སྣང་བའི་ངོས། (བོད)

_____མྱུལ་ཞིབ་པ།   (བོད)

སྣང་བ་རབ་རུབ་ཀྱི་སྒྱུ་མ་ཡིས་བསླུས་ནས།།
འཇིག་རྟེན་ཁྲ་ཁྲ་ལ་ཞེན་ལོག་རེ་ཡོད་ན།།
མ་བཅོས་བདེན་པ་ཡི་ངེས་འབྱུང་རང་མིན་པས།།
ད་དུང་བག་ཡངས་ཀྱིས་ཉམས་ཚུལ་དག་ཨེ་བསྟན།།

རྨོངས་པ་བན་བུན་གྱི་འཁྲུལ་བ་ཡིས་བསླུས་ནས།།
འགྲོ་སྟངས་ག་ཤེད་ལ་ཡིད་ཆད་རེ་ཡོད་ན།།
མ་འཆུག་དོན་དམ་གྱི་འཛིན་སྟངས་རང་མིན་པ།།
བསྟུད་མར་ཐོལ་བྱུང་གི་སྙན་ངག་ལས་ཨེ་བསྟན།།

འཁྲུལ་བ་ལང་ལོང་གི་རྣམ་རྟོག་གིས་དྲུད་ནས།།
མི་སེམས་ཆུང་ཆུང་ལ་རྫོབ་སྣང་རེ་ཤར་ན།།
མ་ནོར་རྣམ་དག་གི་གནས་ཚུལ་རང་མིན་པ།།
བསླུ་མེད་ཡབ་ཡུམ་གྱིས་དུས་རྟག་ཏུ་ཨེ་བཤད།།

དུང་ཞེན་ཡར་ཡོར་གྱི་མུན་པ་ཡིས་བཟུང་ནས།།
ཞེན་པ་ངའོ་ཡི་སྙམ་ཚུལ་དག་མཆིས་ན།།
གྲུང་བོའི་བློ་སེམས་ཤིག་ཡེ་ནས་མིན་པ།།
མགོན་གྱིས་ཉིན་བཞིན་དུ་གསུངས་པ་ཨེ་དྲན།།

རྨི་ལམ་འཁྱར་འཁྱོར་གྱི་བག་ཆགས་ཀྱིས་བཏུལ་ནས།།
རྫིག་པོ་ང་འདྲ་རེ་ཤར་ཚུལ་རང་ཡོད་ན།།
མི་བདེན་རྨི་ལམ་གྱི་རྟོག་འཆར་རེ་ཡིན་པ།།
ཆོས་རྣམས་སྒྱུ་མ་དང་འདྲ་ཚུལ་ལས་ཨེ་བཤད།།

ཚོར་བ་མག་མོག་གི་འཆར་རྟོག་གིས་བརྫངས་ཏེ།།
ཐམས་ཅད་དབང་ཆོག་གི་འདོད་ཧམ་རེར་འཕྲད་ན།།
མི་འགྲིག་སེམས་ངོགས་ཀྱི་བཞེང་བསྐྲུན་རང་ཡིན་པ།།
ནམ་རྒྱུན་བཤེས་གཉེན་གྱིས་གསུངས་བ་དག་ཨེ་དྲན།།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s