པར་རྫ་སྐྱེས།
ཕ་ཡུལ་གངས་ལྗོངས་ཁྱེད་ནི་སྲིད་རྩེ་དག་པའི་ཞིང་ཁམས་ཡིན།
སྔོ་བསང་དྭངས་གཙང་གི་མཁའ་དབྱིངས་ན་རྒྱུ་བའི་སྤྲིན་དཀར་གྱི་ཚོམ་བུ་རེ་རེ།
ངའི་མཚན་མོའི་རྨི་ལམ་དུ་འཁོར་དུས།
ངའི་ཡ་ཆུང་སེམས་པར་སྨུག་ལོང་དེ་འཐིབས་འོང་།
ཕ་ཡུལ་དྲན་གདུང་གིས་ན་ཟུག་རེ་རེ།
ས་མཐར་ཁུར་ནས་ལོ་ཟླ་གཅིག་ཤོར་གཉིས་ཤོར།
ཁད་ཀྱིས་རྒྱང་དུ་བཞུད་དུས།
ཕ་ས་གངས་ལྗོངས་ཁྱེད་ནི་སྙིང་ནས་དྲན་བྱུང་། དྲན་བྱུང་་་་་་།
ཕ་ཡུལ་གངས་ལྗོངས་ཁྱེད་ནི་སྲིད་རྩེ་དག་པའི་ཞིང་ཁམས་ཡིན།
མུ་མཐའ་མེད་པའི་རྩྭ་ཐང་ཡངས་པོ་དེ།
ངའི་མཚན་མོའི་རྨི་ལམ་དུ་འཁོར་དུས།
འཛུམ་ཆུང་གི་ཡིད་དབང་འགུག་པའི་འབྲོག་མོའི་གླུ་སྐད་རེ་རེ།
ད་དུང་ས་མཐའ་ནས་བདག་གི་ཡ་ཆུང་ན་རུམ་པའི་དུངས་པ་ཡིན་་་་་།
སྡུག་ཡུས་ཀྱི་ན་ཟུག་ས་མཐར་ཁུར་ནས་ལོ་ཟླ་གཅིག་ཤོར་གཉིས་ཤོར།
ཁད་ཀྱིས་རྒྱང་དུ་བཞུད་དུས།ཕ་ས་གངས་ལྗོངས་ཁྱེད་ནི་སྙིང་ནས་དྲན་བྱུང་། དྲན་བྱུང་་་་་་།
ཕ་ཡུལ་གངས་ལྗོངས་ཁྱེད་ནི་སྲིད་རྩེ་དག་པའི་ཞིང་ཁམས་ཡིན།
ང་ཡི་ལྟེ་ཁྲག་འཐོར་སའི་མཐིང་སྨུག་སྦྲ་ནག་འདི།
ང་ཡི་མེས་པོའི་ཕ་ཁྱིམ་སྨུག་པོ་ཡིན།
ངའི་མཚན་མོའི་རྨི་ལམ་དུ་འཁོར་དུས།
རྩྭ་ཐང་ན་ཡན་པའི་རྟ་ཕོའི་འཚེར་སྐད་དང་།
ནོར་ནག་གི་ངུར་བྱང་།
གཡང་དཀར་ལུག་གི་འབའ་སྒྲ་རེ་རེ།
ད་དུང་བདག་གི་སེམས་གཏིང་ན་རུམ་ཡོད།
དྲན་པའི་སྐྱོ་གདུང་ས་མཐར་ཁུར་ནས་ལོ་ཟླ་གཅིག་ཤོར་གཉིས་ཤོར །
ཁད་ཀྱིས་རྒྱང་དུ་བཞུད་དུས།
ཕ་ས་གངས་ལྗོངས་ཁྱེད་ནི་སྙིང་ནས་དྲན་བྱུང་། དྲན་བྱུང་་་་་་།
༢༠༡༤་ལོའི་ཟླ་༣་ཚེས་༡༨་ཉིན་གངས་སྐྱིད་དུ་བྲིས།
ངེད་དྲྭ་ཚིགས།