ཁ་བ་འདིའི། (བོད།)

སྤྲང་འཁྱམ་ལུད་པོ།

གཅིག

ཕར་ཆེར་དོ་ནུབ་ཀྱི་ཁ་བ་འདིས།
ངའི་རི་ལུང་ཡོད་ཚད་དཀར་པོར་བསྒྱུར།
ཁ་བ་འབབ་སྟངས་འདི།
ཆེ་དྲགས་པས།
ངའི་དར་ལྕོག་དང་སྦྲ་ནག
ངའི་ལབ་ཙེ་དང་རི་ལུང་ཡོད་ཚད།
དོ་ནུབ་ཀྱི་ཁ་བའི་ཁྲོད་ན་ཤིན་ཏུ་འཁྱག།
ཤིན་ཏུ་གཉོམ་དྲག་པས།
ངའི་ཕ་ཡུལ་གྱི་རི་ཆུ་ནག་གསུམ་འདི་ཚོ།
དོ་ནུབ་ད་དུང་ཁ་བ་འདིས་གཡོགས་འདུག།


གཉིས་པ།

དོ་ནུབ་ཁ་བ་འདིའི་གསེབ་ན།
འདབ་ཆགས་ཚོ་འདར་སིག་སིག།
ལྡོང་འགོ་ནས་གཡས་འཕུར།
གཡོན་འཕུར་བྱེད་བཞིན་འདུག
ད་དུང་ཉི་མ་ཞིག་ཡེ་ནས་འཆར་རྒྱུ་མི་འདུག།
ཁ་བ་ཉིན་རེ་ཇེ་མཐུག་རེད།
འདིའི་ཉེ་འཁོར་གྱི་མི་ཚོ་ངུ་བཞིན་འདུག།
འདབ་ཆགས་ཚོས།
དགུན་འབུའང་ཉིན་རེ་བཞིན།
ཁ་བའི་གཡོག་བཞིན་འདུག།


གསུམ་པ།

ས་རུབ་ཐེངས་རེ་ལ།
གློག་ཀྱང་མི་འདུག།
ད་དུང་་གནམ་མཁའ་ན།
ཟླ་འོད་དང་ཉི་འོད་ཅིག་ཡེ་ནས།
མཐོང་རྒྱུ་མི་འདུག།
ངའི་འདི་ལྟར་སྒེའུ་ཁུང་ངོགས་ནས།
ཕྱི་རོལ་ལ་ལྟ་བཞིན།
ལྷིང་འཇགས་སེ།
སྙན་ངག་འབྲི་དུས།
གཉིད་ཅིག་ཡེ་ནས་མ་ཁུག་ཐལ།
དཀོན་མཆོག་མཁྱེན།
སང་ཉིན་གནས་འདིར།
ཉི་འོད་ཅིག་ཡོད་པར་སྨོན།

2010་ལོའི་ཟླ་༦་པའི་མཚན་མོར་ཁ་པར་ལས་གནས་ཚུལ་ཤིག་ཐོས་རྗེས་བྲིས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s