རྨས་མ།

གློག་ཞགས།  (ཨ་རི)


དགོང་མོ་དེར།  ཐ་མག་གིས་ང་རང་འཐེན།
དམ་བུའི་ནང་དུ་འཁྱུལ་པའི་དྲན་གདུང་གིས།
འོད་ཀྲིག་ཀྲིག   འོད་ཀྲིག་ཀྲིག་མཆུ་མ་གཏོང་དུས།
ཐ་མག་ལའང་བྲེལ་འཚུབ་གཞན་ཞིག་ལངས་བྱུང་།
སྔོ་ཤ་རེར།  ང་ལ་གཡས་སྐོར་རམ་གཡོན་སྐོར་རེ་རྒྱག་ཙམ་གྱིས།
ཆང་ཕོར་དང་ངེད་གཉིས་གཡུགས་ནས་ཕ་ཡུལ་ལ་འཕུར་འགྲོ་གིན་འདུག

གནམ་མཁར་ཡང་རློམ་རྒྱུ་མི་འདུག
རླུང་དང་ཁོ་གཉིས་ཀའི་ཁོག་གཅིག་ཡིན་ས་རེད།

བསེར་བུའི་གཡུག་སྟངས་ལ་ངེས་ཆ་མེད་མོད།
འཇིག་རྟེན་ལ་གནས་ལུགས་མེད་ན།  སྔོ་ཤ་རེར།
འཕུར་སྟངས་ཚང་མ་ཕ་ཡུལ་ཞིག་རེད།

ངས་ཆང་ཕོར་དུ་འཁྱིལ་པའི་དྲན་གདུང་མྱིད་ཐེངས་རེ་ལ།
གྲོད་ཁོག་ལས་ར་མ་རེའུ་འཇག་དང་མེ་ཏོག་གད་ཡོང་།
ཏག་ཏག་ཕ་ཡུལ་གྱི་དབྱར་གཞུང་ལ་ཁེལ་འདུག
སྤྲ་གུར་དང་རྟ་ནོར་ལུག་གསུམ།  རྫ་ལུང་དུ་འཁྱུད་པའི་ངའི་དུད་སྤྲིན།
གོ་ལ་མི་གོ་བའི་རྫི་གླུ་དེ།   དོན་དུ་བུ་མོ་ཞིག་གི་ལ་གཞས་རེད།

ངས་རྩི་ཁོམ་མེད་པའི་ཐ་མག་གི་འཕྱོ་སྟངས་ཡ་མེད་དུ་བཏང་ནས།
ཆང་ཕོར་གྱི་དྭངས་གཙང་ལ་ཤུགས་ཀྱིས་ཅེར་དུས།
སྐབས་རེར་ཨ་མ་དང་ཕུ་ནུ་གསལ་བོར་མཐོང་མོད།
ལན་རེར་མག་མོག་དུ་འགྱུར་སྲོལ་ལ་བལྟས་ན།
མ་གཞིར་ང་ཕ་ཡུལ་ལ་ཤར་བའི་ཚེས་རིས་ཤིག་ཡིན་སྲིད།

ངས་ལོ་ངོ་དུ་མའི་ཁ་པར་གཡུགས་ནས་རྩྭ་ཐང་ལ་བྱིལ་བྱིལ་བྱེད་དུས།
མེ་ཏོག་འཛུམ་ཡོང་ལ།   རི་ཆུ་ངུས་སོང་།
ད་དུང་གསལ་ལྷང་ལྷང་གི་སྟུག་སྒྲ་གཞན་ཞིག་ཐོས་པ་དེ་ནི།
རྨས་ཟིན་པའི་རྩྭ་ཐང་གི་སྙིང་རྩ་དང་ངའི་གློ་མཆིན་ཡིན་ངེས།

2015/06/30

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s