གཟུངས་ཕྱུག་སྐྱིད།
མར་མེ་འབར་ཐེངས་རེ་རེར།
ངས་ནག་ཐིང་ཐིང་གི་མུན་པ་སྒོ་མེད་ཅིག་མཐོང་བྱུང་།
ད་དུང་མུན་པའི་ནང་གི
སེམས་པ་ཁྲི་ཕྲག་གི་མིག་ཆུ་དང་མྱ་ངན།
ཡང་ན་སྐྱོ་ངལ་གྱི་ཉམས་འགྱུར་མཐོང་བྱུང་།
འདི་ལྟར་ཉི་ཤར་ནས་ས་སྲོད་ཀྱི་བྱུང་རིམ་རིམ་རེ་རེ།
སུ་ཞིག་ལ་འདི་ལྟར་མིག་ཆུ་མང་ཞིང་མྱ་ངན་ལྕི་དོན།
སྙིང་ཉེ་བའི་རི་ཆུ་དང་
གཞན་དག་གི་ཆེད་དུ་མིན་ནམ།
དཀོན་མཆོག་མི་མཐོང་བའི་མཚན་གཞུང་ནས།
གཞུང་དྲང་དང་ཞི་འཇམ་གྱི་ཚེ་སྲོག་ཞིག་ཇི་ལྟར་གསོན་འོས།
བདག་ལ་གསུང་རོགས་གནོངས།
སྙིང་ཉེ་བའི་ངག་གི་འབོད་པ་དང་མིག་གི་བརྩེ་འདང་ཡོད་ཚད།
ད་ནི་མུན་པའི་བར་ཐག་ལ་ལག་ཟུང་རྐྱོངས་དང་།
ཞི་བདེ་ཁ་རླངས་ཀྱིས་བསྣུབས་ཀྱིན་པའི་དེ་རིང་།
ཚེ་སྲོག་ཞིག་གི་ཤི་གསོན་ནི་ཁྱེད་ཀྱི་ཁྱིམ་གཞི་དང་དངོས་ནས་འབྲེལ་ཡོད།
མར་མེ་འབར་ཐེངས་རེ་རེར།
ང་ཁོ་ན་མུན་པའི་ཀློང་རིམ་ནས་འདུག་མི་འདོད།
སང་ཉིན་ལ་ཡོད་འོས་པའི་འོད་ཀྱི་གཤོག་པ་ཞིག
མཐར་ཐུག་གི་མཛེས་པ་བཙལ་ཆོག་པའི་རང་དབང་གི་རྨི་ལམ་ཞིག
བདག་གི་ཉམས་མེད་ཀྱི་ཚེ་སྲོག་ལ་སྩོལ་རོགས
བདག་གི་དུས་གསུམ་གྱི་ས་གཞི་ལ་གནང་རོགས།
༢༠༡༥ ༥ ༢༧ཉིན།
ངེད་དྲྭ་ཚིགས།