བོད་ཀྱི་གསར་སྐྱེས་བུ་མོ་ཞིབ་འཇུག་སློབ་མ་གཉིས།

༧སྐུའི་གྱ་སྟོན་ཉིན་སློབ་མཐར་ཕྱིན་པའི་བོད་ཀྱི་གསར་སྐྱེས་བུ་མོ་ཞིབ་འཇུག་སློབ་མ་གཉིས།

         ༧    གོང་ས་མཆོག་དགུང་གྲངས་༨༠ ཕེབས་པའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདི་ལ།  ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་སྲིད་གཞུང་མཇུག་སྒྲིལ་ནས་འཛམ་གླིང་ནང་མང་གཙོ་ལམ་ལུགས་དར་སྤེལ་དང་སྲ་བརྟན་ཡོང་བར་ཆེད་དུ་དམིགས་ཏེ༡༩༩༡ ལོར་གསར་དུ་བཙུགས་པའི་དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་རུ། བོད་ཀྱི་གསར་སྐྱེས་བུ་མོ་གཉིས་སློབ་མཐར་ཕྱིན་འདུག   བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་(གཡོན་གྱི་མིག་ཤེལ་གྱོན་མཁན) རྒྱ་གར་ནང་ནུབ་ཕྱོགས་རྩོམ་རིག་སྐོར་ལ་སློབ་མཐར་ཕྱིན་རྗེས།  ཡིག་རྒྱུགས་ལམ་ནས་དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོར་འདེམས་ཐོན་བྱུང་བ་མ་ཟད།  སློབ་ཡོན་ཆ་ཚང་ཐོབ་ནས་དེ་རིང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཞིབ་འཇུག་སློབ་མའི་ཕྱག་རྟགས་བཞེས་ཐུབ་པ་བྱུང་ཡོད།
བུ་མོ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་ཨ་རིའི་བེ་སི་ཀོན་སིན་མངའ་སྡེའི་ནང་གི་མེ་ཌི་སིན་མཐོ་སློབ་ནང་ཆབ་སྲིད་ཚན་རིག་སྐོར་ལ་སློབ་མཐར་ཕྱིན་རྗེས།  དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་ལ་སློབ་ཡོན་ཆ་ཚང་ཐོབ་ལ།  དེ་རིང་སློབ་གྲྭ་ཆེན་མོ་འདིའི་ནང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སྐོར་ལ་ཞིབ་འཇུག་སློབ་མའི་ཕྱག་རྟགས་བཞེས་ཐུབ་པ་བྱུང་ཡོད།

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s