རྒྱལ་བ་ཡིད་བཞིན་ནོར་བུ།

གྱ་སྟོན་དུ་གུས་ཕུལ་ལོ།

བཅུད་པར་རྫ་སྐྱེས།   (ཨོ་སི་ཁྲོ་ལི་ཡ )

མདོ་སྨད་ཞིང་མཆོག་རིག་པའི་གྲོང་ཁྱེར་ནས།།
ཚོགས་གཉིས་མཐུ་སྟོབས་བསོད་ནམས་ལྷུན་གྲུབ་ལས།།
གངས་ཅན་ཉི་ཟླ་ཟུང་གི་འོད་སྣང་འཁྲུངས།།
ལོ་རྒྱུས་མཛད་པ་བསྐལ་པའི་རྡོ་རིང་ཉིད ། །

ཕ་ཡུལ་གངས་རིའི་བཙན་རྫོང་ཞབས་ཀྱིས་འཇལ།།
གངས་ཅན་རྒྱལ་བསྟན་དར་རྒུད་ཀུན་ལ་གཟིགས།།
ཀླ་ཀློའི་སྡུག་རྩུབ་གཤེད་མའི་ངོ་གདོང་ལ།།
འཕགས་ཡུལ་བོད་གཞུང་གསེར་མཁར་གྲུ་བཞི་བཞེངས།།

ཐེག་པ་ཆེན་པོས་བརྩེ་ཆེན་གཅིག་ཏུ་བསྡུས།།
སྟོན་པ་གཉིས་པའི་མཛད་པ་ཁུར་དུ་བཞེས།
འཇིག་རྟེན་འགྲོ་བ་ཀུན་ལ་རྗེས་བཟུང་བས།།
ས་སྒང་ཆོས་བརྒྱུད་རིས་མེད་བརྩེ་བས་སྦྲེལ།།

སྲོལ་རྙིང་མཁྲེགས་འཛིན་སྒྲོག་གིས་མ་བཅིངས་པར།།
ནང་བསྟན་ཚན་རིག་གཉིས་ཀྱི་ཡང་དག་བསྡུར།།
བསླུ་མེད་ཚད་མའི་བཞེད་དགོངས་ཐབས་ལམ་བཙལ།།
བདེན་པའི་ཚད་མ་སྲིད་པའི་རྒྱན་དུ་བསྒྲེངས།།

གངས་ཅན་རྒྱལ་ཁམས་དམངས་གཙོའི་སྲོལ་དུ་་ཕྱེས།།
ཆོས་སྲིད་ལུགས་གཉིས་སོ་སོར་དབྱེ་བ་མཛད  །།
ལོ་རྒྱུས་དེབ་ཐེར་གསར་བའི་གླེགས་བམ་འདི  །།
ཕྱི་རབས་བོད་ལ་བཞག་པའི་མཛད་པ་མཆོག།

2015་6་13 ཉིན་འབྲོག་བུ་སྤྲང་འཁྱམས་པ་བཅུད་པར་རྫ་སྐྱེས་སུ་འབོད་པས་ཨོ་གླིང་དུ་རྒྱལ་བ་རིན་པོ་ཆེ་ཡི་གྱ་སྟོན་ལ་སྙིང་ཁུང་རུས་པའི་སྟེང་ནས་འཚམས་འདྲིའི་ཁ་བཏགས་ཤིག་གི་ཚུལ་དུ་སྦྱར་བའོ།

                                                    ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s